དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་རྩ་གནད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-04-27

    དཀར་ཆག

    ལེ་ཚན་དང་པོ། དཀའ་ངལ་ཁྱད་བསད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ།

    ལེའུ་དང་པོ། གོང་འཕེལ་གྱི་ཁོར་ཡུག

    ལེའུ་གཉིས་པ། འཐབ་ཇུས་ངེས་གནས་དང་། མཛུབ་ཁྲིད་བསམ་བློ། གོང་འཕེལ་གྱི་འདུ་ཤེས།

    ལེའུ་གསུམ་པ། དམིགས་ཚད་གཙོ་བོ།

    ལེ་ཚན་གཉིས་པ། དམངས་འཚོ་ལེགས་བཅོས་བྱས་ཏེ་ཕྱོགས་ཡོངས་ནས་གོང་འཕེལ་གྱི་འབྲས་བུ་མཉམ་དུ་སྤྱོད་རྒྱུ།

    ལེའུ་བཞི་པ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལས་གཞི་ལག་བསྟར་བྱ་རྒྱུ།

    ལེའུ་ལྔ་པ། ལས་ཞུགས་དང་བྱ་གཞག་སྐྲུན་པའི་བྱེད་སྒོ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

    ལེའུ་དྲུག་པ། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཐུབ་པ་བྱ་རྒྱུ།

    ལེའུ་བདུན་པ། སློབ་གསོ་གོང་འཕེལ་སྔོན་དུ་གཏོང་རྒྱུ།

    ལེའུ་བརྒྱད་པ། བདེ་ཐང་གི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ལེའུ་དགུ་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ།

    ལེའུ་བཅུ་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

    ལེའུ་བཅུ་གཅིག་པ། སྤྱི་པའི་ཞབས་ཞུ་སྒྲུབ་སྟངས་འཐུས་ཚང་དུ་གཏོང་རྒྱུ།

    ལེ་ཚན་གསུམ་པ། གསོན་ཤུགས་ཆེར་གཏོང་གིས་བསྒྱུར་བཅོས་དང་གསར་གཏོད་འདེད་སྐུལ་དུ་བྱས་ཏེ་གོང་འཕེལ་གཏོང་རྒྱུ།

    ལེའུ་བཅུ་གཉིས་པ། གཙོ་གནད་ཁྱབ་ཁོངས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    ལེའུ་བཅུ་གསུམ་པ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་བཅུ་བཞི་པ། ཤེས་ལྡན་པའི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ལེའུ་བཅོ་ལྔ་པ། ཚན་རྩལ་གསར་གཏོད་དང་བེད་སྤྱོད་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ།

    ལེའུ་བཅུ་དྲུག་པ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ལེ་ཚན་བཞི་པ། འདེགས་སྐྱོར་ཤུགས་ཆེ་བྱས་ཏེ་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ།

    ལེའུ་བཅུ་བདུན་པ། ཕན་ཚུན་སྦྲེལ་མཐུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུ།

    ལེའུ་བཅོ་བརྒྱད་པ། ཕྱོགས་བསྡུས་ནུས་རྒྱུ་ནུས་ལྡན་སྤྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ལེའུ་བཅུ་དགུ་པ། ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ལེ་ཚན་ལྔ་པ། སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་བྱས་ནས་ས་མཐོའི་ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ལེའུ་ཉི་ཤུ་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ལེའུ་ཉེར་གཅིག་པ། དགེ་སྟོབས་ཆེ་བའི་ཐོན་ལས་གཉིས་པ་གོང་འཕེལ་གཏོང་རྒྱུ།

    ལེའུ་ཉེར་གཉིས་པ། ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ལེའུ་ཉེར་གསུམ་པ། ཁྱད་ལྡན་ལེགས་སྟོབས་ཆེ་བའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    ལེ་ཚན་དྲུག་པ། གྲུབ་ཆ་ལེགས་སྒྲིག་བྱས་ཏེ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ་བྱ་རྒྱུ།

    ལེའུ་ཉེར་བཞི་པ། ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བཟོ་རྒྱུ།

    ལེའུ་ཉེར་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    ལེའུ་ཉེར་དྲུག་པ། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    ལེ་ཚན་བདུན་པ། མཉམ་ལས་གཉིས་ཕན་བྱས་ཏེ་གོ་རིམ་ལྡན་པའི་ངང་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ།

    ལེའུ་ཉེར་བདུན་པ། རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་མོ་འབྱེད་པའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ།

    ལེའུ་ཉེར་བརྒྱད་པ། ག་སྦྱར་རོགས་སྐྱོར་ལས་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་གསར་གཏོད་བྱ་རྒྱུ།

    ལེའུ་ཉེར་དགུ་པ། སྒོ་དབྱེའི་ལས་སྟེགས་སྐྲུན་རྒྱུར་ཤུགས་རྒྱག་རྒྱུ།

    ལེ་ཚན་བརྒྱད་པ། སྲུང་བཅད་བརྟན་པོ་བཙུགས་ནས་ཐཱན་ཉུང་འབྱུང་འཕྲོད་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུ།

    ལེའུ་སུམ་ཅུ་པ། རང་བྱུང་འབྱུང་ཁམས་ཀྱི་མ་ལག་སྲུང་སྐྱོབ་དང་སླར་གསོ་བྱ་རྒྱུ།

    ལེའུ་སོ་གཅིག་པ། ཕྱོགས་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ།

    ལེའུ་སོ་གཉིས་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ།

    ལེའུ་སོ་གསུམ་པ། གནོད་འགོག་གེགས་སེལ་གྱི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    ལེ་ཚན་དགུ་པ། སེམས་ཤུགས་གཅིག་ཏུ་འགྲིལ་ནས་ཞི་མཐུན་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ།

    ལེའུ་སོ་བཞི་པ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ལེའུ་སོ་ལྔ་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ།

    ལེའུ་སོ་དྲུག་པ། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ།

    ལེ་ཚན་བཅུ་པ། བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ།

    ལེའུ་སོ་བདུན་པ། ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།

    ལེའུ་སོ་བརྒྱད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ།

    ལེའུ་སོ་དགུ་པ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    ལེ་ཚན་བཅུ་གཅིག་པ། ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཡག་པོ་ཡོང་བ་བྱ་རྒྱུ།

    ལེའུ་བཞི་བཅུ་པ། ཏང་གི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་བྱ་རྒྱུ།

    ལེའུ་ཞེ་གཅིག་པ། འཆར་འགོད་ལག་བསྟར་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་ཞེ་གཉིས་པ། འཆར་འགོད་ཀྱི་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

    བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”(2016ལོ་ནས་2020ལོའི་བར)རིང་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་རྩ་གནད་དེ《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་ཕྱོགས་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་འགོ》གཞིར་བཟུང་བཟོ་འགོད་བྱས་ཤིང་། དེའང་གཙོ་བོ་རང་སྐྱོང་ལྗོངས་ཀྱི་འཐབ་ཇུས་དགོངས་དོན་གསལ་སྟོན་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདུན་མཚོན་པར་བྱ་རྒྱུ་དང་། ཁྲོམ་རྭ་གཉེར་མཁན་ལ་ཁྲིད་སྟོན་བྱ་རྒྱུ་གསལ་འགྲེལ་བྱས་ཡོད་པས་འབྱུང་འགྱུར་ལོ་ལྔའི་ནང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་བརྗིད་ཆེའི་དམིགས་ཚད་ཅིག་ཡིན་ལ་སྲིད་གཞུང་གིས་འགན་འཁྲི་ལག་བསྟར་བྱ་རྒྱུའི་གལ་ཆེའི་གཞི་འཛིན་ས་དང་སྤྱི་ཚོགས་ཡོངས་ཀྱི་མཉམ་དུ་བྱ་སྤྱོད་སྤེལ་རྒྱུའི་རྩ་གནད་ཞིག་ཀྱང་ཡིན།

    ལེ་ཚན་དང་པོ། དཀའ་ངལ་ཁྱད་བསད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ།

    2.jpg

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུའི་རྒྱལ་ཁའི་དུས་མཚམས་ཤིག་ཡིན་པས་ངེས་པར་དུ་གོང་འཕེལ་གྱི་སྤྱིའི་ཁོར་ཡུག་དམ་འཛིན་གྱིས་བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་ཡར་བརྩོན། རང་རྟོགས་ངང་རྒྱུན་རྣམ་གསར་པ་དང་བསྟུན་ཏེ་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ལེའུ་དང་པོ། གོང་འཕེལ་གྱི་ཁོར་ཡུག

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གོང་འཕེལ་གྱི་ཉམས་མྱོང་བཟང་པོར་ཕྱོགས་བསྡོམས། ཚན་རིག་ཐོག་ནས་ལྗོངས་ཕྱི་ནང་གི་དུས་བབ་དང་འགྱུར་ལྡོག་གསར་པར་དབྱེ་ཞིབ། གོང་འཕེལ་ཐད་ཀྱི་དགེ་མཚན་ལྡན་པའི་ཆ་རྐྱེན་དང་ཉེན་ཆེའི་འགྲན་རྩོད་དམ་འཛིན་ཡང་དག་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་གསར་པ་དང་འཚམ་པ་བྱ་རྒྱུ།

