དབུ་ཤོག>སྲིད་དོན།
  • ཅང་ཅེ་བོད་ཀྱི་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་ཅེས་པའི་འདུ་འགོད་ཀྱི་བཀོད་སྒྲིག་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-18

    ཟླ་6ཚེས་15ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་བའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་ཅང་ཅེས། ཆེད་དོན་ཚོགས་འདུ་འཚོགས་ནས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལྷག་དོན་དུ“ཀྲུང་གོའི་དྲ་དམངས་ཡག་པོ་གསོ་སྐྱོང་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་ལྗོངས་ཀྱི“ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད”པའི་འདུ་འགོད་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཅང་ཅེས་འདུ་འགོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་དྲ་རྒྱའི་ཁོར་ཡུག་གཙང་མ་ཞིག་གཏོད་པའི་གཞི་རྩའི་ཐབས་ཇུས་དང་རྩ་བཅོས་ཀྱི་བྱེད་ཐབས་ཤིག་རེད། ལྗོངས་ཏང་ཨུད་ཀྱིས“ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད”པའི་འདུ་འགོད་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་འགོ་ཁྲིད་བློ་མཐུན་གཙོ་བོས་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་སྟེ་བླང་བྱ་ཁ་གསལ་བཏོན་གནང་ཡོད། ལྗོངས་དྲ་བའི་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལག་བསྟར་ཇུས་འགོད་ནན་ཏན་ངང་བཟོས་ནས་མཛུབ་ཁྲིད་བསམ་བློ་དང་། བྱེད་ཐབས་དམ་འཛིན་བྱ་གཞི། དམིགས་ཚད་ལས་འགན་བཅས་ཁ་གསལ་བཟོས་ཡོད། ཚན་པ་ཁག་གིས་ངེས་པར་དུ་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་དང་། མཉམ་སྒྲུབ་མཉམ་སྒུལ། ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བཅས་བྱས་ནས་བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཅང་ཅེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ཀྲུང་གོའི་དྲ་དམངས་ཡག་པོ་བྱེད་པའི་དྲང་ནུས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་རབ་དང་རིམ་པ་རྒྱ་ཆེར་སྤེལ་བ། ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་པའི་སྨྱན་སྦྱོར་བྱང་ཚད་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ། དྲ་དམངས་ཀྱི་ཀུན་སྤྱོད་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། དྲ་རྒྱའི་བར་མཐོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་མཐའ་ཚད་བརྟན་དུ་གཏོང་དགོས། ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གི་གཅིག་གྱུར་བླང་བྱ་གཞིར་བཟུང་། བྱེད་སྒོ་ཁག་སྤུས་ཚད་མཐོ་པོས་སྤེལ་དགོས་ཁར། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི་དྲ་དམངས་ཡག་པོ་ཞིག་བྱེད་པའི་ཞིབ་ཕྲའི་བླང་བྱ་དང་ཆ་རྐྱེན་གདམ་གསེས་ནན་ཏན་བྱས་ཏེ། ད་ཐེངས་ཀྱི་བྱེད་སྒོར་ཕན་འབྲས་དངོས་ཐོན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་ཐུབ་པ་བྱེད་དགོས། བོད་ཀྱི་དྲ་དམངས་ཡག་པོའི་གཟུགས་བརྙན་བཟང་པོ་གཏོད་པ་དང་མངོན་དགོས། རྒྱ་ཆེའི་དྲ་དམངས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་དྲ་དམངས་ལ་བཟང་པོར་དད་བཀུར་དང་དགེ་ལས་ལ་ཕྱོགས་པ་དང་། སྒྲིག་བཀུར་ཁྲིམས་སྲུང་། ཡ་རབས་དྲ་ཞུགས་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས། “ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད”པའི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དྲིལ་བསྒྲགས་སློབ་གསོའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མི་ཚང་མས་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་པའི་ཐུན་མོང་དད་སེམས་གཅིག་ཏུ་བསྒྲིལ་ཏེ། སྤྱི་ཚོགས་ཡོངས་སུ་རྒྱ་ཆེའི་དྲ་དམངས་ཀྱིས་ཀྲུང་གོའི་དྲ་དམངས་ཡག་པོ་ཞིག་བྱེད་པའི་འདུ་ཤེས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།