དབུ་ཤོག>སྲིད་དོན།
  • ༢༠༡༦ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས།   |     སྤེལ་དུས།  2016-06-14

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲིམས་འཛིན་པུའུ་ཡིས་སྤྱི་བསྒྲགས་ཡིག་ཨང་༡༦༤སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་༢༠༡༦ལོའི་ཁྲིམས་འཛིན་རྒྱུགས་གཞིའི་དོན་ཚན་ཁག་གཅིག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

    དང་པོ། མིང་ཐོ་འགོད་པ།

    གཅིག མིང་ཐོ་འགོད་པའི་ཆ་རྐྱེན།  

    1གཤམ་འཁོད་ཆ་རྐྱེན་ཚང་བའི་མི་སྣ་དག་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞི་ནང་ཞུགས་ཆོག་པ་ཡིན།

    (1)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེམ་ཐོ་ཡོད་པ།

    (2)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་དང་། གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་ཡོད་པ།

    (3)དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པ།

    (4)མཐོ་རིམ་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་དངོས་གཞི་ནས་སློབ་མཐར་ཕྱིན་པའམ་ཡང་ན་མཐོ་རིམ་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་མིན་པའི་དངོས་གཞི་ནས་སློབ་མཐར་ཕྱིན་པ་མ་ཟད་ཁྲིམས་ལུགས་ཆེད་ལས་ཤེས་བྱ་ཡོད་པ།

    (5)སྤྱོད་ལམ་ལེགས་པ།  

    2.གཤམ་འཁོད་གནས་ཚུལ་རིགས་གཅིག་ཡོད་ཚེ། རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་ནང་མིང་ཐོ་འགོད་མི་ཆོག་ཅིང་། མིང་ཐོའི་འགྲོ་ལུགས་གཉེར་ཚར་ཡོད་ན། མིང་ཐོ་རྩིས་མེད་ཡིན།

    (1)ཤེས་བཞིན་དུ་བྱས་ཉེས་བསགས་ནས་ཉེས་དོན་ཁྲིམས་ཆད་ཕོག་མྱོང་ཡོད་རིགས།  

    (2)རྒྱལ་ཁབ་ལས་ཁུངས་ཀྱིས་ལས་ཁོངས་ནས་ཕྱིར་འབུད་བཏང་མྱོང་བའམ་ཁྲིམས་རྩོད་པའི་ལས་གཉེར་ལག་ཁྱེར་རམ་གཞུང་དཔང་མི་སྣའི་ལས་གཉེར་ལག་ཁྱེར་རྩིས་མེད་བཏང་རིགས།  

    (3)ལོ་གཉིས་ནང་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་ནང་ཞུགས་མི་ཆོག་པའི་ཆད་གཅོད་བྱས་ནས་དུས་བཀག་མ་གཙང་བའམ་ཚེ་གང་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་ནང་ཞུགས་མི་ཆོག་པའི་ཆད་གཅོད་བཏང་རིགས།

    (4)དཔང་ཡིག་རྫུན་མ་བཏོན་པའམ་དེ་མིན་གྱི་བྱ་ཐབས་རྫུན་མའི་ཐོག་ནས་མིང་ཐོ་བཀོད་རིགས།

    3.Aརིགས་ཀྱི་ཁྲིམས་ལུགས་ལས་རིགས་ཐོབ་ཐང་ལག་ཁྱེར་བླངས་ཟིན་པའི་མི་སྣའམ། Bརིགས་ཀྱི་ཁྲིམས་ལུགས་ལས་རིགས་ཐོབ་ཐང་ལག་ཁྱེར་བླངས་ཟིན་མོད་མཐོ་རིམ་སློབ་གྲྭའི་དངོས་གཞི་ཡན་གྱི་སློབ་ཐོན་ལག་ཁྱེར་ཐོབ་མེད་པའི་མི་སྣ་ཡིན་ཚེ། ཡང་བསྐྱར་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་ནང་ཞུགས་མི་ཆོག

    གཉིས། མིང་ཐོ་འགོད་མཁན་གྱི་མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་མིན་ཐད་ཤེས་དགོས་པའི་འབྲེལ་ཡོད་སྲིད་ཇུས།

    1.མིང་ཐོ་འགོད་པའི་སློབ་གནས་དམའ་རུ་གཏོང་རྒྱུའི་ཆ་རྐྱེན་དེ་མིང་ཐོ་འགོད་སྐབས་ཀྱི་ཐེམ་ཐོ་གཞིར་འཛིན་རྒྱུ་ཡིན། དེའང་མིང་ཐོ་འགོད་སྐབས་ཀྱི་ཐེམ་ཐོ་དེ་མིང་ཐོ་འགོད་པའི་སློབ་གནས་དམའ་རུ་གཏོང་རྒྱུའི་ཁུལ་དུ་ཡོད་ཚེ། མིང་ཐོ་འགོད་པའི་སློབ་གནས་ཁྲིམས་ལུགས་ཆེད་ལས་ཀྱི་ཆེད་སྦྱོང་སློབ་གནས་བར་དམའ་རུ་གཏོང་རྒྱུ་ཡིན་ཞིང་། རང་ལྗོངས་ཀྱི་མངའ་ཁོངས་གྲོང་ཁྱེར་དང་ས་གནས། རྫོང་། རྫོང་རིམ་པའི་གྲོང་ཁྱེར། གྲོང་ཁྱེར་མངའ་ཁུལ་བཅས་ཀྱི་མིང་ཐོ་འགོད་པའི་སློབ་གནས་ཆ་རྐྱེན་དེ་མཐོ་རིམ་སློབ་གྲྭའི་ཁྲིམས་ལུགས་ཆེད་ལས་ཆེད་སྦྱོང་བར་དམའ་རུ་བཏང་ཡོད།

