དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-05-12

    280104_yis_1462937631448.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོར་གཟིགས་པ་དང་འཚམས་འདྲིའང་གནང་བའི་གནས་ཚུལ་ཡིན་པ།

    ཚེས་8དང་9ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་ཕེབས་ནས་རི་ཟུར་ཟམ་པ་དང་། འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ས་ཚིགས། མར་དཀར་གྲོང་ཚོ་སོགས་སུ་གཙོ་བོ་འགག་སྒོའི་ས་ཁོངས་འཕེལ་རྒྱས་ཐད་བརྟག་ཞིབ་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། གཞིས་རྩེ་གྲོང་ཁྱེར། སྐྱིད་གྲོང་རྫོང་། སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ཡོན་ལྷན་ཁང་། འགག་སྒོ། མཐའ་མཚམས་ནས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། མཐའ་མཚམས་ཞིབ་བཤེར་སོགས་ཀྱི་འགན་འཁུར་བློ་མཐུན་ཞུགས་པའི་ས་གནས་ས་ཐོག་གི་གཞུང་ལས་ཚོགས་འདུ་སྒྲིག་འཛུགས་ཡོད་པའི་སྒོ་ནས་འཚོགས་ཏེ་སྐྱིད་གྲོང་འགག་སྒོའི་འཕེལ་རྒྱས་ལས་དོན་ལ་སྐུལ་མ་ཤུགས་ཆེན་བཏང་གནང་བ་རེད།

    སྐྱིད་གྲོང་འགག་སྒོ་དོ་དམ་ཨུ་ལྷན་དང་། འགག་སྒོ། མཐའ་མཚམས་ནས་འགྲོ་འོང་ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར། མཐའ་མཚམས་ཞིབ་བཤེར་སོགས་སྡེ་ཚན་གྱི་གཏམ་བཤད་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས་སྐྱིད་གྲོང་འགག་སྒོ་དངོས་སུ་རྒྱ་ཆེར་བཏང་ནས་སྒོ་མོ་འབྱེད་ཚུན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྐྱིད་གྲོང་འགག་སྒོའི་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་སྐྱིད་གྲོང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དང་སྐྱིད་གྲོང་འགག་སྒོའི་དུས་སྐབས་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ནས་སྐྱིད་གྲོང་འགག་སྒོའི་ཚོང་དོན་དང་། ཡུལ་སྐོར། གྲོང་ཁྱེར་དང་གྲོང་གསེབ་སོགས་འཕེལ་རྒྱས་ལ་སྤྱི་ཡོངས་ནས་སྐུལ་མ་བཏང་ཐོག་ལྗོངས་ཡོངས་ཀྱི་གསར་གཏོད་དང་། མཐུན་སྦྱོར། སྔོ་ལྗང་། སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་བྱེད་པའི་དཔེ་སྟོན་ལ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

    གཅིག་ནས“དམ་འཛིན་བྱེད་དགོས་དོན་གང་ཡིན་པའི”ཐད་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་དགོས་ཤིང་། སྐྱིད་གྲོང་འགག་སྒོར་ས་གཤིས་དང་། རང་བྱུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཆ་རྐྱེན་གྱི་ལེགས་ཆ་ལྡན་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་རིགས་དང་པོའི་སྐམ་ལམ་གྱི་ཚོང་འགྲུལ་ཤར་གཏོང་ཐུབ་པའི་འགག་སྒོ་ཞིག་དང་། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”ཀྱི་འཐབ་ཇུས་ལག་བསྟར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་འཛུགས་སྐྲུན་གྱི་གལ་ཆེའི་གཡུལ་ས་མདུན་མ་ཞིག་རེད། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་སྤྱི་ཡོངས་ཀྱི་འདུ་ཤེས་དང་། འཐབ་ཇུས་ཀྱི་འདུ་ཤེས། ཕུགས་ཀྱི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་སྐྱིད་གྲོང་འགག་སྒོ་འཛུགས་སྐྲུན་བྱས་པ་དེས་མཐའ་མཚམས་ཚོང་དོན་དང་ཡུལ་སྐོར་རིམ་སྤོར་དང་། ནང་ངོས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། མཐའ་དར་དང་། མཐའ་ཕྱུག མཐའ་མཚམས་བརྟན་ལྷིང་། མཐའ་མཚམས་སྲ་བརྟན་བཅས་ལ་སྐུལ་མ་གཏོང་བའི་ཆེས་གལ་ཆེའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་མཐོར་གཏོང་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔར་བས་གསལ་བཟོ། འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་དམ་འཛིན། རྒྱུན་གཏན་ལས་བརྒལ་བའི་བྱེད་ཐབས་སྔར་བས་ཤུགས་ཆེ། ཕྱོགས་ཚང་མའི་ཐད་ཀྱི་ཧུར་སེམས་སྔར་བས་སྐོང་འཐེན་བཅས་བྱས་ཏེ་སྐྱིད་གྲོང་འགག་སྒོ་འཛུགས་སྐྲུན་དེ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས།