    ས་བཅད་དང་པོ། གོང་འཕེལ་གྱི་རྨང་གཞི།

    “ལོ་ལྔ་ཚན་བཅུ་གཉིས་པ”དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་བསམ་གཞི་དང་། མཛུབ་ཁྲིད་བྱེད་ཕྱོགས། གལ་ཆེའི་རྩ་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་མགྱོགས་མྱུར་བཏང་བས་བྱ་གཞག་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དཔལ་འབྱོར་འཛུགས་སྐྱོང་ཤུགས་ཆེ་བྱས་པ། དཔལ་འབྱོར་རྒྱུན་མཐུད་མགྱོགས་མྱུར་འཕར་སྣོན་བྱུང་ཞིང་། དཔལ་འབྱོར་གྱི་སྤྱི་འབོར་སྒོར་དུང་ཕྱུར་1000ལས་བརྒལ་བ་དང་། མི་རེའི་ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་30000ལས་བརྒལ་ཡོད། ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་བ་དང་། ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་གྲངས་ཁྲི་2000ལས་བརྒལ་བ། དངུལ་རྩའི་མ་ལག་དེ་བས་འཐུས་སྒོ་ཚང་དུ་སོང་བ། དཔལ་འབྱོར་གོང་འཕེལ་ཐད་དངུལ་རྩར་བརྟེན་ནས་རོགས་སྐྱོར་བྱེད་པའི་གྲུབ་འབྲས་ཡག་པོ་ཐོན་པ། རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ། གཞུང་ལམ་སྤྱི་ལི་ཁྲི་1.7གསར་སྐྲུན་བྱས་པ་དང་། རིམ་པ་མཐོ་བའི་གཞུང་ལམ་སྤྱི་ལི་300སྐྲུན་པ། ཤིན་བོད་གཞུང་ལམ་ཡོངས་རྫོགས་སྣུམ་ནག་ལམ་བཟོས་པ། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་པ། མངའ་རིས་གནམ་ཐང་དང་ཕུ་མདོ་ཆུ་བེད་ལྟེ་གནས་སོགས་གལ་ཆེའི་རྣམ་གྲངས་སྐྲུན་ཟིན་ནས་བེད་སྤྱོད་བྱེད་བཞིན་ཡོད། ཞིང་ལས་ཆུ་བེད་སྒྲིག་བཀོད་འགན་སྲུང་ནུས་པ་ཤུགས་ཆེར་ཕྱིན་པ། གློག་འདོན་འཕྲུལ་ཆས་ནས་གློག་འདོན་ཚད་ཆན་ཝ་ཁྲི་230ལས་བརྒལ་བ་དང་། མཚོ་བོད་དང་ཁྲོན་བོད་ཀྱི་གློག་དྲ་སྦྲེལ་མཐུད་བྱས་པ་དང་གློག་ཕྱིར་འཁྲིད་ཐུབ་ཡོད། དམངས་འཚོ་འགན་ལེན་ཤུགས་ཆེན་བྱས་པ། དམངས་ཕན་དང་། དགོན་སྡེ་དང་གྲྭ་བཙུན་གཉིས་ཕན་གྱི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དམངས་འཚོའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་རྒྱ་ཆེར་གཏོང་ཤུགས་རྒྱུན་མཐུད་ཤུགས་ཆེར་བཏང་བ། ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་དུ་སྤེལ་བ། འགན་ལེན་ལྔ་གཅིག་སྡུད་ཐོག་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱ་རྒྱུ་སྔོན་དུ་ཁྱབ་སྤེལ་བཏང་བ། གྲོང་མིའི་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་བཅོས་བྱུང་བ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་མགྱོགས་ཙམ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་པ་བཅས་ཡིན། འབྱུང་ཁམས་འཛུགས་སྐྱོང་ཤུགས་ཆེ་བྱས་པ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱ་རྒྱུ་དང་། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱ་རྒྱུ། གཙོ་གནད་གཤེར་ས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུ། ནགས་ཚལ་འགོག་སྲུང་གི་མ་ལག་འཛུགས་རྒྱུའམ་དེ་བཞིན་བྱེ་སྐྱོན་འགོག་བཅོས་དང་། རྨོ་སྐྱུར་ནགས་གསོ། སྐྱས་སྤོས་རྩྭ་གསོ་སོགས་ཀྱི་གལ་ཆེའི་འབྱུང་ཁམས་སྲུང་སྐྱོང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པ་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གཞི་སྤེལ་སྒོ་བཙུགས་ནས་ནགས་བཟོ་མུའུ་ཁྲི་516.6ལེགས་སྒྲུབ་བྱས་པས་ནགས་ཚལ་དང་རྩ་ཐང་གི་སྔོ་ཁེབས་ཟམ་མི་ཆད་པར་ཤུགས་ཆེར་ཕྱིན་པ་དང་། འབྱུང་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅོག་པར་དགེ་མཚན་ལྡན་པའི་འཕེལ་རིམ་བྱུང་ཡོད། སྒྱུར་བཅོས་སྒོ་དབྱེ་ཤུགས་ཆེ་བྱས་པ། སྤྱི་ཚོགས་བཅོས་སྐྱོང་དང་། དཔལ་འབྱོར་སྒྲིག་གཞི། ཞིང་འབྲོག་ཁུལ། སྲིད་འཛིན་ཞིབ་མཆན་སོགས་གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་གཙོ་བོར་སྒྱུར་བཅོས་གཏིང་ཟབ་བྱད་པ་དང་། “ལྷུག་གློད་ལྔ་དང་། རྒྱབ་སྐྱོར་དྲུག”གི་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གཙོ་རྐང་དུད་ཚང་ཁྲི་2.82མང་དུ་སོང་སྟེ་29.8%འཕར་བ་དང་། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་འགྲེམས་ཚོགས་དེ་རིམ་པ་མང་བའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་ཁྱབ་ཁོངས་མང་བའི་ཐོག་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་གལ་ཆེའི་སྟེགས་བུ་ཞིག་ཏུ་འགྱུར་ཡོད། སྤྱི་ཚོགས་བཅོས་སྐྱོང་ཤུགས་ཆེ་བྱས་པ། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་པ་སོགས་ཕྱོགས་བཅུའི་ཐད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་བས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཐུབ་པ་དང་། ཡུན་རིང་བདེ་འཁོད་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ལོ་ལྔའི་རིང་རང་སྐྱོང་ལྗོངས་ཀྱིས་བོད་ལ་འཕྲད་པའི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླར་དམིགས་པ་དང་། གོང་འཕེལ་དང་བརྟན་ལྷིང་དོན་ཆེན་གཉིས་དམ་འཛིན་བྱེད་པ། གོང་འཕེལ་དང་བརྟན་ལྷིང་གི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས་པས་མཐའ་སྐྱོང་བོད་བརྟན་གྱི་ནུས་པ་རྒྱུན་ཐོན་ལམ་སྲོལ་ཞིག་ཆགས་ཡོད། “དྲུག་དྲུག་གསུམ”གྱི་གོང་འཕེལ་བསམ་གཞི་དང་གསར་གཏོད་བྱ་ཐབས་ཤིག་ཆགས་པ་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། འབྱུང་ཁམས་བཟང་བ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་ཡོད། བྱ་ཐབས་དེ་རིགས་སྤྱད་པ་ནི་ཀྲུང་དབྱང་གི་བླང་བྱ་དང་བོད་ཀྱི་དོན་དངོས་དང་ཡོངས་སུ་འཚམ་པ་ར་སྤྲོད་ཐུབ་ཡོད་པས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས།

    ས་བཅད་གཉིས་པ། གོང་འཕེལ་གྱི་འཕེལ་ཕྱོགས།

    ལོ་མང་གསོག་འཇོག་དང“ལོ་ལྔ་ཚན་བཅུ་གཉིས་པའི”རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་སྐས་རིམ་གསར་པ་ཞིག་དུ་སླེབས་པ་དང་། རྗེས་མཐུད་ནུས་པ་འདོན་རྒྱུའི་དངོས་པོའི་རྨང་གཞི་དང་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཡོད་ཀྱང་དཔལ་འབྱོར་གོང་འཕེལ་གྱི་ཐོག་མའི་རང་བཞིན་དང་། གཞན་རྟེན་རང་བཞིན། རགས་ལས་རང་བཞིན་བཅས་ཀྱི་ཁྱད་ཆོས་ད་དུང་མངོན་གསལ་དོད་པོ་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་ཀྱི་གཞི་ཁྱོན། མི་ཤུགས་ཐོན་ཁུངས། སྒོ་མོ་འབྱེད་ཚད། གསར་གཏོད་ནུས་པ་སོགས་གཅུར་འགག་སྔར་བཞིན་འཐེབས་པ། བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གཏིང་ཟབ། དབུལ་སྐྱོར་འགག་སྒྲོལ། དམངས་འཚོ་ལེགས་བཅོས། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་ཀྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྔར་བཞིན་ཛ་དྲག་པོ་ཡོད་པ་བཅས་གསལ་རྟོགས་ཐུབ་པ་བྱུང་། མིག་སྔར་རང་ལྗོངས་དེ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་གཏན་འཁེལ་གྱི་དུས་རིམ་ཞིག་དང་། འབྱུང་ཁམས་ནུས་པ་ཐོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་དམ་འཛིན་བྱས་ནས་རང་ངོས་གོང་འཕེལ་ཤུགས་ཆེར་གཏོང་རྒྱུའི་གལ་ཆེའི་དུས་རིམ་ཞིག རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་ཡུན་རིང་བདེ་འཁོད་ཡོང་རྒྱུའི་འགག་རྩའི་དུས་རིམ་ཞིག་བཅས་སུ་སླེབས་ཡོད། ཕྱིས་འབྱུང་ལོ་ལྔའི་ནང་འཕྲད་དཀའ་བའི་གོ་སྐབས་དང་མཐུན་རྐྱེན་བཟང་པོ་འཕྲད་ཡོད། རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པའི་སྣེ་ཁྲིད་དེ་གོང་འཕེལ་གཏོང་ཐབས་གང་མགྱོགས་ལེགས་འགྱུར་གཏོང་རྒྱུ། ཕྱོགས་བསྡུས་རྒྱལ་ཤུགས་སྟོབས་ཆེ་བ་དང་། འཕར་སྣོན་གྱི་སྒུལ་ཤུགས་གསར་པ་རིམ་གྱིས་གྲུབ་ནས་དཔལ་འབྱོར་ཡུན་རིང་ལེགས་ལ་གཞི་རྩའི་ཐོག་འགྱུར་བ་བྱུང་མེད་པས་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འགན་སྲུང་སྲ་བརྟན་ཐུབ་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་སེམས་ལ་བཞག་པ་དང་། བོད་ལ་མཐོང་ཆེན། བོད་ལ་རོགས་སྐྱོར་བཅས་གནང་སྟེ་ཏང་གི་བོད་སྐྱོང་ཐབས་ཇུས་སྔར་བས་འཐུས་ཚང་དང་གོང་འཕེལ་སོང་བ་དང་། བོད་ལྗོངས་གོང་འཕེལ་གྱི་འཐབ་ཇུས་ངེས་གནས་གསལ་པོ་བཟོས་པས་རང་ལྗོངས་མགྱོགས་མྱུར་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བཟོས་ནས་བོད་ལྗོངས་གོང་འཕེལ་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། རྒྱལ་ཁབ་ཀྱིས་རང་ལྗོངས་དེ“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་སྤྱིའི་ཁྱབ་བཀོད་ནང་འཇུག་རྩིས་ཡོད་པ་དེས་མེས་རྒྱལ་ནང་ས་དང་ཨེ་ཤེ་ཡ་ལྷོ་མ་མཐུད་སྦྲེལ་བྱེད་པར་རང་ལྗོངས་ཀྱི་གནས་བབ་ལེགས་ཆ་དང་ཟམ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་ཐོགས་ཡོད་ལ་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ་དང་། ནང་ཁུལ་དང་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་ཇེ་མགྱོགས་སུ་གཏོང་ཆེད་བར་སྟོང་ཆེན་པོ་གཏོད་ཡོད། རང་ལྗོངས་ཀྱི་མི་རིགས་ཁག་མཐུན་སྒྲིལ་འཆམ་མཐུན་དང་། ཆོས་ལུགས་འཆམ་མཐུན་ལམ་ལྷོངས། སྤྱི་ཚོགས་རྒྱུན་མཐུན་བརྟན་ལྷིང་བཅས་བྱུང་བས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་ཕྱིར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

    ང་ཚོས་གོང་འཕེལ་གྱི་འཕེལ་ཕྱོགས་བཟང་པོར་ངོས་འཛིན་གསལ་པོ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་བཅོག་པ་བཅས་བྱས་ནས་ནུས་ཤུགས་གཅིག་སྡུད་ཀྱིས་གོང་འཕེལ་གཏོང་རྒྱུར་དམ་འཛིན་དང་། སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་བརྟན་ལྷིང་ལ་འགན་སྲུང་བཅས་བྱས་ཐོག་དཔལ་འབྱོར་སྤྱི་ཚོགས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་གཏོད་རྒྱུ།

    ལེའུ་གཉིས་པ། འཐབ་ཇུས་ངེས་གནས་དང་། མཛུབ་ཁྲིད་བསམ་བློ། གོང་འཕེལ་གྱི་འདུ་ཤེས།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་འཐབ་ཇུས་ངེས་གནས་དང་མཛུབ་ཁྲིད་བསམ་བློ་ཁ་གསལ་ཡོད་དགོས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུ།

    ས་བཅད་དང་པོ། འཐབ་ཇུས་ངེས་གནས།

    བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་གལ་ཆེའི་བདེ་འཇགས་སྲུང་བཅད་དང་། གལ་ཆེའི་འབྱུང་ཁམས་ཀྱི་བདེ་འཇགས་སྲུང་བཅད། གལ་ཆེའི་འཐབ་ཇུས་ཀྱི་ཐོན་ཁུངས་གསོག་འཇོག་རྟེན་གཞི། གལ་ཆེའི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་རྟེན་གཞི། གལ་ཆེའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ། འཛམ་གླིང་ཡུལ་སྐོར་དམིགས་ས་གལ་ཆེན། གལ་ཆེའི“ནུབ་གློག་ཤར་འཁྲིད”ཀྱི་མཐུད་སྦྲེལ་རྟེན་གཞི། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་བཅས་ཡིན།

    ས་བཅད་གཉིས་པ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་མཛུབ་ཁྲིད་བསམ་བློ།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང”བྱེད་པའི་གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གོང་འཕེལ་གྱི་ལྟ་བ་གསར་པ་བརྟན་པོ་འཛུགས་རྒྱུ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་གྱུར་སྣེ་ཁྲིད་དང་། ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་འཁྱོངས། ཁྲིམས་བཞིན་བོད་ལྗོངས་སྐྱོང་བ་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་རྒྱུན་འཁྱོངས། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བཅས་བྱ་རྒྱུ་དེ་བོད་ཀྱི་ལས་དོན་སྐོར་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་རྒྱུ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩི་རྒྱུ་རྒྱུན་འཁྱོངས། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ཆ་ལྡན་པའི་ཐོན་ལས། འབྱུང་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་བྱ་རྒྱུ་བཅས་གཙོ་གནད་དུ་བཟུང་རྒྱུ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་གོང་མཐོར་གཏོང་རྒྱུ་ལྟེ་བར་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཇེ་མགྱོགས་སུ་གཏོང་རྒྱུ་དང་ཁྲོམ་རའི་གཙོ་རྒྱུའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་རྒྱུ་ཐབས་ལམ་དུ་བྱེད་པ་བཅས་བྱས་ཐོག རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་འགན་ལེན། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུ་འགན་ལེན། འབྱུང་ཁམས་ཁོར་ཡུག་བཟང་པོ་ཡོང་བར་འགན་ལེན་བཅས་བྱས་ཏེ་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱ་རྒྱུའི་འབད་འཐབ་དམིགས་ཚད་མངོན་གྱུར་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་གསར་པ་བརྩམས་རྒྱུ་ཡིན།

    རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཤམ་གྱི་རྩ་དོན་ཁག་མཐའ་འཁྱོངས་བྱེད་དགོས་པ་སྟེ།

    མི་དམངས་ཀྱི་གཙོ་བོའི་གནས་བབ་རྒྱུན་འཁྱོངས་བྱ་རྒྱུ། གོང་འཕེལ་གཏོང་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། མི་དམངས་ཀྱི་ཆེད་དུ་གོང་འཕེལ་གཏོང་བ། མི་དམངས་ལ་བརྟེན་ནས་གོང་འཕེལ་གཏོང་བ། གོང་འཕེལ་གྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་དུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ། ངེས་པར་དུ་དམངས་འཚོའི་ཕྱོགས་སྟོན་མངོན་ཆེར་བཟུང་སྟེ་དམངས་འཚོ་ལེགས་བཅོས་དང་། མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་སར་བརྩིས་ཐོག་མི་དམངས་ཀྱི་རེ་བར་བསྟུན་པ་དང་། མི་དམངས་ཀྱི་འདོད་བློར་བརྩི་འཇོག་བྱས་ནས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ཐུབ་ཀྱིས་མི་རིགས་ཁག་གི་མང་ཚོགས་ཚོས་གོང་འཕེལ་ནང་ཞུགས་ཚད་དང་། གྲུབ་འབྲས་ཐོབ་སེམས། བདེ་སྐྱིད་ཚོར་སེམས་བཅས་ཟམ་མི་ཆད་པར་ཤུགས་ཆེར་གཏོང་རྒྱུ།

    ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། བོད་ཀྱི་དོན་དངོས་ལ་གཞིགས་ནས་རང་ལྗོངས་གོང་འཕེལ་གཏོང་རྒྱུའི་རང་བྱུང་ཆོས་ཉིད་དང་། དཔལ་འབྱོར་གྱི་ཆོས་ཉིད། སྤྱི་ཚོགས་ཀྱི་ཆོས་ཉིད་བཅས་ལ་ཚན་རིག་གི་ཐོག་ནས་ངོས་འཛིན་དང་ཤེས་རྟོགས་བྱས་ཏེ་རང་འགུལ་ངང་རྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱས་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་དམིགས་ཚད་ཚན་རིག་དང་མཐུན་པ་བཟོ་རྒྱུ། གོང་འཕེལ་གཏོང་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན་པ་རྒྱུན་འཁྱོངས་ཀྱིས་གོང་འཕེལ་གྱི་མྱུར་ཚད་ལ་དོ་སྣང་བྱེད་དགོས་པ་མ་ཟད་གོང་འཕེལ་གཏོང་བའི་སྤུས་ཚད་དང་ཕན་འབྲས་ལ་དེ་བས་ཀྱང་དོ་སྣང་བྱས་ཏེ་དཔལ་འབྱོར་གོང་འཕེལ་གཏོང་སྟངས་ལ་འགྱུར་བ་གཏོང་རྒྱུར་ཤུགས་བརྒྱབ་ཐོག་རྒྱུན་མཐུད་དང་གཏིང་ཤུགས་ཡོད་པའི་གོང་འཕེལ་མངོན་གྱུར་ཐུབ་པ་བྱ་རྒྱུ།

    བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། བསམ་བློར་བཅིངས་འགྲོལ་དང་ལྟ་བ་གསར་རྗེས་ཀྱིས་སྲིད་གཞུང་གི་ནུས་པ་དང་ཁྲོམ་རའི་ནུས་པ་ཟུང་འབྲེལ་གང་ཐུབ་བྱས་ཏེ་གཙོ་རྐང་ཁྲོམ་ར་འཛུགས་གཉེར་ཤུགས་ཆེ་བྱ་རྒྱུ་དང་། ཁྲོམ་རའི་མ་ལག་གང་མགྱོགས་འཐུས་ཚང་དུ་གཏོང་རྒྱུ། མང་ཚོགས་ཀྱིས་ལས་གཏོད་དང་ཚང་མས་གསར་གཏོད་བྱ་རྒྱུར་སྐུལ་སློང་གཏོང་རྒྱུ། དམངས་ཁྲོད་ནས་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུར་དོ་སྣང་བྱ་རྒྱུ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་ལ་སྐུལ་སློང་གཏོང་རྒྱུ། དམངས་འཚོ་སྔོན་སྤེལ་དང་། ཁྲོམ་རས་སྐུལ་འདེད། རྣམ་གྲངས་ཀྱིས་སྐུལ་ཁྲིད། དངུལ་རྩས་འདེགས་སྐུལ། གསར་གཏོད་ཀྱིས་སྐུལ་སྤེལ། ཁོར་ཡུག་གིས་སྐུལ་འདེད་གཏོང་རྒྱུ་བཅས་རྒྱུན་འཁྱོངས་ཀྱིས་ཕྱི་ཤུགས་ལ་བརྟེན་ནས་ནང་ཤུགས་སྐུལ་སྤེལ་དང་། “གཞན་བརྟེན་གོང་འཕེལ”གྱིས“རང་བརྟེན་གོང་འཕེལ”ལ་སྐུལ་འདེད་གཏོང་བའི་སྒྲིག་གཞིའི་ལམ་སྲོལ་བཙུགས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འགུལ་ནུས་གསར་པ་ཞིག་ཆགས་པ་བྱ་རྒྱུ།

    ཁྲིམས་བཞིན་བོད་ལྗོངས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལུགས་ལྟ་བ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་རྒྱུ་དང་། ཁྲིམས་ལག་བསྟར་ནན་པོ་བྱེད་པ། ཁྲིམས་འཛིན་གཞུང་དྲང་། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་བཏང་སྟེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་མ་ལག་འཐུས་ཚང་འཛུགས་རྒྱུ་དང་། ཁྲིམས་སྐྱོང་སྲིད་གཞུང་དང་། ཁྲིམས་སྐྱོང་དཔལ་འབྱོར། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་ཁྲིམས་སྐྱོང་ལམ་བུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ།

    གོང་འཕེལ་དང་བརྟན་ལྷིང་གི་གནས་ཚུལ་ཧྲིལ་པོ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མཐའ་འཁྱོངས་བྱེད་རྒྱུ། གོང་འཕེལ་དང་བརྟན་ལྷིང་ནི་བོད་ཀྱི་ལས་དོན་གྱི“གཞུང་སྐུད”ཡིན། ངེས་པར་དུ་གོང་འཕེལ་ལ་བརྟེན་ནས་བརྟན་ལྷིང་འགན་སྲུང་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱེད་པ། བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མེས་རྒྱལ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ། ངེས་པར་དུ་གོང་འཕེལ་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་དང་། གོང་འཕེལ་གྱི་ལྟ་བ་དང་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་ཕྱོགས་སྒྱུར་ཁྲོད་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། ཕྱོགས་ཡོངས་ནས་གོང་འཕེལ་གྱི་ལྟ་བ་གསར་པ་ལག་བསྟར་བྱ་རྒྱུ།

    གོང་འཕེལ་གྱི་དམིགས་ཚད་མངོན་གྱུར་དང་། གོང་འཕེལ་གྱི་དཀའ་གནད་སེལ་བ། གོང་འཕེལ་གྱི་ལེགས་ཆ་ཤུགས་ཆེར་འདོན་པར་ངེས་པར་དུ་གསར་གཏོད་གོང་འཕེལ་དང་། མཐུན་སྦྱོར་གོང་འཕེལ། འབྱུང་འཕྲོད་གོང་འཕེལ། སྒོ་དབྱེ་གོང་འཕེལ། མཉམ་སྤྱོད་གོང་འཕེལ་བཅས་ཀྱི་འདུ་ཤེས་གསར་པ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ། གོང་འཕེལ་དང་བརྟན་ལྷིང་།

    གོང་འཕེལ་དང་དམངས་འཚོ། གོང་འཕེལ་དང་ཁོར་ཡུག དབུལ་སྒྲོལ་དང་འབྱོར་འབྲིང་། མྱུར་ཚད་དང་ཕན་འབྲས། གྲུབ་ཆ་ལེགས་འགྱུར་བྱ་ཐབས་དང་ཁྱད་ལྡན་ཐོན་ལས་གོང་འཕེལ། གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན། ནང་དུ་སྒོ་དབྱེ་དང་ཕྱི་ཕྱོགས་སུ་སྒོ་དབྱེ། ཁ་གཏད་རོགས་སྐྱོར་དང་རང་འགོ་རང་འདོན། ཆ་ཤས་དང་སྤྱི་ཡོངས་བཅས་དབར་གྱི“འབྲེལ་བ་བཅུ”ཐག་གཅོད་ཡག་པོ་བྱ་རྒྱུ།

    གསར་གཏོད་ནི་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་ལ་བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་གཏོང་བའི་དགོས་ངེས་ཀྱི་ཆ་རྐྱེན་ཡང་ཡིན། གོང་འཕེལ་གཏོང་ཕྱོགས་དང་མ་དངུལ་བསྡུ་རྒྱུག་བྱེད་སྟངས་གསར་གཏོད་དང་། སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲོམ་རའི་ལམ་སྲོལ་ནང་འདྲེན་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐོང་འཐེན་གང་ཐུབ་བྱས་ཐོག་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་ནས་ཚན་རྩལ་ཚད་བརྒལ་ཡོང་བ་དང་། ཆ་འཕྲིན་ལག་རྩལ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་དང་རང་ངོས་གོང་འཕེལ་གཏོང་ནུས་ཆེ་རུ་གཏོང་དགོས།

    མཐུན་སྦྱོར་ནི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་ནང་ངོས་ཀྱི་བླང་བྱ་ཞིག་ཡིན་ལ་ཡུན་རིང་བོད་སྐྲུན་གྱི་ལྡོག་མེད་བླང་བྱ་ཞིག་ཀྱང་རེད། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ་མཐའ་དར་དམངས་ཕྱུག་དང་། ས་སྲུང་མཐའ་བརྟན་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ། མི་འབོར་འོས་འཚམ་གཅིག་སྡུད་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ།

    ལྗང་མདོག་ནི་རྒྱུན་མཐུད་གོང་འཕེལ་གྱི་དགོས་ངེས་ཆ་རྐྱེན་དང་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གལ་ཆེའི་མངོན་ཚུལ་ཞིག་ཡིན་ལ་བོད་ལྗོངས་གོང་འཕེལ་གྱི་ཐུན་མོང་མིན་པའི་ལེགས་ཆ་ཞིག་ཀྱང་རེད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་རྒྱུ་ཞིག་དང་། རི་རླུང་སྔོ་ཞིང་ཆུ་མོ་དྭངས་ཤིང་གཙང་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་འབྱུང་ཁམས་བདེ་འཇགས་ཀྱི་རྨང་གཞིའི་ཐོག་གོང་འཕེལ་གཏོང་རྒྱུ་དང་། འབྱུང་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་དམར་ཐིག་བརྟན་སྲུང་གིས་བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག འབྱུང་ཁམས་བཟང་བ་བཅས་ཀྱི་ཤེས་དཔལ་ལྡན་པའི་གོང་འཕེལ་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱ་རྒྱུ།

    སྒོ་དབྱེ་ནི་དར་རྒྱས་གོང་འཕེལ་གྱི་ཐབས་ལམ་ཉག་ཅིག་ཡིན་ལ་བོད་ཀྱི་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བའི་གལ་ཆེའི་སྦྲེལ་ཚིགས་ཤིག་ཀྱང་ཡིན། “རྒྱུད་གཅིག་ལམ་གཅིག”སྐྲུན་རྒྱུ་དང་། མཚོ་རྒྱུད་དང་མཐའ་རྒྱུད་གསར་སྤེལ་དང་སྒོ་དབྱེའི“འཁོར་གསུམ་རྒྱུད་གསུམ”གྱི་རྣམ་པ་གསར་པ་གཏོད་རྒྱུའི་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱས་ཏེ་རང་ལྗོངས་ཀྱི་ས་བབ་ལེགས་ཆ་འདོན་སྤེལ་དང་། ཕྱོགས་མཐའ་ཀུན་ནས་ཕྱི་ནང་སྒོ་མོ་དབྱེ་སྟེ་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་སྐྲུན་ཐོག་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གང་མགྱོགས་ཆགས་པ་བྱ་རྒྱུ།