    2.སྤྱིར་བཏང་མཐོ་རིམ་སློབ་གྲྭའི་2017ལོའི་སློབ་ཐོན་སློབ་གྲྭ་བ་ཕུད་པའི་མིང་ཐོ་འགོད་མཁན་གྱིས་སློབ་ཐོན་ལག་ཁྱེར་གཞིར་བཟུང་མིང་ཐོ་འགོད་རྒྱུ་དང་།  མིང་ཐོ་འགོད་སྐབས་སློབ་ཐོན་ལག་ཁྱེར་མེད་ཚེ། རྩ་དོན་ཐོག་མིང་ཐོ་འགོད་རྒྱུ་མིན། མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞི་ནང་ཞུགས་ཏེ། རིག་ཚན་རྐྱང་པའི་སྦྱངས་འབྲས་ཀྱི་ཚད་གཞི་ཚང་མ་ལོན་པའི་མི་སྣས་མིང་ཐོ་འགོད་སྐབས། ངེས་པར་དུ་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞིའི་རིག་ཚན་རྐྱང་པའི་སྦྱངས་འབྲས་ཚང་མ་ཚད་ལོནཔའི་་ལག་ཁྱེར་དང་སློབ་གསོ་སྲིད་འཛིན་ཚན་པས་བཏོན་པའི་སློབ་ཐོན་ལག་ཁྱེར་རམ་རྒྱུགས་ལེན་གཙོ་གཉེར་སློབ་གླིང་གིས་བཏོན་པའི་རྣམ་གཞག་དཔང་ཡིག་(ཁྲིམས་འཛིན་པུའི་དྲ་ཚིགས་ནས་ཕབ་ལེན་གྱིས)འཁྱེར་ནས་མིང་ཐོ་འགོད་དགོས། སློབ་གཉེར་བྱས་ཟིན་མོད་སློབ་ཐོན་ལག་ཁྱེར་རགས་མེད་པའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་2016ལོའི་སློབ་ཐོན་སློབ་མ་དང་། དྲ་ཐོག་སློབ་གསོ། དར་མའི་སློབ་གསོ། བརྙན་འཕྲིན་སློབ་ཆེན་སོགས་ཀྱི་མཐོ་རིམ་སློབ་གསོའི་2016ལོའི་དངོས་གཞིའི་སློབ་ཐོན་སློབ་མས་མིང་ཐོ་འགོད་ཆོག ཡིག་རྒྱུགས་བཏང་ཚར་རྗེས། ཡིག་ཚད་ལོན་པའི་མི་རྣམས་ཀྱིས་དྲ་ཐོག་མིང་ཐོ་འགོད་སྟངས་བཞིན་གཏན་འཁེལ་ཡིན་མིན་དང་ཁས་ལེན་ཆ་འཕྲིན་འགོད་དགོས། གཏན་འཁེལ་བྱས་པའི་ཐོབ་ཐང་རེ་ཞུའི་དུས་ཚད་ནང་སློབ་ཐོན་ལག་ཁྱེར་དང་དེ་མིན་གྱི་ཡིག་ཚགས་འདོན་སྤྲོད་བྱེད་དགོས། གལ་ཏེ་གཏན་འཁེལ་བྱས་པའི་དུས་ཚད་ནང་འདོན་སྤྲོད་མ་བྱས་ཚེ། མིང་ཐོ་འགོད་པའི་ཆ་རྐྱེན་མི་ཚང་བར་རྩིས་ཏེ། ལོ་འདིའི་ཡིག་རྒྱུགས་སྦྱངས་འབྲས་རྩིས་མེད་གཏོང་རྒྱུ།

    3.རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ནང་མིང་ཐོ་བཀོད་དེ་ཞུགས་རྒྱུའི་གོ་ཆོད་སློབ་ཐོན་ལག་ཁྱེར་ནི།

    (1)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་ཚན་པས་ཆོག་མཆན་གནང་ཞིང་། སློབ་གནས་སློབ་གསོ་གཉེར་བའི་ཐོབ་ཐང་ཡོད་པའི་དམངས་གཉེར་མཐོ་རིམ་སློབ་གྲྭ་དང་། དར་མའི་མཐོ་རིམ་སློབ་གྲྭ། སྤྱིར་བཏང་གི་མཐོ་རིམ་སློབ་གྲྭ(ཞིབ་མཇུག་སློབ་མ་གསོ་སྐྱོང་བྱེད་མཁན་གྱི་ཚན་རྩལ་ཞིབ་མཇུག་ཚན་པ་ཚུད་ཡོད་)བཅས་ཀྱིས་སྤྲད་པའི་སློབ་ཐོན་ལག་ཁྱེར།

    (2)མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞི་དང་། མཐོ་རིམ་སློབ་གསོའི་སློབ་གནས་སློབ་ཐོན་ལག་ཁྱེར་གྱི་རྒྱུགས་གཞི་བཏང་སྟེ། རྒྱལ་ཡོངས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞི་ཨུ་ཡོན་ལྷན་ཁང་གིས་དབང་ཆ་སྤྲད་པའི་ཞིང་ཆེན་ཁག་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞི་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་སློབ་ཐོན་ལག་ཁྱེར།

    (3)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་ཚན་པས་ཆོག་མཆན་གནང་ཞིང་། རྒྱལ་ཁབ་ཀྱི་སློབ་བསྡུའི་འཆར་གཞིའི་ནང་བཅུག་པ་མ་ཟད་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་གཞི་བཏང་ནས་བསྡུ་ལེན་བྱས་པའི། ཏང་གི་སློབ་གྲྭ་དང་། དམག་དོན་སློབ་གླིང་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མར་ཐོབ་པའི་སློབ་ཐོན་ལག་ཁྱེར།

    (4)རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་སྲིད་འཛིན་ཚན་པས་ཆོག་མཆན་གནང་ཞིང་། དྲ་རྒྱའི་སློབ་གསོ་ཚོད་ལྟ་བྱེད་སའི་སྤྱིར་བཏང་གི་མཐོ་རིམ་སློབ་གྲྭས་སྤྲད་པའི་རྒྱང་ཁྲིད་སློབ་གསོའི་སློབ་ཐོན་ལག་ཁྱེར།

