དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་དང་ཁྲལ་བསྡུའི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-25

    ཚེས་23ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་གནང་བ་དང་འབྲེལ་ཁྲལ་བསྡུའི་དོ་དམ་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུ་དེ་ནི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་ལ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། “བཅད་གཉིས་ཁུལ་བཞི་དང་བརྒྱུད་ལམ་གཅིག”བསྐྲུན་རྒྱུ། སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།ཉེ་བའི་ལོ་ཤས་རིང་དང་ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་སོགས་ལས་དོན་ཁག་ལ་སྐུལ་འདེད་བཏང་བར་བརྟེན་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གྲོང་ཁྱེར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་གྲོང་ཁྱེར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་བོད་ཀྱི་ནང་གནས་ཆོས་ཉིད་དང་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། དུས་བསྟུན། སྟངས་འཛིན་བཅས་བྱས་ནས་མི་རྩ་བར་འཛིན་པ་དང་། ཐོན་ཁུངས་བསྡུ་སྒྲིལ། འཆར་འགོད་སྔོན་དུ་བྱེད་པ། འཛུགས་སྐྲུན་དང་དོ་དམ་མཉམ་འཛིན། ཁྲིམས་ལྟར་བཅོས་སྐྱོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་རིགས་ཀྱི་གོམས་གཤིས་ལ་སྣང་ཆེན་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་པ་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འདུ་ཤེས་ཁྱབ་པ་བྱས་ནས་གྲོང་ཁྱེར་གྱི་ནང་གནས་ཀྱི་འཕེལ་རྒྱས་ནུས་པ་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་འཕྲོད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ས་མཐོའི་གྲོང་ཁྱེར་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཁྲལ་བསྡུའི་དོ་དམ་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་དེ་ནི་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གཞི་རྩའི་བླང་བྱ་ཞིག་ཡིན་པ་དང་། ཁྲལ་འཇལ་མཁན་གྱི་རེ་སྒུག་དང་མཐུན་པའི་དམངས་སེམས་འདུ་འགོད་ཞིག ནོར་ཁྲལ་སྒྲིག་གཞིའི་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་བཅས་ཡིན། མང་ཚོགས་ལ་སྟབས་བདེ་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་ལས་དོན་སྒྲུབ་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་བསྟུན་ནས་དེ་བས་ཚད་ལྡན་དང་། སྟབས་བདེ། ནུས་མཐོ། བློ་བདེ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། དོ་དམ་ནུས་པ་ཆེ་རུ་བཏང་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ཀྱི་བླང་བྱ་མུ་མཐུད་དོན་འཁྱོལ་བྱས་ཏེ་ཁྲལ་བསྡུ་དོ་དམ་གྱི་བྱེད་ཐབས་ལེགས་སུ་གཏོང་དགོས་པ་དང་། ཆ་འཕྲིན་ལ་བརྟེན་ནས་ཁྲལ་དོན་ལ་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཁྲལ་བསྡུའི་གྲངས་གཞི་ཆེ་མོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་གཙིགས་ཆེན་དང་མཉམ་ཤུགས་ཆགས་པ་བྱས་ཏེ་ཁྲལ་བསྡུའི་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།