    མཉམ་སྤྱོད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་གི་ངོ་བའི་བླང་བྱ་ཡིན་ལ་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ལྡོག་མེད་བླང་བྱ་ཞིག་ཀྱང་ཡིན། མི་རིགས་མཐུན་སྒྲིལ་དང་། དམངས་འཚོ་ལེགས་བཅོས། དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད། ཕྱོགས་ཡོངས་ནས་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་བཅས་གཏོང་རྒྱུར་དམ་པོར་དམིགས་ནས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་ཡག་པའི་སློབ་གསོ་དང་། དེ་བས་བརྟན་པའི་ལས་དོན། དེ་བས་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་གནས་སྡོད་ཆ་རྐྱེན། དེ་བས་མཛེས་པའི་ཁོར་ཡུག་བཅས་ལོངས་སྤྱོད་ཐུབ་པ་བྱས་ཏེ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ།

    ལེའུ་གསུམ་པ། དམིགས་ཚད་གཙོ་བོ།

    2020ལོར་སླེབས་སྐབས། ཕྱོགས་ཡོངས་ནས་བདེ་འཁོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ།

    བདེ་འཁོད་ལས་བརྩོན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་2010ལོ་དང་བསྡུར་ན་ལྡབ་གཅིག་ཡན་འཕར་བ་བྱས་ཏེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་སླེབས་པ་བྱ་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་རྣམས་ལས་ཞུགས་གང་ལེགས་ཐུབ་པ་བྱ་རྒྱུ། ཁུལ་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཡིན་པའི་གནད་དོན་ཐག་གཅོད་བྱས་ཏེ་ད་ལྟ་སྤྱོད་བཞིན་པའི་རྒྱལ་ཁབ་ཀྱི་ཚད་གཞིའི་འོག་ཞིང་འབྲོག་ཁུལ་གྱི་དབུལ་པོའི་མི་ཚོགས་ཕྱོགས་ཡོངས་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ། སློབ་གསོ་དང་། རིག་གནས། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རྩའི་སྤྱི་པའི་ཞབས་ཞུ་བསྒྲུབ་ནུས་དང་དོ་སྙོམས་རང་བཞིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་རྒྱུ། དམིགས་ཚད་གཙོ་བོ་དེ་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་དང་ཉེ་བར་སླེབས་པ་བྱ་རྒྱུ། སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུ། ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཀྱི་ཕྱོགས་བསྡུས་ནད་བརྟག་དང་སྨན་བཅོས་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གྲོང་མིའི་བདེ་ཐང་ཡོང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་རང་བྱུང་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུ། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་ནུས་པ་སྔར་བས་ཤུགས་ཆེར་བཏང་སྟེ་བུད་མེད་དང་། བྱིས་པ། རྒན་འཁོགས། དབང་པོ་སྐྱོན་ཅན་བཅས་ཀྱི་ཁེ་དབང་སྲུང་སྐྱོབ་ནུས་ལྡན་བྱ་རྒྱུ།

    འགན་སྲུང་ནུས་ལྡན། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གྲངས་གནས་གཉིས་ཀྱིས་རྒྱུན་མཐུད་འཕར་སྣོན་ཡོང་བ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་ཚད་ལྡབ་གཅིག་འཕར་ཐུབ་པ་བྱས་ནས་གྲོང་མིའི་འཛད་སྤྱོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་དངོས་ཡོད་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཁར། ཐོན་ལས་ཁག་གསུམ་མཉམ་འདྲེས་ཐོག་གོང་འཕེལ་བཏང་ནས་རང་ངོས་གོང་འཕེལ་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་རྒྱུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ལྗོངས་ནང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བོད་དུ་འགྲོ་འོང་བྱེད་ལམ་དེ་བས་ཤར་བགྲོད་ཐུབ་པ་བྱས་ཐོག་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་གྲོང་མི་ཕྱོགས་སྐྱོད་བྱེད་པར་སྟབས་བདེ་བསྐྲུན་རྒྱུ། ནུས་རྒྱུ་འགན་སྲུང་བྱེད་ཚད་ཤུགས་ཆེར་བཏང་སྟེ་གཙོ་བོའི་གློག་དྲ་རྫོང་ཁོངས་ཡོངས་དང་ཤང་གྲོང་གཙོ་བོར་ཁེབས་ཐུབ་པ་བྱས་ནས་གྲོང་མི་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་གློག་སྤྱོད་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པའམ་ཡང་ན་དེ་དང་ཉེ་བར་སླེབས་པ་བྱ་རྒྱུ། གཙོ་རྐང་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ཐད་འཕེལ་རྒྱས་ཆེན་པོ་ཡོང་བ་བྱ་རྒྱུ་དང་། རྫོང་ཁོངས་དང་། ཤང་གྲོང་། སྲིད་འཛིན་གྲོང་ཚོ་བཅས་ཀྱི་ཆུ་མཁོ་འདོན་བྱེད་པའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་བཏང་ནས་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ཡོངས་སུ་ལོན་པ་བྱ་རྒྱུ། ཆ་འཕྲིན་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་བཅོས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཆ་འཕྲིན་ཅན་དུ་འགྱུར་རྒྱུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    མཛེས་སྡུག་ལྡན་པའི་ཁྱིམ་གཞིས། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་བྱ་རྒྱུར་གྲུབ་འབྲས་མངོན་ཆེ་ཐོབ་པའི་ཁར། གཙོ་ནུས་ཐོན་ཁུལ་གྱི་ཁྱབ་བཀོད་རྩ་བའི་ཆར་གྲུབ་ཐུབ་པ་བྱས་ཏེ་འབྱུང་ཁམས་བདེ་འཇགས་སྲུང་བཅད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ནས་གཙང་ཆུའི་ཆུ་འགོའི་ཁུལ་དང་། རྩྭ་ཐང་། མཚེའུ། གཤེར་ས། རང་བྱུང་ནགས་ཚལ་སོགས་འབྱུང་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་བྱས་ཐོག ས་མཐོའི་ནམ་མཁའ་དང་། ན་ཁ། དྭངས་གཙང་ཆུ་བོ་བཅས་སྔ་ཕྱི་བར་གསུམ་དུ་སྲུང་ཐུབ་པ་བྱ་རྒྱུ། རྨོ་ཞིང་བདག་བཟུང་སྔར་བཞིན་བརྟན་སྲུང་ཐུབ་པ་བྱས་ཏེ་བཙོག་དངོས་གཙོ་བོ་དང་ཐན་གྱི་བཙོག་སྐྱོན་འབུད་བཤངས་བྱེད་འབོར། དེ་བཞིན་ཚན་པའི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ནུས་རྒྱུ་དང་ཆུའི་ཐོན་ཁུངས་ཟད་ཚད་དེ་རྒྱལ་ཁབ་ཀྱིས་ཞིབ་གཏན་འཁེལ་བའི་ཚད་གཞིའི་ནང་ཚོད་འཛིན་ཐུབ་པ་བྱས་ནས་གྲོང་ཁྱེར་གྲོང་རྡལ་གྱི་ཁོར་ཡུག་དང་ཁ་རླུང་གི་སྤུས་ཚད་སྔར་བཞིན་ཡག་པོ་ཡོང་ཐུབ་པ་བྱས་ཐོག ཁྱད་ཆོས་འབུར་ཐོན་དང་། ཡུལ་ལྗོངས་འདྲ་མིན། རྣམ་པ་སྣ་ཚོགས། མཛེས་ལྡན་ཁོར་ཡུག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་གནས་འཕྲོད་གྲོང་ཁྱེར་གྲོང་རྡལ་དང་མཛེས་སྡུག་ལྡན་པའི་ཤང་གྲོང་སྐྲུན་ཐུབ་པ་བྱ་རྒྱུ།

    མི་རིགས་མཐུན་སྒྲིལ། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ཚོགས་པ་ཞིག་ཡིན་པའི་འདུ་ཤེས་སེམས་ལ་ཟུག་ཐུབ་པ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་རོལ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་མཐུན་རྐྱེན་དང་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཕན་ཚུན་རྒྱུས་མངའ་དང་། རོགས་རམ། དགའ་ཞེན། སློབ་སྦྱོང་བཅས་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ལེགས་སུ་བཏང་ཐོག མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་ཐུབ་པ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁུལ་འཛུགས་སྐྱོང་བྱས་ནས་མི་རིགས་ཁག་མཛའ་བཤེས་མཐུན་སྒྲིལ་དང་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ།

    ཤེས་དཔལ་ཞི་མཐུན་ལྡན་པ། ཀྲུང་གོའི་ཕུགས་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྔར་བས་སེམས་ལ་ཟུག་ཐུབ་པ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་རྒྱ་ཁྱབ་ངང་དར་སྤེལ་བཏང་ནས་ཡར་ཐོན་ལེགས་བརྩོན་དང་། ཁ་དན་ཚིག་གནས། ཕན་ཚུན་རོགས་རམ་བཅས་ཀྱི་སྤྱི་ཚོགས་རྣམ་པ་དེ་བས་ཟབ་ཏུ་བཏང་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་པ་བྱ་རྒྱུ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བའི་ཁར། སྤྱི་ཚོགས་བཅོས་སྐྱོང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་བཅོས་སྐྱོང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། སྤྱི་ཚོགས་ཡོངས་ཡུན་རིང་དང་། རྒྱུན་མཐུད། ཕྱོགས་ཡོངས་བཅས་བརྟན་ལྷིང་ཡོང་བ་བྱས་ཏེ་སྤྱི་ཚོགས་དེ་བས་དུས་བདེ་ཞི་འཇགས་ཡོང་བ་བྱ་རྒྱུ།

    1.jpg

    ལེ་ཚན་གཉིས་པ། དམངས་འཚོ་ལེགས་བཅོས་བྱས་ཏེ་ཕྱོགས་ཡོངས་ནས་གོང་འཕེལ་གྱི་འབྲས་བུ་མཉམ་དུ་སྤྱོད་རྒྱུ།

    དམངས་འཚོ་སྔོན་དུ་འཛིན་པ་དང་དམངས་འཚོ་སྔོན་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཁོར་ཡུག་དང་། ལས་ཞུགས་ཆ་རྐྱེན། སྤྱི་པའི་ཞབས་ཞུ་བཅས་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཚོས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་འགན་སྲུང་ཏན་ཏིག་བྱས་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བ་བྱ་རྒྱུ།

    ལེའུ་བཞི་པ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལས་གཞི་ལག་བསྟར་བྱ་རྒྱུ།

    གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་སྒྲོལ་བྱས་ནས་རྣམ་པ་སྣ་ཚོགས་ཀྱི་དབུལ་སྐྱོར་གསར་སྤེལ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ“མི་སུར་རོགས་སྐྱོར་བྱེད་པ”དང་། “མི་སུས་རོགས་སྐྱོར་བྱེད་པ” “གང་འདྲ་བྱས་ཏེ་རོགས་སྐྱོར་བྱེད་པ”བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ནས་དབུལ་པོའི་མི་ཚོགས་ཀྱིས་རང་ངོས་གོང་འཕེལ་དང་རྒྱུན་མཐུད་གོང་འཕེལ་གཏོང་ནུས་ཆེ་རུ་བཏང་ཐོག རྒྱལ་ཁབ་ཀྱི་ད་ལྟ་སྤྱོད་བཞིན་པའི་ཚད་གཞིའི་འོག ཞིང་འབྲོག་ཁུལ་གྱི་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། དབུལ་པོའི་རྫོང་ཚང་མས་དབུལ་པོའི་ཞྭ་མོ་འབུད་ཐུབ་པ་བྱས་ཏེ་ཁུལ་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་བའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས།