    4.གཏན་འཁེལ་བྱས་པའི་ཐོབ་ཐང་རེ་ཞུའི་དུས་ཚད་ནང་། སློབ་ཐོན་ལག་ཁྱེར་གྱི་མ་ཡིག་དང་། སློབ་གསོ་པུའི་སློབ་གནས་ལག་ཁྱེར་གློག་རྡུལ་སྙན་སེང་ཐོ་འགོད་རེའུ་མིག་གམ་ཀྲུང་གོའི་མཐོ་རིམ་སློབ་གསོའི་སློབ་གནས་ངོ་མ་ཡིན་པའི་ར་སྤྲོད་སྙན་ཞུ་འདོན་སྤྲོད་བྱེད་མ་ཐུབ་ཚེ། མིང་ཐོ་འགོད་པའི་ཆ་རྐྱེན་མི་ཚང་བར་རྩི་རྒྱུ་དང་། མིང་ཐོ་བཀོད་ཟིན་པ་རྩིས་མེད་དུ་གཏོང་རྒྱུ་ཡིན་ཞིང་། ཡིག་རྒྱུགས་བཏང་བའི་སྦྱངས་འབྲས་རྩིས་མེད་ཡིན།

    5.མིང་ཐོ་འགོད་མཁན་གྱི་སློབ་ཐོན་ལག་ཁྱེར་ཐོག་གི་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སམ་ཡང་ན་སྐྱེ་བའི་ལོ་ཟླ་གཟའ་ཚེས་དེ་ཐོབ་ཐང་ལག་ཁྱེར་དང་གཅིག་མཐུན་མིན་ཚེ། སློབ་ཐོན་བྱེད་སའི་སློབ་གླིང་དང་ཐེམ་ཐོ་གནས་ཡུལ་གྱི་སྤྱི་བདེ་ཚན་པ་ནས་འབྲེལ་ཡོད་དཔང་ཡིག་འདོན་དགོས།

    གསུམ། མིང་ཐོ་འགོད་སྟངས་དང་དུས་ཚོད།

    རང་ལྗོངས་སུ་ 2016ལོའི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ལ་དྲ་ཐོག་ནས་མིང་ཐོ་འགོད་པའི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞིང་། མིང་ཐོ་འགོད་མཁན་གྱིས་དྲ་ཐོག་ཏུ་རང་གི་ཆ་འཕྲིན་འགོད་པ་དང་། འདྲ་པར་གོང་འབུལ། རྒྱུགས་གཞི་འགྲོ་གྲོན་འབུལ་བ། ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་ཕབ་ལེན་བཅས་བྱེད་དགོས།

    2016ལོའི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ནང་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ 6ཚེས་16ཉིན་གྱི་ཆུ་ཚོད་0ནས་ཟླ 7ཚེས་5ཡི་ཆུ་ཚོད་24བར་ཡིན་པས། མིང་ཐོ་འགོད་མཁན་གྱིས་གཏན་འཁེལ་བྱས་པའི་དུས་ཚོད་ནང་རྒྱལ་ཁབ་ཁྲིམས་འཛིན་པུའི་དྲ་རྒྱའི་ནང་ཞུགས་ཏེ། (http://www.moj.gov.cn)དྲ་ཐོག་གི་མིང་ཐོ་འགོད་པའི་རེ་བ་དང་གོ་རིམ་གཞིར་བཟུང་དྲ་ཐོག་ནས་མིང་ཐོ་འགོད་དགོས་ཤིང་། དུས་འགྱངས་བྱས་ཚེ་མིང་ཐོ་ཁ་གསབ་བྱེད་དུ་མི་འཇུག

    ཆ་རྐྱེན་ཚང་བའི་མིང་ཐོ་འགོད་མཁན་ལ།   དྲ་སྦྲེལ་འཕྲིན་གཏོང་གི་ཆ་རྐྱེན་མེད་པའམ་རང་གིས་བསྐོལ་སྤྱོད་བྱེད་མི་ཤེས་པ་སོགས་ཀྱི་རྒྱུ་མཚན་གྱིས་རྐྱེན་པས་དྲ་ཐོག་ཏུ་མིང་ཐོ་འགོད་མ་ཐུབ་ཚེ། མིང་ཐོ་འགོད་པའི་དུས་ཚོད་ནང་མིང་ཐོ་འགོད་ཡུལ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་འཛིན་ལས་ཁུངས་སུ་མིང་ཐོ་འགོད་པར་ཕྱིན་ཆོག

    བོད་རང་སྐྱོང་ལྗོངས་སུ་རྒྱ་ཡིག་དང་བོད་ཡིག་གི་ཡིག་རིགས་གཉིས་ཀྱི་རྒྱུགས་གཞིའི་རྒྱུགས་རྭ་བཀོད་སྒྲིག་བྱ་རྒྱུ་ཡིན།

    གཏན་འབེབས་བྱས་པའི་ཐོ་འགོད་ཆ་རྐྱེན་ཚང་བའི་དངོས་ཞབས་དམག་མིས། གཏན་འཁེལ་བྱས་པའི་དུས་ཚོད་ནང་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་དྲ་བ་བརྒྱུད་དེ་མིང་ཐོ་འགོད་དགོས།

    བཞི། མིང་ཐོ་འགོད་པའི་ཡིག་ཚགས།

    མིང་ཐོ་འགོད་སྐབས་ངེས་པར་དུ་མཁོ་བའི་ཡིག་ཚགས།

    1.རང་གི་ནུས་ལྡན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར།

    2.རང་གི་སློབ་ཐོན་ལག་ཁྱེར།

    རང་གི་སློབ་ཐོན་ལག་ཁྱེར་དེ་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་སློབ་མའི་ཆ་འཕྲིན་འདྲི་རྩད་དང་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་ཀྱི་དྲ་ཚིགས་ཐོག་འདྲི་རྩད་དང་ར་སྤྲོད་བདེན་དཔང་བྱེད་ཐུབ་པ་དགོས།

