དབུ་ཤོག>སྲིད་དོན།
  • 2016ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་རིམ་སྤེལ་ཆེད་དོན་འཆད་ཁྲིད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-18

    ཚེས་16ཉིན་གྱི་ཕྱི་དྲོ་2016ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་རིམ་སྤེལ་ཆེད་དོན་འཆད་ཁྲིད་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་རིམ་སྤེལ་ཆེད་དོན་འཆད་ཁྲིད་ཐད་མཆན་འགོད་མཛུབ་སྟོན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་ལས་བྱེད་པ་ཚོས་ང་ཚོའི་ཏང་གིས་སློབ་སྦྱོང་ལ་སྣང་ཆེན་བྱེད་པའི་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་སློབ་སྲོལ་ལེགས་སུ་གཏོང་རྒྱུ་དེ་སྤྱོད་ཚུལ་ལེགས་སུ་གཏོང་བའི་དམ་འཛིན་བྱེད་གཞི་གཙོ་བོར་བརྩིས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་འཚོལ་ཞིབ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཐོག་རང་ལྗོངས་ཀྱི་ཁྱབ་ཁོངས་ཁག་གི་ལས་དོན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འདི་ལོ་སྲིད་གཞུང་གི་རིམ་སྤེལ་ཆེད་དོན་འཆད་ཁྲིད་ཀྱི་འཆད་ཁྲིད་དང་པོའི་ནང་གཙོ་བོ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་དང་གནད་ཆེ་སར་དམིགས་ནས་འགྲེལ་བཤད་བརྒྱབ་པ་རེད། འདི་ལོའི་ལོ་སྨད་དུ་རང་སྐྱོང་ལྗོངས་སྲིད་གཞུང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་། དབུལ་སྒྲོལ་འགག་སྒྲོལ། དངུལ་རྩའི་འདེགས་སྐྱོར། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ལས་དོན་གལ་ཆེན་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་10བྱ་རྒྱུ་ཡིན་པ་དང་། རང་སྐྱོང་ལྗོངས་ཀྱི་ལས་རིགས་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་གདན་ཞུས་ཀྱིས་འབྲེལ་ཡོད་གནད་དོན་ཐད་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་ལས་བཟོ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པར་བསམ་ཕྱོགས་ཡངས་སུ་གཏོང་བ་དང་བསམ་བློར་དྲག་ཆས་སྤྲས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།