    ས་བཅད་དང་པོ། གནད་འཕིགས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    བརྟག་དཔྱད་ཁུངས་ཆོད་པ་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་ཡང་དག་བཙལ་འཚོལ་བྱས་ནས་དབུལ་ཚད་གཏན་འཁེལ་བྱེད་པ་དང་། དབུལ་པོ་ཆགས་རྐྱེན་ལ་དབྱེ་ཞིབ་བྱས་ནས་རོགས་སྐྱོར་བྱེད་པའི་དགོས་མཁོ་གསལ་རྟོགས་ཐུབ་པ་བྱས་ཏེ་དབུལ་སྒྲོལ་བྱ་ཐབས་བཟོས་ནས་དབུལ་སྒྲོལ་གྱི་ཟུར་བཙུགས་རྩིས་ཁྲ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡིག་ཚགས་དང་ཤོག་བྱང་བཟོས་པའི་དབུལ་པོའི་གྲོང་ཚོ་དང་། དབུལ་པོའི་དུད་ཚང་། དབུལ་པོའི་མི་ཚོགས་བཅས་ལ་དུས་བཀག་ལྟར་ཡོངས་བཤེར་བྱས་ནས་གཏོང་ཡོང་ཡོད་པའི་འགྱུར་ལྡན་དོ་དམ་བྱ་རྒྱུ། དབུལ་པོའི་མི་ཚོགས་ལ་རིགས་དབྱེ་རོགས་སྐྱོར་བྱས་ཏེ་དབུལ་པོའི་དུད་ཚང་དབུལ་སྒྲོལ་ཐུབ་པའི་ངོས་གཏན་བྱེད་སྲོལ་བཟོས་ཐོག དབུལ་ལོག་རིགས་མི་ཐོན་པ་བྱ་རྒྱུ། གྲོང་ཚོ་རིམ་པའི་རྩ་འཛུགས་ལ་བརྟེན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང“གཉིས་ལྡན་དུད་སྦྲེལ”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྒྲོལ་སྲིད་ཇུས་དང་། རྣམ་གྲངས། མ་དངུལ་བཅས་དུད་ཚང་ལ་གནད་འཕིགས་དོན་འཁྱོལ་ཐུབ་པ་བྱ་རྒྱུ། རྒྱུ་ནོར་ཁེ་སྤོགས་ཀྱི་དབུལ་སྐྱོར་བྱ་རྒྱུར་བརྟེན་ནས་རང་མགོ་མི་ཐོན་པ་དང་ཉམས་ཞན་རིགས་གྲས་ལ་དམིགས་བསལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཡུལ་བབ་དང་བསྟུན་ནས་དབུལ་པོའི་ས་ཁུལ་གྱི་ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་ཕྱུག་གྱུར་གྱི་བཅུར་འགག་ཐེབས་ས་ཐག་གཅོད་ཏན་ཏིག་བྱ་རྒྱུ།

    ས་བཅད་གཉིས་པ། ས་ཆ་གཞན་དུ་གནས་སྤོས་བྱ་རྒྱུར་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ།

    མང་ཚོགས་ཀྱིས་རང་མོས་དང་། ཧུར་བརྩོན་བརྟན་བརླིང། རང་ས་དང་ཉེ་སར་གནས་སྤོས་བཅས་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་འཚོ་སྡོད་ཆ་རྐྱེན་ཧ་ཅང་ཞན་པ་དང་། འབྱུང་ཁམས་ཁོར་ཡུག་ཉམས་ཞན་ཡིན་པ། རང་བྱུང་གནོད་འཚེ་ཐོན་རྟག་པ་སོགས་ཀྱི་ས་ཁུལ་དུ་ཡོད་པའི་དབུལ་པོའི་མི་ཚོགས་རྣམས་ས་ཆ་གཞན་དུ་གནས་སྤོས་བྱ་རྒྱུ་དང་། ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱེད་པའི་འཆར་འགོད་དང་། ལག་བསྟར་ཇུས་གཞི། ལོ་འཁོར་མོའི་ལག་བསྟར་འཆར་གཞི་བཅས་བཟོས་ཏེ“ས་ཡོད་བཀོད་སྒྲིག”དང“ས་མེད་བཀོད་སྒྲིག”རིགས་དབྱེ་ལག་བསྟར་བྱས་ནས་ཁྱིམ་དུད་ཁྲི་6.4དང་མི་ཁྲི་26.3ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱས་ཏེ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། འཕེལ་རྒྱས་འགྲོ་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་རྒྱུ། གནས་སྤོ་བྱེད་རྩིས་ཡོད་པའི་ས་ཆའི་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ལ་ཚན་རིག་དང་མཐུན་པའི་ཚོད་སྐོར་བྱས་ཏེ་ས་ཞིང་དང་རྩྭ་རའི་འགན་གཙང་གཉེར་སྐྱོང་བྱེད་དབང་དོན་འཁྱོལ་བྱ་རྒྱུ། ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱེད་པའི་མ་དངུལ་འདུ་གཏོང་གི་ལམ་སྲོལ་བཙུགས་ཏེ་ལས་རིགས་དང་སྡེ་ཚན་ཁག་གི་ཐོན་ཁུངས་སྒྲིལ་སྤྱོད་བྱས་ཁར། གཅིག་གྱུར་ཐོག་མ་དངུལ་བེད་སྤྱོད་ཀྱིས་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱ་རྒྱུའི་ཐད་སྤྱི་ཚོགས་ཀྱི་མ་རྩ་འཇོག་རྒྱུར་སྐུལ་མ་གཏོང་རྒྱུ། ས་ཆ་དང་སྤྱི་པའི་ཞབས་ཞུ་དང་འབྲེལ་བའི་རྟ་སྒ་ཆ་སྒྲིག་གི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ཞོར་སྐྱོང་ཐོན་ལས་ཀྱིས་རོགས་སྐྱོར་དང་། རྩལ་ནུས་སྦྱོང་བརྡར། ལས་ཞུགས་ཞབས་ཞུ་སོགས་ཀྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག དབུལ་སྐྱོར་གནས་སྤོས་བྱ་ཡུལ་ལ་བཀོད་སྒྲིག་བྱེད་སའི་རྒྱུ་ནོར་ཁེ་ཕན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱ་རྒྱུར་གཅིག་གྱུར་བཀོད་སྒྲིག་དང་བསམ་གཞིགས་བྱས་ཏེ་གནས་སྤོ་བྱ་ཡུལ་གྲོང་ཁྱེར་གྲོང་རྡལ་དང་སྡེ་གླིང་ནང་སྤོ་སྒྱུར་བྱེད་མཁན་བཀོད་སྒྲིག་བྱེད་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ།

    ས་བཅད་གསུམ་པ། ཐོན་སྐྱེད་གོང་འཕེལ་གཏོང་བར་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ།

    ཡུལ་བབ་དང་དུད་ཚང་སོ་སོར་གཞིགས་ནས་ཐབས་ཇུས་བཏོན་ཏེ་དབུལ་པོའི་གྲོང་ཚོ་དང་དབུལ་པོའི་དུད་ཚང་དང་འཚམ་པའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་འདེགས་སྐྱོར་བྱ་རྒྱུ། དབུལ་པོའི་མི་ཚོགས་འབབ་འཕར་ཡོང་རྒྱུ་དང་འབྲེལ་བ་དམ་ཟབ་ཡོད་པའི་འདེབས་གསོའི་ལས་རིགས་དང་། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས། ཨར་སྐྲུན་རྒྱུ་ཆའི་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ཡུལ་སྐོར་ལས་རིགས་སོགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཐོན་སྐྱེད་དང་ཕྱི་འཚོང་བྱེད་པའི་ལྷུ་ཚིགས་ནང་གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ཚོད་ལྟ་སྤེལ་རྒྱུ། དབུལ་སྐྱོར་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས། ཕན་ཚུན་རོགས་རེས་བྱེད་པའི་མ་རྩའི་རྩ་འཛུགས་བཅས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཐོན་ལས་གོང་འཕེལ་བཏང་ནས་དབུལ་སྒྲོལ་བྱ་རྒྱུ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་ཁར། དེ་དང་དབུལ་པོའི་དུད་ཚང་དབར་གྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་ཤུགས་ཆེར་གཏོང་རྒྱུ། དབུལ་པོའི་ས་ཁུལ་གྱི་བཟང་ཆ་ལུགས་མཐུན་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱས་ཏེ་ཐོན་ཁུངས་གསར་སྤེལ་བྱེད་པའི་ཁེ་སྤོགས་བགོ་འགྲེམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཆུ་གློག་དང་གཏེར་ལས་སོགས་ཐོན་ཁུངས་གསར་སྤེལ་གྱིས་ས་ཆ་བཟུང་བའི་གྲོང་ཚོར་མཉམ་སྡེབ་རྐང་དབང་སྤྲད་དེ་དབུལ་པོའི་མང་ཚོགས་ལ་ཐོན་ཁོངས་གསར་སྤེལ་བྱས་པའི་ཁེ་ཕན་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ།

    ས་བཅད་བཞི་པ། དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ།

    དབུལ་སྐྱོར་འགག་སྒྲོལ་བྱེད་པའི་ཆེད་དམིགས་འཆར་འགོད་ལག་བསྟར་བྱས་ཏེ་ཆེད་དམིགས་དང་། ལས་རིགས། སྤྱི་ཚོགས། དངུལ་རྩ། བོད་སྐྱོར་བཅས་ཟུང་འབྲེལ་གང་འཚམ་བྱེད་པའི“ཕྱོགས་ལྔ་གཞི་གཅིག་ཏུ་འགྲིལ་བའི”དབུལ་སྐྱོར་གྱི་རྣམ་པ་སྲ་བརྟན་དང་འཐུས་ལེགས་སུ་གཏོང་རྒྱུ། དབུལ་སྐྱོར་བྱ་རྒྱུའི་ཐད་ལ་ནོར་སྲིད་ནས་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་གུད་གསབ་ལས་སྤྲོད་སོགས་ཆེད་དམིགས་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཆེད་དམིགས་དབུལ་སྐྱོར་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་དབུལ་སྐྱོར་མ་དངུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ཐོག་ནས་དབུལ་སྐྱོར་བྱེད་པའི་ལམ་སྲོལ་གསར་པ་གསར་གཏོད་བྱ་རྒྱུར་སྐུལ་མ་བཏང་སྟེ་ཁྲལ་བསྡུའི་གཟིགས་སྐྱོང་དང་། སྐྱེད་སྦྱར་རྒྱབ་སྐྱོར། ནོར་སྲིད་ཀྱི་བྱ་དགའི་ཁ་གསབ། མཉམ་སྦྱར་དངུལ་བུན། མ་དངུལ་བསྡུ་རྒྱུག་ཁག་ཐེག ཉེན་ཟོན་གུན་གསབ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་དངུལ་རྩའི་ལས་ཁུངས་ཀྱིས་དབུལ་སྐྱོར་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ཚན་རྩལ་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ཆེད་མངག་པས་ཚན་རྩལ་ལ་བརྟེན་ནས་བྱ་གཞག་སྐྲུན་པའི་དབུལ་སྒྲོལ་ཞབས་ཞུ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རིགས་ཁག་གི་ཤེས་ལྡན་པས་དབུལ་པོའི་ས་ཁུལ་དུ་ཞབས་ཞུ་སྒྲུབ་རྒྱུར་སྐུལ་མ་བཏང་སྟེ་དབུལ་པོའི་ས་ཁུལ་དེ་རང་ནས་ཡིན་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ནས་དབུལ་པོའི་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་གྱི་སྣེ་འདྲེན་པ་གསོ་སྐྱོང་ཤུགས་ཆེ་བྱ་རྒྱུ། ག་སྦྱར་བོད་སྐྱོར་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱས་ཏེ་དབུལ་སྐྱོར་འབྲེལ་མཐུད་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ཁར། ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་ཐོག དབུལ་སྒྲོལ་ཐོན་འབྱེད་ནང་ཞུགས་རྒྱུར་སྐུལ་མ་བཏང་སྟེ་སྤྱི་ཚོགས་ཀྱི་རོགས་སྐྱོར་བྱེད་པའི་འདུན་པ་དང་དབུལ་པོའི་མི་ཚོགས་ཀྱི་དགོས་མཁོ་གཉིས་ཕན་ཚུན་འབྲེལ་མཐུད་བྱེད་པའི་ལས་སྟེགས་འཛུགས་རྒྱུ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་ལྔ་པ། དབུལ་སྒྲོལ་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ།

    དབུལ་སྒྲོལ་དམིགས་ཚད་ཀྱི་དོ་དམ་འགན་འཁྲིའི་ལམ་ལུགས་དང“གྲོང་ཚོར་ལས་དོན་སྒྲུབ་པ་དང་། ཁྱིམ་དུད་དུ་དབུལ་སྐྱོར་བྱེད་པའི”ལས་ཀའི་ལམ་སྲོལ་འཛུགས་རྒྱུ། དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་འཁོར་སྙན་ཞུའི་ལམ་ལུགས་བཟོས་ནས་དབུལ་པོའི་ས་ཁུལ་གྱི་མང་ཚོགས་ཀྱིས་དབུལ་སྐྱོར་བློ་མོས་བྱུང་ཚད་ལ་བརྟག་དཔྱད་བྱས་ཏེ་ཕྱོགས་གསུམ་པས་ཚོད་སྐོར་བྱ་རྒྱུ། དབུལ་པོའི་ཞྭ་མོ་འབུད་པའི་ཚད་གཞི་རྒྱུན་འཁྱོངས་ཀྱིས་དབུལ་སྒྲོལ་དཔྱད་ཞིབ་ནན་པོ་བྱས་ཏེ་དབུལ་པོའི་རྫོང་དང་དབུལ་པོའི་ཁྱིམ་དུད་ཀྱི་དབུལ་སྒྲོལ་གྲུབ་འབྲས་ཐོན་པ་བྱ་རྒྱུ་དང་། དབུལ་པོའི་རྫོང་གི་ཕྱིར་འཐེན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག འགག་སྒྲོལ་བྱེད་རིང་དབུལ་སྐྱོར་རྫོང་གི་སྔར་ཡོད་དབུལ་སྐྱོར་སྲིད་ཇུས་འགྱུར་བ་མི་གཏོང་རྒྱུ། དབུལ་སྒྲོལ་ལས་དོན་ལ་ལྟ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་ལས་རྗེས་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྐྱོར་དཔྱད་ཞིབ་བྱས་འབྲས་ཀྱིས་ཕྱོགས་སྟོན་བྱེད་པའི་མི་བཀོལ་སྤྱོད་བྱེད་ལམ་དང་དབུལ་སྐྱོར་མ་དངུལ་བགོ་འགྲེམས་བྱེད་ལམ་འཛུགས་རྒྱུ།