    སྤྱིར་བཏང་གི་མཐོ་རིམ་སློབ་གྲྭའི་2017ལོའི་དངོས་གཞིའི་སློབ་ཐོན་སློབ་མས་མིང་ཐོ་འགོད་སྐབས་ངེས་པར་དུ། རང་གི་སློབ་གྲྭས་བཏོན་པའི་རྣམ་གཞག་དཔང་ཡིག(ཁྲིམས་འཛིན་པུའི་དྲ་ཚིགས་ནས་ཕབ་ལེན་གྱིས་)དང་རང་གི་སློབ་མའི་ལག་ཁྱེར་འཁྱེར་ཡོང་དགོས། དྲ་ཐོག་ནས་མིང་ཐོ་འགོད་སྐབས། ངེས་པར་དུ་ཚད་མཐུན་གྱི་དཔང་རྟགས་གློག་རྡུལ་འདྲ་པར་གོང་འབུལ་བྱེད་དགོས། (གློག་རྡུལ་འདྲ་པར་ངེས་པར་དུ་ཁ་གསལ་དབྱེ་འབྱེད་ཐུབ་པ་དགོས་ཤིང་། JPGཚད་གཞིི་ཆེ་ཆུང་དེ་100KBལས་ཆེ་བ་དང་500KBལས་ཆུང་བ་ཡིན་དགོས།)

    3.སྲིད་ཇུས་ལྷུག་གཏོང་རེ་ཞུ་མཁན་གྱིས། ངེས་པར་དུ་སློབ་གནས་ཆ་རྐྱེན་དམའ་རུ་གཏོང་བའི་ཆ་རྐྱེན་ཚང་བའི་ཁུལ་གྱི་ཐེམ་ཐོ་འཁྱེར་དགོས་ཤིང་། དྲ་ཐོག་ནས་མིང་ཐོ་འགོད་སྐབས་ཐེམ་ཐོ་གོང་འབུལ་བྱེད་དགོས། (ཐེམ་ཐོ་ངེས་པར་དུ་ལྕགས་པར་བརྒྱབ་པ་ཡིན་དགོས་ཤིང་། ལྕགས་པར་བརྒྱབ་པའི་སྒོ་རྟགས་མེད་པའམ་ལག་བྲིས་བརྒྱབ་པའི་ཐེམ་ཐོ་རྙིང་པ་ཡིན་ཚེ། དུས་ཐོག་ཏུ་ཐེམ་ཐོ་ཡོད་སའི་མངགས་གཏོང་ཁང་དུ་ཐེམ་ཐོ་གསར་པ་བརྗེ་རྒྱུའི་རེ་ཞུ་གནང་དགོས།  )ཤོག་ལྷེ་མགོ་མ་དང་རང་གི་ཤོག་ངོས་ཀྱི་གློག་རྡུལ་འདྲ་པར་གོང་འབུལ་བྱེད་པའི་ཆ་རྐྱེན། (1)གོང་འབུལ་བྱས་པའི་པར་གཅིག་གི་ནང་ངེས་པར་དུ་ཐེམ་ཐོའི་ཤོག་ལྷེ་མགོ་མ་དང་རང་གི་ཤོག་ངོས་ཀྱི་ནང་དོན་ཆ་ཚང་ཚུད་པ་བྱེད་དགོས། (2)འདྲ་པར་ངེས་པར་དུ་ཁ་གསལ་དབྱེ་འབྱེད་ཐུབ་པའི་པར་ཡིན་དགོས། (3)ཐེམ་ཐོའི་གློག་རྡུལ་འདྲ་པར་ནི་JPGཚད་གཞིའི་ཆེ་ཆུང་དེ་100KBལས་ཆེ་བ་དང་500KBལས་ཆུང་བ་ཡིན་དགོས།

    4.རང་གི་གློག་རྡུལ་ལག་ཁྱེར་གྱི་འདྲ་པར།

    མིང་ཐོ་འགོད་མཁན་གྱིས་གཏན་འཁེལ་བྱས་པའི་ཚད་གཞི(ཞེང་ཚད་ཚད་གཞི 413×མཐོ་ཚད་ 626)དང་མཐུན་ཞིང་། རང་གི་ཉེ་བའི་ཟླ་བ་གསུམ་ནང་ཚུན་དུ་བརྒྱབ་པའི(ཚོན་ཁྲ་ཅན་པར་གྱི་རྒྱབ་ངོས་ཚོས་གཞི་དཀར་དམར་སྔོན་གསུམ་གང་ཡིན་ཡང་འགྲིག་གི)མདུན་ངོས་ཞྭ་མོ་མ་གྱོན་པའི་གློག་རྡུལ་འདྲ་པར་འདོན་སྤྲོད་བྱེད་དགོས།  ལག་ཁྱེར་གྱི་གློག་རྡུལ་འདྲ་པར་ནི་JPGཚད་གཞིའི་ཆེ་ཆུང་དེ་40KBལས་ཆེ་བ་དང་100KBལས་ཆུང་བ་ཡིན་དགོས།

    འདྲ་པར་འདི་ནི་རང་གི་ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་དང་། རྒྱུགས་གཞིའི་སྦྱང་འབྲས་བརྡ་ཐོ།  ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་རེ་ཞུའི་རེའུ་མིག ཁྲིམས་ལུགས་ལས་རིགས་ཐོབ་ཐང་ལག་ཁྱེར་ཐོག་བེད་སྤྱོད་བྱེད་རྒྱུ་ཡིན།

