དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་ཁག་གཅིག་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-06

    ཚེས་2ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་། རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུ་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་བོད་ལྗོངས་པད་མ་ལྷ་ཆུ་ཆུ་ལས་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཏཱ་ཀྲའོ་གནས་ཆུ་མ་རྐང་ཚད་ཡོད་ཀུང་སི་སོགས་སུ་ཕེབས་ཏེ་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུ་ཁེ་ལས་ཐོན་སྐྱེད་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་དང་ཐོན་སྐྱེད་ཕྱིར་ཚོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བོད་ལྗོངས་པད་མ་ལྷ་ཆུ་ཆུ་ལས་མ་རྐང་ཚད་ཡོད་ཀུང་སིར་ཅང་ཅེས་ཀུང་སི་དེས་དུས་འགོའི་ཁྲོམ་ར་གསར་འབྱེད་བྱས་པ་བརྒྱུད་གཉེར་ཚོང་གི་ཐབས་ལམ་རགས་ཙམ་ཆགས་ལུགས་དང་། མིག་སྔར། གཙོ་བོ་ནི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་དང་སྒྲིག་ཆས་གནད་སྨིན་ངང་ཚོད་ལྟ་སྙོམས་སྒྲིག་འཐུས་ཚང་དུ་གཏོང་རྒྱུ་དེ་ཡིན་པ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཀུང་སིས་ལས་ཀའི་གཙོ་གནད་སྟངས་འཛིན་ནན་པོ་བྱས་ཏེ་ཐོན་རྫས་ཐོན་སྐྱེད་བྱེད་མགྱོགས་སུ་གཏོང་བ་དང་། གཉེར་ཚོང་གི་ལམ་བུ་ཤར་གཏོང་ཐུབ་པ། ཁྲོམ་རར་འདོན་ཤུགས་ཆེ་རུ་གཏོང་བ། གཉེར་སྐྱོང་མ་གནས་དམའ་རུ་གཏོང་བ། ཚོང་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཐུན་མོང་མ་ཡིན་པའི་རང་བྱུང་འཐུང་ཆུའི་ཐོན་ཁུངས་ཤིག་གསར་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    བོད་ལྗོངས་ཏཱ་ཀྲའོ་གནས་ཆུ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་སྐབས་ཅང་ཅེས་ས་གནས་ས་ཐོག་ཏུ་ཐོན་རྫས་གསར་པ་འགྲེམས་སྟོན་དང་ཐོན་སྐྱེད་བརྒྱུད་རིམ་ལ་གཟིགས་ཞིབ་གནང་ནས་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་རའི་གསར་འབྱེད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཀུང་སིས་ཕྱོགས་མང་པོའི་ཐད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཐབས་ལམ་མང་པོའི་ཐོག་ནས་ཁྲོམ་ར་གསར་འབྱེད་དང་། གཞི་ཁྱོན་དང་བསྡོམས་འབོར་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ཚོང་རྟགས་གཏོད་པ། ཆབ་སྲིད་ཀྱི་ལེགས་ཆར་བརྟེན་པ་བཅས་བྱས་ནས་ཁེ་ལས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།