    གཉིས་ནས“གང་ཞིག་ལ་དམ་འཛིན་བྱེད་པའི”ཐད་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། འགག་སྒོའི་ནུས་པ་འཐུས་སྒོ་ཚང་དུ་བཏང་ནས་མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་ཉམས་བཟོ་དང་། ཟོག་འདྲེན་མཛོད་ཁང་དང་། རྒྱལ་སྤྱིའི་མཐའ་མཚམས་ཚོང་དོན་ཁྲོམ་ར། དངོས་ཟོག་ཞིབ་བཤེར་བྱ་ཡུལ་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྐྱིད་གྲོང་གཞུང་ལམ་གྱི་འགྲིམ་འགྲུལ་བརྟན་གཏོང་དང་བཅོས་སྒྲིག་བྱས་ནས་ལྷ་གཞིས་ལྕགས་ལམ་དེ་སྐྱིད་གྲོང་དུ་སྣུར་བསྲིང་བྱེད་པའི་དུས་འགོའི་ལས་དོན་ལ་སྐུལ་མ་ཧུར་ཐག་གཏོང་དགོས།

    གསུམ་ནས“དམ་འཛིན་ཇི་ལྟར་བྱེད་རྒྱུའི”ཐད་ཟུང་འབྲེལ་ཡག་པོ་བྱེད་དགོས་ཤིང་། སྐྱིད་གྲོང་འགག་སྒོ་གནས་ཡུལ་ས་ཁོངས་འཕེལ་རྒྱས་གཏོང་རྒྱུ་དེ་ཆ་ལག་ཚང་བའི་ལས་གྲྭ་དང་སྤྱི་ཡོངས་ཀྱི་ལས་དོན་ལ་བརྩིས་ནས་སྤྱི་འདོམས་བསམ་གཞིགས་དང་མཐུན་སྦྱོར་སྐུལ་འདེད་གཏོང་དགོས། འགག་སྒོ་འཛུགས་སྐྲུན་དེ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན། གྲོང་གསེབ་གསར་པ་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་སྲ་བརྟན་དང་བརྟན་ལྷིང་ཡོང་བ་བྱེད་པ་སོགས་གཙོ་གནད་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་འཆར་འགོད་འབྲེལ་མཐུད་དང་། སྟོབས་ཤུགས་བསྡུ་སྒྲིལ། དོ་དམ་གཞི་གཅིག དམིགས་ཚད་གཅིག་གྱུར། ཁ་ཕྱོགས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། “ལྷུག་གཏོང་དང་། དོ་དམ། ཞབས་ཞུ”བཅས་སྒྱུར་བཅོས་དེ་འགོ་ཁྲིད་ལ་ཤུགས་སྣོན་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྐྱིད་གྲོང་འགག་སྒོ་འཕེལ་རྒྱས་ཡག་པོ་ཡོང་རྒྱུར་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

    བཞི་ནས“གང་ཞིག་དམ་འཛིན་བྱེད་མི་རུང་བའི”ཐད་མཐའ་ཐིག་གི་བསམ་ཕྱོགས་ཟབ་ཏུ་གཏོང་དགོས་ཤིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། བདེ་འཇགས་ཐོན་སྐྱེད། མཐུན་སྦྱོར་བརྟན་ལྷིང་བཅས“མཐའ་ཐིག་གསུམ”བརྟན་སྲུང་གིས་ཁྲིམས་ལུགས་དང་སྒྲིག་ལམ་གྱི་ཚོད་འཛིན་དང་ལྟ་སྐུལ་ཞིབ་བཤེར་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཀོལ་སྤྱོད་ཁྲོད་བྱེད་མི་ཆོག་པའི་ཞིབ་ཕྲའི་བྱ་བ་ཁ་གསལ་བཟོས་ནས་འཛུགས་སྐྲུན་ཁག་གི་ཞིབ་ཆ་ཚོད་འཛིན་ཡག་པོ་བྱས་ཏེ་འཛུགས་སྐྲུན་གྱི་ཉམས་འགྱུར་དང་། སྤྱི་ཡོངས་ཀྱི་རྣམ་པ། ཞབས་ཞུའི་ནུས་པ་བཅས་ལ་ཤུགས་རྐྱེན་མི་ཕོག་པ་དང་ཕན་འབྲས་བཟང་པོ་ཐོབ་པ་བྱེད་དགོས།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ད་དུང་སྐྱིད་གྲོང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་། སྐྱིད་གྲོང་རྫོང་གི་འགན་ལེན་ལྔའི་གཅིག་སྡུད་གསོ་ཉར་ཞབས་ཞུ་ལྟེ་གནས། ལྷ་རྩེ་རྫོང་གྲོང་གི་འཆར་འགོད་བཅས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་སྐྱིད་གྲོང་གྲོང་རྡལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལའང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།