    མིང་ཐོ་འགོད་མཁན་གྱིས་ངེས་པར་དུ་ཐོ་འགོད་ཆ་འཕྲིན་བདེན་པ་བདེན་ཐུབ་དང་ཡང་དག་འབྲི་དགོས་ཤིང་། གོང་བཀོད་མིང་ཐོ་འགོད་པའི་ཆ་འཕྲིན་ནུས་ལྡན་དྲང་བདེན་ཡིན་པ་ཁས་ལེན་བྱེད་དགོས། མིང་ཐོ་འགོད་མཁན་གྱིས་ཆ་འཕྲིན་རྫུན་མ་འབྲི་བའམ་དེ་མིན་གྱི་རྫུན་ཐབས་སྤྱད་དེ་མིང་ཐོ་བཀོད་ཚེ། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཀྱི་སྒྲིག་འགལ་བྱ་སྤྱོད་ཐག་གཅོད་བྱ་ཐབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན།

    ལྔ། རྒྱུགས་གཞིའི་འགྲོ་གྲོན།

    2016ལོའི་རང་ལྗོངས་ཀྱི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞི་གྲོན་དངུལ་དྲ་ཐོག་ནས་སྤྲོད་དགོས་ཤིང་། མིང་ཐོ་འགོད་མཁན་གྱིས་རེ་བ་གཞིར་བཟུང་མིང་ཐོ་འགོད་པའི་གྲོན་དངུལ་བསྡུ་དགོས།  བོད་འཕེལ་སྒྱུར་ཁང་གི་[2005]ལོའི་ཡིག་ཨང་108གཏན་འབེབས་གཞིར་བཟུང་། རྒྱུགས་སྤྲོད་སློབ་མ་མི་རེ་ངོ་རེས་རྒྱུགས་གཞི་གྲོན་དངུལ་སྒོར་240བསྡུ་དགོས་ཤིང་། མིང་ཐོ་འགོད་མཁན་གྱིས་གྲོན་དངུལ་བསྡུས་ཚར་རྗེས་གཞི་ནས་མིང་ཐོ་བཀོད་ཟིན་པ་ཡིན། མིང་ཐོ་འགོད་མཁན་གྱིས་མིང་ཐོ་འགོད་པའི་གྲོན་དངུལ་བསྡུས་ཚར་རྗེས། མིང་ཐོ་འགོད་པའི་ཆ་རྐྱེན་དང་མི་འཚམས་པའམ་ཡང་ན་རང་སྒེར་གྱི་རྒྱུ་རྐྱེན་གྱིས་མིང་ཐོ་བཀོད་པ་རྩིས་མེད་དུ་སོང་ཚེ། མིང་ཐོ་འགོད་པའི་གྲོན་དངུལ་ཕྱིར་སློག་བྱ་རྒྱུ་མིན།

    དྲ་ཐོག་ནས་གྲོན་དངུལ་བསྡུ་བའི་དུས་ཚད་ནི་ཟླ་7ཚེས་10བར་ཡིན་ཞིང་། རྒྱུགས་གཞི་གྲོན་དངུལ་བསྡུས་པ་ལེགས་གྲུབ་བྱུང་རྗེས། མིང་ཐོ་འགོད་མཁན་གྱིས་མིང་ཐོ་འགོད་ཡུལ་ལ་སྒྱུར་བ་བཏང་མི་ཆོག

    དྲུག  ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར།

    ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། མིང་ཐོ་འགོད་པའི་ཆ་རྐྱེན་དང་མཐུན་ཚེ། ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་དཔྱད་སྤྲོད་བྱ་རྒྱུ་ཡིན་པས། མིང་ཐོ་འགོད་མཁན་གྱིས་ཟླ་9ཚེས་9ནས་ཟླ་9ཚེས་23བར་ཁྲིམས་འཛིན་པུའི་དྲ་ཚིགས་ནང་འཇུག་བྱས་ཏེ་རང་གིས་ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་ཕབ་ལེན་དང་ལྕགས་པར་རྒྱག་དགོས།

    མིང་ཐོ་འགོད་མཁན་གྱིས་ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་དང་ནུས་ལྡན་གྱི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཡིག་རྒྱུགས་ནང་ཞུགས་ཆོག

    ཐོ་འགོད་མི་སྣར་དྲ་སྦྲེལ་འཕྲིན་གཏོང་གི་ཆ་རྐྱེན་མེད་པའམ་རང་གིས་བསྐོལ་སྤྱོད་བྱེད་མི་ཤེས་པ་སོགས་ཀྱི་རྒྱུ་མཚན་གྱིས་རྐྱེན་པས། དྲ་ཐོག་ནས་རང་གིས་ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་ལྕགས་པར་རྒྱག་མ་ཐུབ་ཚེ། རྒྱུགས་གཞི་བཏང་ཆོག་པའི་ལག་ཁྱེར་ལྕགས་པར་རྒྱག་པའི་དུས་ཚད་ནང་མིང་ཐོ་འགོད་ཡུལ་གྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་སུ་ལེན་པར་ཕྱིན་ན་འགྲིག

    གཉིས་པ། རྒྱུགས་གཞི།

    གཅིག རྒྱུགས་གཞི་གཏོང་བའི་དུས་ཚོད།

    2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞི་གཏོང་བའི་དུས་ཚོད་ནི་ཟླ་9ཚེས་24ནས་25བར་ཡིན།

    རྒྱུགས་ཤོག་དང་པོ། ཟླ་བ་9ཚེས་24སྔ་དྲོའི་ཆུ་ཚོད་08:30—11:30བར་ཡིན་ཞིང་། རྒྱུགས་གཞི་གཏོང་བའི་དུས་ཚོད་སྐར་མ་180ཡོད།

    རྒྱུགས་ཤོག་གཉིས་པ། ཟླ་བ་9ཚེས་24ཕྱི་དྲོའི་ཆུ་ཚོད་14:00—17:00བར་ཡིན་ཞིང་།  རྒྱུགས་གཞི་གཏོང་བའི་དུས་ཚོད་སྐར་མ་180ཡོད།

    རྒྱུགས་ཤོག་གསུམ་པ། ཟླ་བ་9ཚེས་25སྔ་དྲོའི་ཆུ་ཚོད་08:30—11:30བར་ཡིན་ཞིང་། རྒྱུགས་གཞི་གཏོང་བའི་དུས་ཚོད་སྐར་མ་180ཡོད།