    1.jpg

    2.jpg

    ལེའུ་ལྔ་པ། ལས་ཞུགས་དང་བྱ་གཞག་སྐྲུན་པའི་བྱེད་སྒོ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

    ལས་ཞུགས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཤིང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་ངལ་རྩོལ་པས་རང་བརྟེན་ལས་ཞུགས་བྱ་རྒྱུ་དང་། ཁྲོམ་རར་བརྟེན་ནས་ལས་ཞུགས་སྙོམ་སྒྲིག་བྱ་རྒྱུ། སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་དང་བྱ་གཞག་བསྐྲུན་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཐོག ཞིང་འབྲོག་མང་ཚོགས་ཀྱི་གནས་སྒྱུར་ལས་ཞུགས་བྱེད་ནུས་ཆེ་རུ་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%གྱི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ།

    ས་བཅད་དང་པོ། སློབ་ཆེན་སློབ་མ་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ།

    སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལས་དོན་དེ་ལས་འགན་ཨང་དང་པོར་འཇོག་རྒྱུ། ཁྲོམ་རར་འགྱུར་ཕྱོགས་རྒྱུན་འཁྱོངས་ཀྱིས་སློབ་ཆེན་ཐོན་པའི་སློབ་མའི་ལས་འཚོལ་ལྟ་བ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་ཆེན་ཐོན་པའི་སློབ་མས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ལས་ཞུགས་བྱ་རྒྱུར་སྐུལ་སྤེལ་བཏང་ཁར། སློབ་ཆེན་ཐོན་པའི་སློབ་མ་ཁྲོམ་རའི་ཐོག་ལས་ཞུགས་བྱ་རྒྱུ་གཙོ་བོ་བྱེད་པ་དང་། གཞུང་ཞབས་པའི་ལས་གནས་ཐོག་ལས་ཞུགས་བྱ་རྒྱུ་ཕལ་པར་འཛིན་པའི་ལས་ཞུགས་ཀྱི་རྣམ་པ་གསར་པ་ཞིག་རིམ་བཞིན་ཆགས་པ་བྱ་རྒྱུ། སྐུལ་ལྕག་གཏོང་བའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་དེ་བས་མང་བའི་སློབ་ཐོན་སློབ་མ་ཁེ་ལས་ནང་ལས་ཞུགས་དང་སྐབས་བསྟུན་ལས་ཞུགས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། རིགས་ཁག་གི་ཁེ་ལས་ཀྱིས་དེ་བས་མང་བའི་སློབ་ཐོན་སློབ་མ་ལས་ཞུགས་བྱ་རྒྱུར་སྐོང་འགུགས་བྱ་རྒྱུ། གཞུང་ལས་པའི་ལས་གནས་ཐོག་ལས་ཞུགས་བྱེད་པའི་བསྡུ་འཇུག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་གྱི་ལས་ཞུགས་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཐོག་དེ་བས་མང་བའི་སློབ་ཆེན་ཐོན་པའི་སློབ་མ་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་དུ་ལས་ཞུགས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ལས་ཞུགས་ལ་བརྟེན་ནས་བོད་སྐྱོར་བྱེད་པའི་ནུས་པ་རྒྱུན་ཐོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“བརྒྱ་གཉིས”ལས་གཞི་མུ་མཐུད་ལག་བསྟར་བྱས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ག་སྦྱར་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཀྲུང་དབྱང་གི་ཁེ་ལས་སུ་ལས་ཞུགས་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་མ་ཟད། ལྗོངས་ཕྱིར་ལས་ཞུགས་བྱེད་མཁན་གྱི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་བོད་དུ་ལོག་ནས་ལས་ཞུགས་བྱེད་ལམ་གཏོད་དེ་སློབ་ཆེན་ཐོན་པའི་སློབ་མ་དམག་ཁོངས་སུ་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ།

    ས་བཅད་གཉིས་པ། ཞིང་འབྲོག་མང་ཚོགས་གནས་སྒྱུར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱ་རྒྱུ།

    ཞིང་འབྲོག་ལས་མིའི་ལས་རིགས་རྩལ་ནུས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ཏེ་སྦྱོང་བརྡར་གྱི་ཕན་ནུས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུ་དང་འཚམ་པའི་ལས་རིགས་རྩལ་ནུས་སྦྱོང་བརྡར་ཤུགས་ཆེ་སྤེལ་ཏེ་གསོ་སྐྱོང་བྱེད་པའི་ཕན་འབྲས་ཆེ་རུ་བཏང་ཐོག ཆ་རྐྱེན་ཡོད་པའི་དུད་ཚང་ནང་ཉུང་མཐར་ཡང་མི་གཅིག་གིས་གོ་ཆོད་ལག་རྩལ་སྣ་ཁ་རེ་ཤེས་པ་བྱ་རྒྱུ། ངལ་ནུས་དཔལ་འབྱོར་སྟོབས་ཆེར་བཏང་ནས་འགྲོ་ཁོངས་གཏན་འཁེལ་གྱི་སྦྱོང་བརྡར་སྤྲོས་རྒྱུར་བརྟེན་ཏེ་ངལ་ནུས་ཕྱིར་གཏོང་ནང་འདྲེན་བྱེད་སའི་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ངལ་ནུས་ཕྱིར་གཏོང་བྱ་རྒྱུ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་བཏང་ཐོག ཁྱད་ལྡན་ངལ་ནུས་ཀྱི་གྲགས་རྟགས་གཏོད་ནས་དེ་བས་མང་བའི་ཞིང་འབྲོག་མང་ཚོགས་གནས་སྒྱུར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་གཏོང་རྒྱུ། ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་ལ་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུའི་ནང་རྒྱ་ཁྱབ་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཐོག སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་གཞུང་ཁོངས་ཁེ་ལས་ཀྱིས་ས་གནས་དེ་གའི་ངལ་རྩོལ་པ་སྐོང་འགུགས་ཧུར་ཐག་བྱས་ཏེ་ལས་ཞུགས་བྱེད་དུ་འཇུག་རྒྱུ། གཏེར་ལས་དང་ཆུ་གློག་གི་ཐོན་ཁུངས་གསར་སྤེལ་བྱེད་མཁན་ཁེ་ལས་ཀྱིས་འཛུགས་སྐྲུན་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་བསྡུ་འཇུག་ཧུར་ཐག་བྱ་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐོན་ལས་བཟོ་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་མ་གཏོང་རྒྱུ། ས་ཆ་བསྡུ་ལེན་དང་། གསབ་སྤྲོད། བཀོད་སྒྲིག་བཅས་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ས་ཆ་བསྡུ་ལེན་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ། ཞིང་འབྲོག་ལས་མིས་རང་བརྟེན་བྱ་གཞག་བསྐྲུན་རྒྱུ་དང་། ཤང་གྲོང་ཡུལ་སྐོར། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན། ཚོང་དོན། སྐྱེལ་འདྲེན་སོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

    ས་བཅད་གསུམ་པ། ལས་ཞུགས་ཞབས་ཞུར་བསྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ལས་རིགས་སྦྱོང་བརྡར་དང་། ལས་ཞུགས་ཞབས་ཞུ། ངལ་རྩོལ་པའི་ཁེ་དབང་སྲུང་སྐྱོང་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག་ཏུ་འགྲིལ་བའི”ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་དང་ཆ་འཕྲིན་ཅན་གྱི་དྲ་རྒྱ་འཛུགས་རྒྱུར་སྐུལ་སྤེལ་བཏང་ནས་སྦྱོང་བརྡར་གྱི་ཐོན་ཁུངས་སྒྲིལ་སྤྱོད་དང་གོ་ཆོད་ལག་རྩལ་དང་། ལས་རིགས་རྩལ་ནུས། བྱ་གཞག་གསར་སྐྲུན་བཅས་ཀྱི་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རང་མིང་འགོད་སྲོལ་གྱི་འགྱུར་ལྡན་དོ་དམ་དང་རིགས་དབྱེ་རོགས་སྐྱོར་བྱ་རྒྱུ། སྲིད་གཞུང་ནས་གྲོང་དོན་གྱི་ཁོར་ཡུག་འཕྲོད་བསྟེན་དང་། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་། གཞུང་ལམ་དོ་དམ་པའི་ལས་རོགས་པ་སོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུར་བརྟེན་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་ཐ་སྐྱོང་ནུས་པ་འདོན་སྤེལ་བྱ་རྒྱུ། དབང་པོ་སྐྱོན་ཅན་ལས་ཞུགས་བྱེད་སའི་ཚན་པར་དམིགས་བསལ་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་སྟེ་དབང་པོ་སྐྱོན་ཅན་རམ་འདེགས་ལས་ཞུགས་དང་སྐབས་བསྟུན་ལས་ཞུགས་བྱ་རྒྱུར་རོགས་རམ་བྱ་རྒྱུ། ལས་ཞུགས་ཀྱི་དགོས་མཁོ་ཡོད་པའི་ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་དང་མ་མཐའི་འཚོ་བ་འགན་སྲུང་བྱེད་པའི་ཁྱིམ་ཚང་གི་རོགས་སྐྱོར་སྲིད་ཇུས་ཁག་འཐུས་སྒོ་ཚང་དུ་བཏང་ནས་ཉུང་མཐར་ཡང་མི་གཅིག་ལས་ཞུགས་ཐུབ་པ་བྱ་རྒྱུ། “སློབ་རིམ་མི་འཕར་བའི་སློབ་ཐོན་སློབ་མ་གཉིས”སོགས་གྲོང་ཁྱེར་གྲོང་གསེབ་ཀྱི་གསར་བྱུང་ངལ་རྩོལ་པ་ལས་ཞུགས་བྱ་རྒྱུར་རོགས་སྐྱོར་ཧུར་ཐག་བྱས་ཏེ་ངལ་རྩོལ་གྲ་སྒྲིག་ལམ་ལུགས་ཀྱི་སྦྱོང་བརྡར་སྤྲོས་རྒྱུ། རང་བརྟེན་ལས་འཚོལ་དམག་མི་ལས་བྱེད་པར་འགྱུར་རྒྱུ་དང་རང་བརྟེན་ལས་ཞུགས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་དང་བྱ་གཞག་བསྐྲུན་རྒྱུའི་ཐད་རྒྱབ་སྐྱོར་བྱ་རྒྱུ།

    ས་བཅད་བཞི་པ། དམངས་ཡོངས་ཀྱིས་བྱ་གཞག་གསར་སྐྲུན་བྱ་རྒྱུར་ཁྲིད་སྟོན་དང་རོགས་སྐྱོར་བྱ་རྒྱུ།

