དབུ་ཤོག>སྲིད་དོན།
  • ཅང་ཅེས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-27

     ཚེས་24ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་ཕེབས་ནས་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཁྲེན་ཆོན་གོ་དང་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི་ཚབ་ཞུས་ཏེ་རིག་རྩལ་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད་སྒྱུ་རྩལ་མཁས་ཅན་ཚོ་དང་སྤེལ་རེས་བཞུགས་མོལ་ཡང་གནང་བ་རེད།

    ཅང་ཅེས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་སྒྱུ་རྩལ་མཁས་ཅན་ཚོའི་བསམ་འཆར་དང་གྲོས་འགོ་གསན་ནས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་རིག་རྩལ་གསར་གཏོད་དང་དེ་བཞིན་རིག་རྩལ་བྱེད་སྒོ་སྤེལ་བའི་ཐད་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉེ་དུས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཅང་ཅེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་དོན་དུ་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་རང་ལྗོངས་ཀྱི་རིག་རྩལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། དམིགས་ཚད་ལ་ལྡིར་སོ་སྤྲོད་ཐུབ་པ་དང་ཧེ་བག་ལ་མཐོང་ཆེན་བྱས་ཏེ་བོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཞིང་ཁམས་སུ་གཞི་ཆགས་ཐུབ་པ་དང་། འཚོ་བའི་ཁྲོད་སྐྱོད་ཐུབ་པ། མི་སེམས་གནས་ཐུབ་པ་བཅས་བྱས་ཏེ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཧྲིལ་པོའི་སྒྱུ་རྩལ་འཕེལ་རྒྱས་ཀྱི་མཐོ་ས་ཧུར་ཐག་གཏོད་ཐུབ་པ་བྱེད་དགོས། རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་ཕྱི་ཕྱོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་གསར་གཏོད་ཚད་བརྒལ་ཡོང་བ་ཧུར་ཐག་བྱས་ཏེ་བརྗོད་བྱ་གཙོ་བོ་དར་སྤེལ་དང་། དྲང་ནུས་རྒྱུན་འཛིན། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་གསར་གཏོད་བྱེད་དགོས། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་དང་ལམ་སྲོལ་སྒྲིག་གཞི་གསར་གཏོད་ཀྱིས་སྲིད་ཇུས་གང་ལེགས་སྤྱོད་པ་དང་བྱེད་ཐབས་དོན་འཁྱོལ་བྱས་ནས་ཤེས་ལྡན་མི་སྣའི་ཡིད་དབང་འགུགས་པ་དང་། གསོ་སྐྱོང་བྱེད་པ། སེམས་གནས་ཐུབ་པ་བྱེད་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བ་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།