    རྒྱུགས་ཤོག་བཞི་པ། ཟླ་བ་9ཚེས་25ཕྱི་དྲོའི་ཆུ་ཚོད་14:00—17:30བར་ཡིན་ཞིང་། རྒྱུགས་གཞི་གཏོང་བའི་དུས་ཚོད་སྐར་མ་210ཡོད།

    གཉིས། རྒྱུགས་གཞིའི་ནང་དོན་དང་། རྒྱུགས་ལེན་བྱ་ཐབས་དེ་བཞིན་རིག་ཚན།

    རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་ནང་དོན་ལ། རིགས་གཞུང་ཁྲིམས་ལུགས་དང་།  ཉེར་སྤྱོད་ཁྲིམས་ལུགས། དེང་སྤྱོད་ཁྲིམས་ལུགས་གཏན་འབེབས། ཁྲིམས་ལུགས་དོན་གཉེར། ཁྲིམས་ལུགས་ལས་རིགས་ཀུན་སྤྱོད་བཅས་ཚུད་ཡོད།

    རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞི་ནི་རྒྱལ་ཡོངས་སུ་འདྲི་གཞི་གཅིག་གྱུར་ཡིན་ཞིང་། ཁྲིམས་འཛིན་པུས་གཏན་འབེབས་དང་ཡོངས་བསྒྲགས་བྱས་པའི་《2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་རྩ་གནད། 》གཞིར་བཟུང་ནས་འདྲི་གཞི་འདོན་རྒྱུ་ཡིན།

    2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིར་གསང་ཐབས་ཀྱི་རྒྱུགས་ལེན་བྱ་ཐབས་སྤྱོད་རྒྱུ་ཡིན་ཞིང་།  རྒྱུགས་ཤོག་ཁག་བཞིར་དབྱེ་ནས་གཏོང་རྒྱུ་དང་།  རྒྱུགས་ཤོག་རེར་སྐར་མ་150བྱས་པའི་རྒྱུགས་ཤོག་བཞིའི་སྤྱིའི་སྐར་གྲངས་600ཡིན། རྒྱུགས་ཤོག་དང་པོ་དང་། གཉིས་པ། གསུམ་པ་ནི་གློག་ལྟའི་རྣམ་པ་ཅན་གྱི་འདེམས་འཇུག་འདྲི་གཞི་ཡིན་པ་དང་། རྒྱུགས་ཤོག་བཞི་པ་ནི་སྨྱུ་གུས་འདྲི་ལན་འདེབས་སྟངས་ཀྱི་གྱོད་དཔེ་དབྱེ་ཞིབ་དང་། ཁྲིམས་ལུགས་ཡིག་རིགས། རྒྱས་བཤད་འདྲི་གཞི་ཡིན། 

    རྒྱུགས་ཤོག་ཁག་གི་རིག་ཚན་ནི།

    རྒྱུགས་ཤོག་དང་པོ།  ཕྱོགས་བསྡུས་ཤེས་བྱ་ཡིན་ཞིང་། དེའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་དང་།  ཁྲིམས་གཞིའི་རིག་པ། ཁྲིམས་ལུགས་ལོ་རྒྱུས། རྩ་ཁྲིམས། དཔལ་འབྱོར་བཅའ་ཁྲིམས། རྒྱལ་སྤྱིའི་ཁྲིམས། རྒྱལ་སྤྱིའི་སྒེར་ཁྲིམས། རྒྱལ་སྤྱིའི་དཔལ་འབྱོར་བཅའ་ཁྲིམས། ཁྲིམས་འཛིན་ལམ་ལུགས་དང་ཁྲིམས་ལུགས་ལས་རིགས་སྤྱོད་ཚུལ་བཅས་ཚུད་ཡོད།

    རྒྱུགས་ཤོག་གཉིས་པ། ཉེས་དོན་དང་སྲིད་འཛིན་ཁྲིམས་ཀྱི་ལམ་ལུགས་ཡིན་ཞིང་། དེའི་ནང་ཉེས་ཁྲིམས་དང་། ཉེས་དོན་གཏུགས་བཤེར་བཅའ་ཁྲིམས། སྲིད་འཛིན་བཅའ་ཁྲིམས་དང་། སྲིད་འཛིན་གཏུགས་བཤེར་བཅའ་ཁྲིམས་ཚུད་ཡོད།

    རྒྱུགས་ཤོག་གསུམ་པ། དམངས་དོན་དང་ཚོང་དོན་ཁྲིམས་ཀྱི་ལམ་ལུགས་ཡིན་ཞིང་། དེའི་ནང་དམངས་ཁྲིམས་དང་། ཚོང་དོན་བཅའ་ཁྲིམས། དམངས་དོན་གཏུགས་བཤེར་བཅའ་ཁྲིམས་ (འདུམ་གཅོད་ལམ་ལུགས་ཚུད་ཡོད་)ཚུད་ཡོད།

    རྒྱུགས་ཤོག་བཞི་པ། གྱོད་དཔེ་དབྱེ་ཞིབ་དང་། ཁྲིམས་དོན་ཡིག་རིགས། རྒྱས་བཤད་བཅས་ཡིན་ཞིང་། དེའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་དང་།  ཁྲིམས་གཞིའི་རིག་པ།  རྩ་ཁྲིམས།  ཁྲིམས་འཛིན་ལམ་ལུགས་དང་ཁྲིམས་ལུགས་ལས་རིགས་སྤྱོད་ཚུལ། ཉེས་ཁྲིམས། ཉེས་དོན་གཏུགས་བཤེར་བཅའ་ཁྲིམས། དམངས་ཁྲིམས། ཚོང་དོན་བཅའ་ཁྲིམས། དམངས་དོན་གཏུགས་བཤེར་བཅའ་ཁྲིམས་བཅས་ཚུད་ཡོད།