    བྱ་གཞག་བསྐྲུན་རྒྱུར་བརྟེན་ནས་འཆར་གཞི་འདིང་རྒྱུ་དང་། བྱ་གཞག་བསྐྲུན་རྒྱུར་བརྟེན་ནས་ལས་ཞུགས་ལ་སྐུལ་སྤེལ་གཏོང་རྒྱུ། ཐོན་ལས་སྡེ་གླིང་དང་། མཐོ་རིམ་སློབ་གླིང་། མི་ཤུགས་ཐོན་ཁུངས་ཁྲོམ་ར་བཅས་ལ་རྒྱབ་སྐྱོར་བྱས་ཏེ་བྱ་གཞག་གསར་སྐྲུན་གླིང་དང་ལས་གཏོད་གསོ་ཆས་རྟེན་གཞི་བཙུགས་ནས་བྱ་གཞག་སྐྲུན་པ་དང་གསར་གཏོད་བྱེད་པའི་གསོ་སྐྱོང་ཞབས་ཞུའི་ལས་སྟེགས་ཧུར་ཐག་སྐྲུན་རྒྱུ། མཉམ་སྦྲེལ་དྲ་རྒྱར་བརྟེན་པའི་རྨང་གཞིའི་འོག ཀུན་གཏོད་དང་། ཀུན་འགན། ཀུན་སྐྱོར། ཀུན་གྲབས་སོགས་བྱ་ཡུལ་གོང་འཕེལ་གཏོང་རྒྱུར་སྐུལ་མ་བཏང་སྟེ་མཉམ་སྤྱོད་དཔལ་འབྱོར་སྐྱོང་སྤེལ་བྱ་རྒྱུ། བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་ཀྲུང་དབྱང་ཁེ་ལས་ཀྱི་གསར་གཏོད་ལས་སྟེགས་ལ་བརྟེན་ནས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་དང་ཁེ་ལས་བྱ་གཞག་གི་ལག་རྩལ་མི་སྣར་བྱ་གཞག་སྐྲུན་པ་དང་གསར་གཏོད་བྱེད་པའི་བར་སྟོང་མཁོ་འདོན་བྱ་རྒྱུ། དངུལ་རྩའི་ཡིད་རྟོན་དང་། བཟོ་ཚོང་ནོར་ཁྲལ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་མ་དངུལ་དང་དངུལ་རྩའི་མ་རྩ་བཏང་སྟེ་ཀུན་གྱིས་བྱ་གཞག་སྐྲུན་རྒྱུར་རྒྱབ་སྐྱོར་བྱས་ཐོག བྱ་གཞག་སྐྲུན་པའི་མ་དངུལ་འདུ་གཏོང་བྱེད་ལམ་རྒྱ་ཆེར་གཏོང་རྒྱུ། སློབ་ཆེན་ཐོན་པའི་སློབ་མས་བྱ་གཞག་བསྐྲུན་རྒྱུར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་སྲིད་གཞུང་གིས་བྱ་གཞག་གསར་སྐྲུན་བྱ་རྒྱུར་སྐུལ་ལྕག་དང་། སྤྱི་ཚོགས་ཀྱིས་བྱ་གཞག་གསར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར། ངལ་རྩོལ་པས་བྱ་གཞག་གསར་སྐྲུན་བྱེད་ཕོད་པ་བཅས་ཀྱི་ལམ་སྲོལ་གསར་པ་ཞིག་ཆགས་པ་བྱ་རྒྱུ། མཐོ་སློབ་དང་། ཚན་ཞིབ་ཁང་སོགས་ཆེད་ལས་ལག་རྩལ་པས་ལས་ཐོག་དང་ལས་བྲལ་བྱ་གཞག་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

    ལེའུ་དྲུག་པ། ཐབས་ལམ་མང་པོར་བརྟེན་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཐུབ་པ་བྱ་རྒྱུ།

    གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་འབབ་འཕར་ཡོང་ཁོངས་རྒྱ་ཆེར་བཏང་ནས་ལུགས་མཐུན་དང་གོ་རིམ་ལྡན་པའི་ཡོང་འབབ་བགོ་འགྲེམས་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱས་ཏེ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེ་གཏོང་རྒྱུ།

    ལས་གཉེར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་རྒྱུ། རིག་གནས་ཡོད་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་བྱེད་ཤེས་པ་བཅས་ཀྱི་ལས་རིགས་གསར་པའི་ཞིང་འབྲོག་མང་ཚོགས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱིས་ཡིད་རྟོན་མ་དངུལ་སྤྱད་དེ་ཐོན་སྐྱེད་གོང་འཕེལ་དང་མཉམ་ལས་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་འདེབས་གསོའི་གྲུབ་ཆ་ལེགས་སྒྱུར་བྱས་ཐོག གཟིགས་སྐོར་ཞིང་ལས་དང་། སྤྲོ་གསེང་ཞིང་ལས། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ལས་རིགས་བཅས་གོང་འཕེལ་གཏོང་རྒྱུ། གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་སྤྲས་ནས་གནས་སྒྱུར་ལས་ཞུགས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཞིང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་ལས་གཞི་འཛུགས་སྐྲུན་བྱ་རྒྱུའི་ནང་ཞུགས་སུ་བཅུག་ནས་ཞིང་འབྲོག་ལས་མིའི་ངལ་རྩོལ་གྱི་ཐོབ་ཆར་ཁྲིམས་བཞིན་འགན་སྲུང་བྱ་རྒྱུ་དང་། སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་འགན་སྲུང་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཀྱིས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་ལོངས་སྤྱོད་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཁ་གསབ་དང་འབྱུང་ཁམས་སྲུང་སྐྱོབ་ཀྱི་བྱ་དགའི་ཚད་གཞི་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་ས་ཆ་དང་རྩྭ་ར་འགན་གཙང་གཉེར་སྐྱོང་བྱེད་དབང་སྤོ་སྒྱུར་བྱས་ཏེ་ཡོང་འབབ་མང་དུ་གཏོང་བར་སྐུལ་མ་གཏོང་རྒྱུ། ས་ཆ་བསྡུ་ལེན་དང་གསབ་སྤྲོད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན་དང་བགོ་འགྲེམས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཁེ་ལས་ཀྱི་ལས་བཟོའི་ཡོང་འབབ་བགོ་འགྲེམས་བྱེད་པའི་ལམ་སྲོལ་ཚགས་ཚུད་དུ་བཏང་སྟེ་ཁེ་ལས་ཀྱི་གླ་ཕོགས་དང་ལས་རིགས(ཁུལ་ཁོངས)རང་བཞིན་གྱི་གླ་ཕོགས་ལ་མཉམ་སྡེབ་གྲོས་མཐུན་བྱེད་པའི་ལམ་སྲོལ་ཁྱབ་གདལ་བཏང་ནས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་རིམ་པས་མཐོ་རུ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁུར་བའི་གླ་ཕོགས་ཀྱི་ཆུ་ཚད་ཚད་ལྡན་བཟོས་ནས་གཞུང་ཁོངས་ཁེ་ལས་ཀྱི་ཡོང་འབབ་བགོ་འགྲེམས་བྱ་རྒྱུ་དེ་ལྟེ་བའི་ལག་རྩལ་པ་དང་འཐབ་ས་དང་པོའི་ལས་བྱར་འཕར་གཟིགས་བྱ་རྒྱུ། གླ་ཕོགས་གཏོང་སྤྲོད་བྱེད་པའི་འགན་ལེན་མ་དངུལ་གྱི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཐོག གླ་ཕོགས་གཏོང་སྤྲོད་བྱེད་པའི་ལྟ་འདོམས་ཚད་ལྡན་བཟོས་ནས་ཡིད་རྟོན་ཤོར་རིགས་ལ་ཆད་པ་གཅོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་གླ་ཕོགས་དང་ཕན་བདེའི་ཐོབ་ཐང་གི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། ཤང་གྲོང་དང་དཀའ་ངལ་ཆེ་བའི་ཐག་རིང་ལུང་ཁུག་གི་ལས་བྱེད་པར་ལས་གནས་ཀྱི་ཁ་གསབ་སྤྲོད་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ལེའུ་བདུན་པ། སློབ་གསོ་གོང་འཕེལ་སྔོན་དུ་གཏོང་རྒྱུ།

    ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་དང་། ཀུན་སྤྱོད་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས། སློབ་གསོའི་གཞན་ཆ་ཁ་གསབ་པ། སློབ་གསོ་གོང་འཕེལ་གཏོང་རྒྱུའི་རྨང་གཞི་བརྟན་གཏོང་། སློབ་གསོ་འདྲ་མཉམ་ཡོང་རྒྱུར་སྐུལ་འདེད། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སློབ་གསོ་དེང་རབས་ཅན་དུ་རྩ་བའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ།

    ས་བཅད་དང་པོ། གཞི་རྩའི་སྤྱི་པའི་སློབ་གསོ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོའི་སྒྲིག་གཞི་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཕྱོགས་ཡོངས་ནས་གསོ་སློབ་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་སློབ་ཞུགས་གོང་གི་སློབ་གསོ་ཁེབས་པའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་པ། སློབ་ཞུགས་གོང་གི་ན་འདྲེས་སློབ་ཞུགས་བྱེད་ཚད་85%ཟིན་པ་བཅས་བྱ་རྒྱུ།

    འོས་འགན་སློབ་གསོ་གོང་འཕེལ་དོ་སྙོམས་གཏོང་བ་དང་། འོས་འགན་སློབ་གསོའི་སློབ་གྲྭ་ཚད་གཞི་ཅན་དུ་འགྱུར་རྒྱུ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཁོངས་དབར་དང་། གྲོང་ཁྱེར་དང་གྲོང་གསེབ་དབར། སློབ་གྲྭ་ཕན་ཚུན་དབར་བཅས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས་གྲོང་ཚོའི་སློབ་ཆུང་དང་སློབ་ཁྲིད་ས་ཚུགས་ཡག་པོ་གཉེར་དགོས། སློབ་འབྲིང་དང་སློབ་ཆུང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འཆར་འགོད་ལག་བསྟར་བྱ་རྒྱུ། འོས་འགན་སློབ་གསོའི་དུས་རིམ་གྱི་གཞུང་སྤྱོད་གྲོན་དངུལ་དང“འགན་ལེན་གསུམ”གྱི་གྲོན་དངུལ་ཁ་གསབ་རོགས་དངུལ་ཚད་གཞི་རིམ་པས་མཐོ་རུ་བཏང་ནས་ལོ་དགུའི་འོས་འགན་སློབ་གསོའི་བརྟན་ཚད་95%ཟིན་པ་བྱ་རྒྱུ།

    མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གསོ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གསོ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོ་སྤེལ་སྟངས་ལེགས་སྒྱུར་བྱ་རྒྱུ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་བསྒྱུར་བཀོད་འཆར་འགོད་ལག་བསྟར། རྨང་གཞིའི་ཤེས་བྱ་དང་གཞི་རྩའི་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ཐོག་རང་བྱུང་ཚན་རིག་ཚན་ཁག་གི་སློབ་ཚན་དང་ཚོད་ལྟའི་སློབ་ཚན་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མཐོ་རིམ་སློབ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་ཁྱད་ཆོས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་མཐོ་རིམ་སློབ་འབྲིང(ལས་རིགས་འབྲིང་རིམ་སློབ་གྲྭ)དུས་རིམ་གྱི་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཡན་ཟིན་པ་བྱ་རྒྱུ།

    དམིགས་བསལ་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དམིགས་བསལ་སློབ་གསོ་གཉེར་རྒྱུའི་ནུས་པ་ཆེ་རུ་བཏང་ཐོག སློབ་གྲྭ་དཀྱུས་མ་དང་ལས་རིགས་སློབ་གྲྭས་དབང་སྐྱོན་གྱི་སློབ་ཕྲུག་ལ་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་སྐྲུན་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཏེ་གཙོ་གནད་དུ་དབང་པོ་སྐྱོན་ཅན་སློབ་ཕྲུག་གི་འཚོ་བའི་རྩལ་ནུས་དང་ལས་ཞུགས་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། དེང་དུས་ཀྱི་ལས་རིགས་སློབ་གསོ་གོང་འཕེལ་གང་མགྱོགས་གཏོང་རྒྱུ།

