དབུ་ཤོག>སྲིད་དོན།
  • བོད་ཀྱི་འཐུས་མི་ཚོགས་པ་ཨོ་སི་ཁྲུ་ལི་ཡར་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་ལ་སྐུལ་མ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-06-16

    ཤིན་ཧྭ་གསར་འགྱུར་ཁང་ཤིས་ཉི་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚེས་10ནས་13ཉིན་བར་ཚོགས་པའི་སྣེ་ཁྲིད་དེ་ཨོ་སི་ཁྲུ་ལི་ཡར་འཚམས་འདྲིར་ཕེབས་ནས་ཤིན་ནན་ཝེའར་ཧྲི་ཀྲོའུ་ཡི་དཔོན་རིགས་དང་། ཤིས་ཉིས་གྲོང་ཁྱེར་གྱི་གྲོང་སྤྱིའི་འཐུས་མི། གྲོང་ཁྱེར་གྲོས་ཚོགས་ཀྱི་གྲོས་མི་སོགས་དང་གྲོས་མོལ་གནང་ནས་བོད་རང་སྐྱོང་ལྗོངས་དང་ཤིན་ཀྲོའུ་དང་ཤིས་ཉི་གྲོང་ཁྱེར་དབར་གྱི་ཕྱོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ་ཕྱོགས་གཉིས་དབར་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཀྱང་ཡིན། མིག་སྔར་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་སྤྱིའི་ཆ་ནས་གོང་འཕེལ་ཡག་པོ་བྱུང་ཡོད་པ་དང་། རྒྱལ་ཁབ་གཉིས་པོས་སྨན་བཅོས་དང་། སྤྱི་པའི་ཞབས་ཞུ། ལས་རིགས་གསོ་སྦྱོང་། ཞིང་ལས་ལག་རྩལ་མཉམ་ལས་སོགས་ཁྱབ་ཁོངས་ཐད་ཕྱོགས་གཉིས་དབར་མཉམ་ལས་བྱས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་སྐུལ་མ་ཐེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཤིན་ཀྲོའུ་དང་ཤིས་ཉི་དང་མཉམ་དུ་ཕྱོགས་གཉིས་པོའི་རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཤིན་ཀྲོའུ་དང་ཤིས་ཉིས་གྲོང་ཁྱེར་གྱི་དཔོན་རིགས་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་འབྲེལ་བ་དང་དེ་བཞིན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག་ཞིང་ལས་དང་། ཚན་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ཐད་བོད་རང་སྐྱོང་ལྗོངས་དང་རྒྱ་ཁྱབ་ཀྱི་སྤེལ་རེས་དང་མཉམ་ལས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    292097_yis_1465965616145.jpg

    ཟླ་6ཚེས་9ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཧན་གོའི་ཆིང་ ཧྲང་ནན་ཏའོ་རུ་ཕེབས་ནས་ཆིང་ཧྲང་ནན་ཏའོ་འགོ་འཛིན་ཧུང་ཀྲུན་ཧྲའོ་དང་གྲོས་མོལ་ གནང་བ་མ་ཟད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་དང་ཏ་ཧན་མིན་གོ་ཆིང་ཧྲང་ནན་ཏའོ་དབར་མཛའ་མཐུན་ འབྲེལ་བའི་གྲོས་མཐུན་མཉམ་དུ་བཞག་སྟེ་བོད་རང་སྐྱོང་ལྗོངས་དང་རྒྱལ་སྤྱི་དབར་ གྱི་ཞིང་ཆེན་རིམ་པའི་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་མེད་པར་ཚད་བརྒལ་བྱུང་ བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།