    རྒྱུགས་ལེན་འདྲི་གཞིའི་དཔྱད་གཞིའི་དྲིས་ལན་གྱི་བསམ་འཆར་མ་མཐུན་པ།

    ཁྲིམས་འཛིན་པུས་ཟླ་9ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་8ཐོག་རྒྱུགས་ལེན་འདྲི་གཞི་ཡོངས་བསྒྲགས་བྱ་རྒྱུ་དང་། ཟླ་9ཚེས་29དགོང་མོའི་ཆུ་ཚོད་20ཐོག་རྒྱུགས་ལེན་འདྲི་གཞིའི་དཔྱད་གཞིའི་དྲིས་ལན་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། རྒྱུགས་གཞིའི་དཔྱད་གཞིའི་དྲིས་ལན་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། ཟླ་9ཚེས་29དགོང་མོའི་ཆུ་ཚོད་20ནས་ཟླ་10ཚེས་3ཆུ་ཚོད་24བར་ཁྲིམས་འཛིན་པུའི་དྲ་ཚིགས་ནང་འཇུག་བྱས་ཏེ། “2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་དཔྱད་གཞིའི་དྲིས་ལན་ལ་བསམ་འཆར་འདོན་སའི་ཁུལ་”དུ་བསམ་འཆར་འདོན་དགོས་པ་མ་ཟད་རྒྱུ་མཚན་གསལ་བཤད་བྱེད་དགོས། ཁྲིམས་འཛིན་པུས་ཆེད་མངགས་མི་སྣ་སྒྲིག་འཛུགས་བྱས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་དང་། བསམ་འཆར་ལེགས་སྒྲིག་བྱས་ནས། “རྒྱུགས་གཞིའི་དཔྱད་གཞིའི་དྲིས་ལན་དཔྱད་ཞིབ་ཀྱི་ཆེད་ལས་མཁས་ཅན་ཚོགས་ཆུང་”ལ་ཞིབ་འཇུག་དང་རིགས་སྒྲུབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞིང་། “རྒྱུགས་གཞིའི་དཔྱད་གཞིའི་དྲིས་ལན་དཔྱད་ཞིབ་ཀྱི་ཆེད་ལས་མཁས་ཅན་ཚོགས་ཆུང་”གིས་རིགས་སྒྲུབ་བྱས་པའི་དཔྱད་གཞིའི་དྲིས་ལན་དེ་རྒྱུགས་ཤོག་གཟིགས་དཔྱད་བྱེད་པའི་གཞི་འཛིན་བྱ་རྒྱུ།

    བཞི། རྒྱུགས་སྤྲོད་སྒྲིག་ཁྲིམས་དང་རེ་བ།

    1.རྒྱུགས་སྤྲོད་མཁན་གྱིས་ངེས་པར་དུ་《རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་རྒྱུགས་སྤྲོད་ལམ་སྲོལ་》ནན་ཏན་གྱིས་ལྟ་ཀློག་བྱེད་དགོས་པ་དང་། འབྲེལ་ཡོད་གཏན་འབེབས་དང་རེ་བ་གཞིར་བཟུང་སུབ་འབྲི་བྱེད་དགོས་ཤིང་།《རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་སྒྲིག་འགལ་བྱ་སྤྱོད་ཐག་གཅོད་བྱ་ཐབས་》ཀྱི་གཏན་འབེབས་གཞིར་བཟུང་། རང་འགུལ་གྱིས་རྒྱུགས་སྤྲོད་སྒྲིག་ཁྲིམས་ལ་བརྩི་སྲུང་དང་། རང་འགུལ་གྱི་རྒྱུགས་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱ་དགོས།

    2.ལྷ་ས་གྲོང་ཁྱེར་གྱི་རྒྱུགས་ར་ཚང་མར་རྒྱུགས་སྤྲོད་ཆེད་སྤྱོད་ཡིག་ཆས་སྐམ་སྨྱུག་ནག་པོ་དང་། 2Bཞ་སྨྱུག འགྱིག་གི་སུབ་བྱེད་བཅས་སྒྲིག་སྦྱོར་བྱས་ཟིན་ཡོད་པས། རྒྱུགས་སྤྲོད་མཁན་གྱིས་རྒྱུགས་ར་རེ་རེར་བེད་སྤྱོད་བྱས་ཟིན་རྗེས་རང་གནས་སུ་འཇོག་པ་ལས་རྒྱུགས་རའི་ཕྱིར་འཁྱེར་མི་ཆོག རྒྱུགས་རར་ཞུགས་སྐབས་ནུས་ལྡན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་། ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་ཕུད་དེ་མིན་གྱི་ཡིག་ཆས་དང་ཡིག་ཚགས། ལྟོ་ཕད་ཚང་མ་རྒྱུགས་རའི་ནང་འཁྱེར་མི་ཆོག

    3.ལག་ཁྱེར་ཁ་པར་སོགས་རིགས་འདྲ་མིན་གྱི་གློག་གི་ཡོ་བྱད་རྒྱུགས་རའི་ནང་འཁྱེར་མི་ཆོག རྒྱུགས་སྤྲོད་འགོ་ཚུགས་རྗེས་སྒྲིག་འགལ་བྱས་པ་ཙམ་གྱིས་སྒྲིག་འགལ་གཞིར་བཟུང་ཐག་གཅོད་བྱ་རྒྱུ་ཡིན།

