དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་སའི“གླིང་ལྔ་དང་གྲོང་སྐོར་ལམ”འཛུགས་སྐྲུན་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ཐད་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-05-23

    283710_yis_1463891280564.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་གླིང་ཁུལ་འཛུགས་སྐྲུན་གྱི་འཕེལ་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཚེས་19ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི“གླིང་ལྔ་དང་གྲོང་སྐོར་ལམ”འཛུགས་སྐྲུན་དང་དེ་བཞིན་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོ་བཙུགས་ཏེ་ཐོན་ལས་གླིང་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན་བྱ་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས་ནང་ངོས་ཀྱི་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ལྷ་སའི་ལྟེ་བའི་གྲོང་ཁྱེར་གྱི་གནས་བབ་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གཉིས་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྐྱོན་བྲལ་ངང་འཕེལ་རྒྱས་དང་ལས་ཞུགས་དབུལ་སྒྲོལ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུའི་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད།

    ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གླིང་གི་ལྟེ་བའི་ཁུལ་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་16.81ཟིན་པ་དང་མིག་སྔར་སྤྲིན་རིམ་རྩིས་རྒྱག་དང་། བྱང་སྐར་སྤུན་བདུན་སྲུང་སྐར་བེད་སྤྱོད། འཕྲིན་གཏོང་གྲངས་གཞིའི་ལྟེ་གནས། ཚན་རྩལ་མཐོ་བའི་འཛུགས་སྐྲུན་རྒྱུ་ཆ་སོགས་མ་འཇོག་བྱ་ཡུལ་ཁེ་ལས་4ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་34.5བཏང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ་བྱེད་པ་དང་འཕེལ་རྒྱས་དེ་བས་ལེགས་པ་དང་། དེ་བས་མྱུར་བ། དེ་བས་ཆེ་བ་བཅས་ཡོང་བ་བྱེད་པར་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་ཨང་དང་པོར་བརྟེན་དགོས་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བ་བྱེད་དགོས། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གླིང་བསྐྲུན་རྒྱུ་དེ་སྣེ་འདྲེན་དང་གོ་སྐབས་སུ་བརྩིས་ནས་སྲིད་གཞུང་དང་ཁྲོམ་རའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཚེ་མཆོག་གླིང་དུ་ཡོད་པའི་བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་དུ་ཕེབས་སྐབས་བློ་བཟང་རྒྱལ་མཚན་གྱིས《འུན་ཤིང་ཀོང་ཇོའི》དངོས་ལྗོངས་ཟློས་གར་དང་། ཀྲུང་གོའི་མཛེས་རྩལ་གསར་གཏོད་ཞིབ་འཇུག་རྟེན་གཞི། བོད་ལྗོངས་དཔེ་སྐྲུན་རིག་གནས་ཐོན་ལས་གླིང་། གྱིམ་ཤིང་ཀོང་ཇོ་འཁྲབ་སྟོན་སྒྱུ་རྩལ་དང་དེ་བཞིན་མངོན་མིན་ཤུལ་བཞག་འགྲེམས་འཁྲབ། དཔེ་ཆ་ཉར་ཚགས་དངོས་མང་སྟོན་ཚོགས་ཁང་སོགས་ཚོང་འགུགས་མ་འདྲེན་རྣམ་གྲངས་གཉེར་སྐྱོང་དང་འཛུགས་སྐྲུན་འཕེལ་རིམ་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    ལྷ་སའི་གྲོང་སྐོར་ལམ་རྣམ་གྲངས་ལོ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་ཡིན་ཞིང་། བློ་བཟང་རྒྱལ་མཚན་སྐྲུན་བཞིན་ཡོད་པའི་ལྷོ་སྐོར་ལམ་ཤང་ཀ་ཟམ་ཆེན་དང་ནུབ་སྐོར་ལམ་རེན་ཧོ་བསྣོལ་ཟམ་དུ་ཕེབས་ནས་སྤུས་ཚད་ཚོད་འཛིན་དང་ཨར་ལས་ཀྱི་འཕེལ་རིམ་དང་དེ་བཞིན་གྲོང་སྐོར་ལམ་གྱི་མཛེས་ལྗོངས་ཇུས་འགོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ལས་གྲྭའི་སྤུས་ཚད་ཚེ་གང་འགན་ཁུར་ནས་ཨར་ལས་ལ་ལྟ་སྐུལ་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བ་དང་ལས་གྲྭའི་ཞིབ་བཤེར་ཚད་ལེན་ནན་པོ་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་པའི་ལས་གྲྭ་རྩེ་གྲ་དང་། བདེ་འཇགས་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་སྐྲུན་དགོས་ཞེས་གསུངས་པ་རེད།

    ས་ཆ་རེར་ཕེབས་རིམ་བཞིན་བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་དང་ཐོན་ལས་ཀྱིས་ལས་ཞུགས་ཀྱི་སྣེ་ཁྲིད་དང་དབུལ་སྐྱོར་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། སྟོད་ལུང་བདེ་ཆེན་རྫོང་བཟང་མོ་གྲོང་ཚོར་གནས་པའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་གཅིག་སྡུད་བཀོད་སྒྲིག་ཁང་པ་འཛུགས་སྐྲུན་བྱ་ཡུལ་དུ་བློ་བཟང་རྒྱལ་མཚན་གྱིས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་དེ་བས་དོ་ཁུར་གནང་བ་མ་ཟད་དཔེ་རིས་པར་གཞིར་གཟིགས་པ་དང་ངོ་སྤྲོད་གསན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་དབུལ་སྐྱོར་དབྱེ་འབྱེད་དང་། སྦྲེལ་མཐུད། ལག་བསྟར་སོགས་ཐད་ཀྱི་གནད་སྨིན་བྱ་ཐབས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པ་ནི་འཛུགས་སྐྲུན་བྱེད་པ་ཙམ་དང་གནས་སྤོ་བྱེད་པ་ཙམ་ཁོ་ན་མིན་པར་འགག་རྩ་ནི“དབུལ་པོ་རྩ་བཅོས་ཐུབ་པ”དང“དབུལ་པོའི་ལས་རིགས་དེ་བས་བརྗེ་ཐུབ་པ”ཞིག་དང་། བདེ་སྡོད་དང་དེ་བས་ལས་བརྩོན། གནས་སྤོ་དང་དེ་བས་དབུལ་སྒྲོལ་ཐུབ་པ་བྱེད་པ་ཞིག་རེད། ལྷ་ས་གྲོང་ཁྱེར་གྱིས་ད་ལྟ་བྱེད་བཞིན་པའི་གླིང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དང་མུ་མཐུད་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལག་བསྟར་གཏིང་ཟབ་བྱས་ནས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་བྱ་རྒྱུ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་ཐུབ་པ་བྱེད་དགོས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ད་དུང་ལྷ་སའི་ལྷོ་རིའི་སྣོད་བཅུད་ཁུལ་དུ་རྟོག་ཞིབ་གནང་བ་དང་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་དང་སྤེལ་རེས་གཏིང་ཟབ་གནང་ནས་ལྷ་སའི་ས་གཙང་ལྷད་མེད་ཐོན་ལས་གླིང་དང་དོན་གྲུབ་དངུལ་རྩའི་ཐོན་ལས་གླིང་ལ་སྐུལ་མ་གཏོང་ཚུལ་མཁྱེན་རྟོགས་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།