དབུ་ཤོག>སྲིད་དོན།
  • བོད་ཀྱི་འཐུས་མི་ཚོགས་པས་ཧན་གོར་འཚམས་འདྲི་བྱས་ཏེ་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-06-13

    ཤིན་ཧྭ་གསར་འགྱུར་ཁང་ཧྲོའར་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་སྣེ་འཁྲིད་དེ་ཧན་གོར་འཚམས་འདྲི་བྱས་ནས་བོད་རང་སྐྱོང་ལྗོངས་དང་ཧན་གོའི་དབར་གྱི་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་བ་རེད།

    ཚེས་8ཉིན་བློ་བཟང་རྒྱལ་མཚན་གྱིས་ཧན་གོ་རེན་ཁྲོན་གྲོང་ཁྱེར་དུ་འགོ་ཚུགས་པའི་སྐབས་དང་པོའི་ཀྲུང་ཧན་ཧྲེང་ཀྲང་རྫོང་དཔོན་ཚོགས་འདུའི་ཐོག་གཏམ་བཤད་གནང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་དང་དམིགས་ཚད་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་བོད་རང་སྐྱོང་ལྗོངས་དང་ཧན་གོ་དབར་གྱི་ཡུལ་སྐོར་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཞིབ་ཕྲའི་གྲོས་འགོ་བཏོན་གནང་བ་རེད།

    ཚེས་9ཉིན་བློ་བཟང་རྒྱལ་མཚན་དང་ཧན་གོ་ཆིང་ཧྲང་ནན་ཏའོ་ཡི་རྫོང་དཔོན་ཧུང་ཀྲོན་ཧྲའོ་ཡིས་བོད་རང་སྐྱོང་ལྗོངས་དང་ཆིང་ཧྲང་ནན་ཏའོ་དབར་མཛའ་གྲོགས་ཀྱི་འབྲེལ་བ་འཛུགས་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། འཐུས་མི་ཚོགས་པའི་དཔོན་རིགས་ཚོས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་བོད་རང་སྐྱོང་ལྗོངས་དང་རྒྱལ་སྤྱིའི་དབར་གྱི་ཞིང་ཆེན་རིམ་པའི་མཛའ་གྲོགས་གྲོང་ཁྱེར་འབྲེལ་བར་ཚད་བརྒལ་ཆེན་པོ་བྱུང་ནས་ཕྱོགས་གཉིས་ཀས་ངོས་འཛིན་གཅིག་མཐུན་རྒྱ་ཆེར་གཏོང་བ་དང་། མཛའ་བཤེས་ཟབ་ཏུ་གཏོང་བ། ཕན་ཚུན་ཡིད་ཆེས་དང་ཤེས་རྟོགས་བཅས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ནུས་པ་གལ་ཆེན་འདོན་ཐུབ་པ་བྱུང་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།