    4.ལྷ་ས་གྲོང་ཁྱེར་གྱི་རྒྱུགས་ར་ཚང་མའི་སྒོ་འཛུལ་སར། བདེ་འཇགས་ཞིབ་བཤེར་འགྲོ་ལམ་གསར་འཛུགས་བྱས་ནས། ཡིག་རྒྱུགས་ནང་ཞུགས་མཁན་གྱི་ཡིག་རྒྱུགས་བཏང་ཆོག་པའི་ལག་ཁྱེར་ལ་གློག་རྡུལ་འདྲ་བཤུ་བྱེད་པ་དང་། ནུས་ལྡན་གྱི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལ་དབྱེ་འབྱེད་ངོས་འཛིན། ལས་ཡུལ་དུ་པར་བརྒྱབ་ནས་ངོ་གདོང་དབྱེ་འབྱེད་ངོས་འཛིན་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་རྒྱུགས་ར་རེ་རེའི་སྔོན་དུ། རང་འགུལ་གྱིས་ལས་དོན་མི་སྣར་གཞོགས་འདེགས་ཀྱིས། གོ་རིམ་བཞིན་རྒྱུགས་རར་ཞུགས་དགོས། བདེ་འཇགས་ཞིབ་བཤེར་བྱེད་སྐབས་འཚང་ཁ་མི་ཡོང་བ་དང་། དུས་ཐོག་ཏུ་རྒྱུགས་རར་ཞུགས་ཐུབ་ཆེད། རྒྱུགས་སྤྲོད་སློབ་མ་རྣམ་པས་རྒྱུགས་རར་སྔ་ཙམ་ཕེབས་རོགས།

    གསུམ་པ།   རྒྱུགས་གཞིའི་སྦྱངས་འབྲས་དང་ཐོབ་ཐང་སྤྲོད་པ།

    རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིར་རྒྱལ་ཡོངས་གཅིག་གྱུར་དཔྱད་གཟིགས་བྱ་རྒྱུ།

    2016ལོའི་ཟླ་11ཟླ་སྨད་དུ། ཁྲིམས་འཛིན་པུའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞི་གཞུང་དོན་ཁང་གིས་རྒྱུགས་གཞིའི་སྦྱངས་འབྲས་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། རྒྱུགས་སྤྲོད་མི་སྣས་ཁྲིམས་འཛིན་པུའི་དྲ་ཚིགས་ནས་རང་སོའི་སྦྱངས་འབྲས་བརྡ་ཐོ་ལྕགས་པར་རྒྱག་དགོས་ཤིང་།  རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ནང་ཞུགས་ནས་སྦྱངས་འབྲས་ཚད་ལོན་ཏེ་ཁྲིམས་ལུགས་ལས་རིགས་ཐོབ་ཐང་རེ་ཞུ་བྱེད་པའི་དོན་རྣམས་ལོགས་སུ་ཡོངས་བསྒྲགས་བྱ་རྒྱུ་ཡིན།

    འདི་ལོའི་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ནང་ཞུགས་ནས་སྦྱངས་འབྲས་ལོན་པའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་2017ལོའི་དངོས་གཞིའི་སློབ་ཐོན་སློབ་མས་ 2017ལོའི་ཟླ་7ཚེས་31སྔོན་དུ་2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་སྦྱངས་འབྲས་བརྡ་ཐོ་དང་སློབ་ཐོན་ལག་ཁྱེར་འཁྱེར་ནས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛིན་རྒྱུགས་གཞིའི་གཞུང་ལས་ཁང་ལ་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་རེ་ཞུ་བྱེད་པར་ཡོང་དགོས།

    བཞི་པ། དོན་ཚན་གཞན།

    གཅིག ཁྲིམས་འཛིན་པུས་གཏན་འབེབས་དང་ཡོངས་བསྒྲགས་བྱས་པའི་《2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་རྩ་གནད་》དེ་རྒྱུགས་སྤྲོད་གྲ་སྒྲིག་དཔྱད་གཞིར་འཛིན་ཆོག་ཅིང་།  ཁྲིམས་འཛིན་པུས་ཡིག་རྒྱུགས་མ་བཏང་གོང་གི་སྦྱོང་བརྡར་འཛིན་གྲྭ་གཉེར་རྒྱུ་མིན་ལ། ཚན་པ་གང་ཞིག་མངགས་ནས་2016ལོའི་ཁྲིམས་འཛིན་རྒྱུགས་གཞིའི་ཡིག་རྒྱུགས་མ་བཏང་གོང་གི་སྦྱོང་བརྡར་གསབ་ཁྲིད་བྱ་རྒྱུའི་མངགས་བཅོལ་བྱེད་རྒྱུ་མིན་པས།《2016ལོའི་རྒྱལ་ཁབ་ཁྲིམས་འཛིན་རྒྱུགས་གཞིའི་རྩ་གནད་》ཉོ་དགོས་ཚེ། དུས་ཐོག་ཏུ་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཁྲིམས་འཛིན་ཡིག་རྒྱུགས་གཞུང་དོན་ཁང་ལ་འབྲེལ་བ་གནང་རོགས།

    གཉིས། འབྲེལ་ཡོད་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་ཀྱི་ཆ་འཕྲིན་རྣམས་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་གཞུང་ཕྱོགས་སྐད་འཕྲིན་འཚོལ་བཤེར་བྱས་ནས་ཤེས་རྟོགས་བྱས་ནའང་འགྲིག

    གསུམ། བློ་འདྲིའི་ཁ་པར་ཨང་གྲངས།

    ཁྲིམས་འཛིན་ཐིང་རྒྱལ་ཁབ་ཁྲིམས་འཛིན་ཡིག་རྒྱུགས་གཞུང་དོན་ཁང་། (0891)6285756 6285672 6285727

    གཞིས་རྩེ་གྲོང་ཁྱེར།(0892)8824337     ལྷོ་ཁ་གྲོང་ཁྱེར།(0893)7822460  

    ཉིང་ཁྲི་གྲོང་ཁྱེར།(0894)5822751    ཆབ་མདོ་གྲོང་ཁྱེར།(0895)4824214 

    ནག་ཆུ་ས་ཁུལ། (0896)3820858    མངའ་རིས་ས་ཁུལ། (0897)2824733

    བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་གཞུང་ཕྱོགས་སྐད་འཕྲིན་གྱི་རྩ་གཉིས་ཨང་རྟགས།

    司法考试.jpg

                                        བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ནས།

                                          ༢༠༡༦ལོའི་ཟླ་༦ཚེས་༡༣ཉིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།