    མཐོ་རིམ་སློབ་འབྲིང་དུས་རིམ་གྱི་མཐོ་འབྲིང་སློབ་དཀྱུས་དང་ལས་རིགས་སློབ་གྲྭའི་བསྡུར་ཆ་ལེགས་སྒྱུར་བྱེད་པ་དང་། རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་མཐུན་པའི་ལས་རིགས་སློབ་གསོའི་སློབ་ཚན་མ་ལག་དང་ཆེད་ལས་གྲུབ་ཆ་བཙུགས་ཏེ་ལས་རིགས་སློབ་ཆེན་ནམ་སློབ་གླིང་གི་ཆེད་ལས་བཀོད་སྒྲིག་དང་ཐོན་ལས་དགོས་མཁོ་འབྲེལ་མཐུད་བྱ་རྒྱུ་དང་། སློབ་ཁྲིད་བྱེད་པའི་བརྒྱུད་རིམ་དང་ཐོན་སྐྱེད་ཀྱི་བརྒྱུད་རིམ་གཉིས་འབྲེལ་མཐུད་བྱ་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། ལས་རིགས་སློབ་གསོའི་སློབ་ཆེན་ནམ་སློབ་གླིང་བཀོད་སྒྲིག་ལུགས་མཐུན་དང་། ལས་རིགས་སློབ་གསོའི་སློབ་གཉེར་གཞི་ཁྱོན་རྒྱ་ཆེར་བཏང་བ། སློབ་གཉེར་ཆ་རྐྱེན་འགན་སྲུང་བཅས་བྱས་ཐོག མི་འབོར་མང་བ་དང་ཆ་རྐྱེན་འཛོམས་པའི་ས་གནས(གྲོང་ཁྱེར)སུ་མཐོ་རིམ་ཆེད་ལས་སློབ་གསོ་གོང་འཕེལ་གཏོང་དགོས། དེང་དུས་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་བྱས་ནས་ཐོན་སློབ་མཉམ་འདྲེས་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས། སློབ་གྲྭ་དང་ས་ཆ་མཉམ་ལས་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མངག་ཉོ་རྣམ་པའི་གསོ་སྐྱོང་དང་། ལས་གནས་གཏན་འཁེལ་གྱི་གསོ་སྐྱོང་། འགྲོ་ཁུངས་གཏན་འཁེལ་གྱི་གསོ་སྐྱོང་སོགས་ལས་ཞུགས་དང་འབྲེལ་བ་དམ་ཟབ་ཡོད་པའི་གསོ་སྐྱོང་གི་རྣམ་པ་ཤུགས་ཆེ་སྤེལ་ཐོག དངོས་སྦྱོང་བྱ་རྒྱུར་ཤུགས་སྣོན་དང་ལས་སློབ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བཏང་ནས་སློབ་ཕྲུག་གི་ལག་ལེན་དང་བཀོལ་སྤྱོད་བྱེད་ནུས་ཆེ་རུ་གཏོང་རྒྱུ། མི་རིགས་ཀྱི་སྒྱུ་རྩལ་མཁས་པ་དང་། བཟོ་རྩལ་མཁས་པ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཁན་བཅས་གདན་ཞུས་ཀྱིས་དགེ་རྒན་གྱི་འགན་འཁྲི་གཅིག་ལྕོགས་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཤར་དབུས་རྒྱུད་ཀྱི་ལས་རིགས་སློབ་གསོ་ཚོགས་པ་དང་དམངས་བཙུགས་མཐོ་རིམ་སློབ་གྲྭ་དང་སློབ་གཉེར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནང་སའི་བོད་ལྗོངས་འབྲིང་རིམ་ལས་རིགས་འཛིན་གྲྭ་མུ་མཐུད་ཡག་པོ་སློབ་གཉེར་བྱེད་རྒྱུ། ལས་རིགས་སློབ་གསོ་དང་སློབ་གསོ་དཀྱུས་མ་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འབྲིང་རིམ་ཆེད་ལས་དང་། མཐོ་རིམ་ཆེད་ལས། དངོས་སྤྱོད་དངོས་གཞིའི་ཆེད་ལས་བཅས་མཐོ་རུ་གཏོང་རྒྱུའི་ཐབས་ལམ་རིམ་བཞིན་གཏོད་དེ་ལས་རིགས་སློབ་གསོའི་སློབ་ཐོན་སློབ་མའི་ལས་ཞུགས་འགན་ལེན་བྱ་རྒྱུའི་སྲིད་ཇུས་ཚགས་ཚུད་དུ་གཏོང་རྒྱུ།

    ས་བཅད་གསུམ་པ། མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    སྤྱི་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་སློབ་གྲྭ་ཆེ་མོའི་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་ཅིང་། རིག་ཚན་ཡག་ཤོས་གཉེར་རྒྱུའི་ཐད་ཚད་བརྒལ་གྲུབ་འབྲས་ཐོབ་པ་དང་ཁུལ་ཁོངས་ཀྱི་ཁྱད་ལྡན་ཆེད་ལས་གང་ལེགས་གཉེར་ཏེ་བཟོ་ལས་དང་། ཞིང་ལས། སྨན་བཅོས། སྨན་རྫས། དོ་དམ། དགེ་འོས་སོགས་ཤེས་ལྡན་མི་སྣ་དཀོན་པའི་ཆེད་ལས་ཡག་པོ་གཉེར་རྒྱུ། སློབ་གྲྭ་ཆེ་མོའི་གནས་བབ་ལེགས་སྒྱུར་བྱས་ཏེ་བོད་ལྗོངས་སློབ་ཆེན་དེ་སློབ་གསོ་པུའི་ཐད་གཏོགས་སློབ་ཆེན་ཞིག་ཏུ་གང་མགྱོགས་སྒྱུར་རྒྱུ་དང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་དེ་ལོགས་སུ་འཛུགས་རྒྱུ་སླར་གསོ་བྱེད་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་སློབ་ཁུལ་གསར་པ་སྐྲུན་པ། བོད་ལྗོངས་གསོ་རིག་སློབ་གླིང་གི་སློབ་གཉེར་གཞི་ཁྱོན་ཆེ་རུ་གཏོང་བ། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་གཉེར་གྱི་རིམ་པ་མཐོ་རུ་གཏོང་བ་བཅས་བྱ་རྒྱུ། ཁྱད་ཆོས་ཐོན་ཤུགས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོ་རུ་བཏང་སྟེ་མཁོ་ཆོད་རྣམ་པ་དང་། རྩལ་ནུས་རྣམ་པ། གསར་གཏོད་རྣམ་པ། ཤེས་རྩལ་འཛོམས་པ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ། འགྲོ་ཁུངས་གཏན་འཁེལ་གྱིས་སློབ་མ་བསྡུ་བའི་ཆེད་དམིགས་འཆར་གཞི་ལག་བསྟར་བྱས་ཏེ་ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭ་ཆེ་མོའི་སློབ་གསོ་ཐོབ་རྒྱུའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ། དགེ་རྒན་དཔུང་ཁག་གི་ཕྱོགས་ཡོངས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་རིག་གཞུང་ཡོན་ཚད་ཅུང་མཐོ་བའི་སློབ་གསོའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ། ལྗོངས་ནང་ཁུལ་གྱི་མཐོ་སློབ་དང་ནང་སའི་གཙོ་གནད་སློབ་ཆེན་སློབ་གླིང་དང་སྤེལ་རེས་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུ།

    ས་བཅད་བཞི་པ། སློབ་གསོ་གོང་འཕེལ་གྱི་གསོན་ཤུགས་ཆེ་རུ་གཏོང་རྒྱུ།

    རྒྱུན་མཐུད་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། བསླབ་རིམ་སློབ་གསོ་དང་བསླབ་རིམ་མིན་པའི་སློབ་གསོ་མཉམ་དུ་སྤེལ་ཞིང་། ལས་ཞུགས་སྔ་རྗེས་ཀྱི་རྒྱུན་མཐུད་སློབ་གསོའི་མ་ལག་བཙུགས་ཏེ་མཐོ་རིམ་སློབ་གྲྭ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་སོགས་སུ་རྒྱུན་མཐུད་སློབ་གསོ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ངལ་རྩོལ་པ་ཡོངས་ལ་ཕན་ཐོགས་པའི་ལས་རིགས་སློབ་གསོ་དང་གསོ་སྦྱོང་དང་ལེན་བྱ་རྒྱུའི་སྟབས་བསྟུན་གྱི་སློབ་སྦྱོང་ལམ་ལུགས་འཛུགས་རྒྱུ།

    སློབ་གསོའི་དྲང་གཞག་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་སློབ་གསོའི་སྒྲིག་གཞི་ག་སྦྱར་རོགས་སྐྱོར་བྱ་རྒྱུ་ལག་བསྟར་བྱས་ཏེ་སློབ་འབྲིང་དང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཀྱི་སློབ་སྤྱི(ཡོན་ཀྲང)དང་དགེ་རྒན་གྱི་གྲོང་ཁྱེར་གྲོང་གསེབ་དབར་ལས་གནས་བརྗེ་རེས་ཀྱི་ལམ་ལུགས་འཛུགས་རྒྱུ། དཀའ་ངལ་ཡོད་པའི་སློབ་ཕྲུག་ལ་རོགས་རམ་བྱ་རྒྱུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ཐོག་བོད་སྐྱོར་དངུལ་བུན་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུ། སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྱོང་དང་རྒྱང་རིང་སློབ་གསོ་གོང་འཕེལ་བཏང་སྟེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཁེབས་ཚད་རྒྱ་ཆེར་གཏོང་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་བསྡུའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་བཏང་སྟེ་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    སློབ་གསོ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། རིམ་རིགས་ཁག་གི་སློབ་གསོའི་སློབ་བསྡུ་དང་ཡིག་རྒྱུགས་ལམ་ལུགས་ཚད་ལྡན་ཚགས་ཚུད་དུ་གཏོང་བ་དང་། སློབ་བསྡུའི་ཀུན་གསལ་ལས་གཞི་ལག་བསྟར་བྱེད་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ། ཡོངས་བསྒྲགས་ཐོག་ནས་སློབ་མ་བསྡུ་འཇུག་བྱེད་པ་བཅས་བྱས་ནས་ཡིག་རྒྱུགས་དང་སློབ་མ་བསྡུ་རྒྱུ་ཡོངས་བསྒྲགས་དྲང་གཞག་ཐུབ་པའི་འགན་ལེན་བྱ་རྒྱུ། མཐོ་རིམ་སློབ་གྲྭ་ཆེ་ཁག་གི་རིག་ཚན་ཆེད་ལས་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐབས་གསར་གཏོད་བྱ་རྒྱུ། “སྐད་གཉིས”སློབ་གསོ་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ཐོག་གྲངས་ཉུང་མི་རིགས་ཀྱི་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གཞི་རྩའི་ཆ་ནས་ཁོང་དུ་ཆུད་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་ཆུ་ཚད་མཐོ་རུ་གཏོང་རྒྱུ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་ཆེད་དམིགས་འཆར་འགོད་བཟོས་ཏེ་ལྗོངས་ནང་ཁུལ་གྱི་དགེ་རྒན་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུའི་རྟེན་གཞི་དང་ནང་སའི་གཙོ་གནད་སློབ་གྲྭ་ཆེ་ཁག་ལ་བརྟེན་ནས་འགྲོ་ཁུངས་གཏན་འཁེལ་གྱི“སྐད་གཉིས”དགེ་རྒན་དང་རིག་ཚན་དཀོན་པའི་དགེ་རྒན་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་རྒྱུ།

    1.jpg

    ལེའུ་བརྒྱད་པ། བདེ་ཐང་གི་བོད་ལྗོངས་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ།

    གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་བདེ་ཐང་ཉིན་བཞིན་ཇེ་ཆེར་འགྲོ་བའི་དགོས་མཁོ་སྐོང་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ་སྔོན་འགོག་གཙོ་བོར་བྱ་རྒྱུ་རྒྱུན་འཁྱོངས་དང་། བོད་ཕྱི་གསོ་རིག་ཟུང་འབྲེལ། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་སྒྲིག་སྦྱོར་བྱ་རྒྱུ་ལེགས་སྒྱུར་བྱས་ཐོག སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་དུ་གཏོང་བའི་ལུས་རྩལ་དར་སྤེལ་ཤུགས་ཆེ་བཏང་ཐོག་མི་རིགས་ཁག་གི་མང་ཚོགས་རྣམས་ནད་གཞི་ཉུང་ཙམ་ཕོག་པ་དང་། ན་དུས་སྨན་པ་བསྟེན་ཐུབ་པ། ནད་གཞི་ཡག་པོ་བཅོས་ཐུབ་པ་བཅས་བྱས་ཏེ་ཡུལ་མིའི་བདེ་ཐང་ཡོང་ཚད་ཟམ་མི་ཆད་པ་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ།

    ཕྱོགས་ཡོངས་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ལྗོངས་དང་། ས་གནས(གྲོང་ཁྱེར)རྫོང་བཅས་རིམ་པ་གསུམ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དང་། མ་བུ་བདེ་སྲུང་གི་ཞབས་ཞུ། ཟུངས་ཁྲག་འཐེན་སྤྲོད་མ་ལག་འཛུགས་པ་དང་འཐུས་སྒོ་ཚགས་ཚུད་དུ་གཏོང་རྒྱུ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ཆེད་དམིགས་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་ཏེ་ནད་ཆེ་རིགས་དང་། འགོས་ནད། ས་མཐོའི་ནད། ཡུལ་ནད། ལས་རིགས་ཀྱི་ནད། སྨྱོ་ནད་བཅས་སྔོན་འགོག་ཧུར་ཐག་བྱས་ཏེ་གློ་བུར་དུ་ཐོན་པའི་དོན་རྐྱེན་ལ་སྤྱི་པའི་འཕྲོད་བསྟེན་འཕྲལ་སྡོམ་ཐག་གཅོད་བྱ་རྒྱུ་དང་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་རྒྱུ།“ཞིང་འབྲོག་པ་བདེ་ཐང་ཡོང་བའི་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ”ལག་བསྟར་གཏིང་ཟབ་བྱས་ནས་སྐྱོན་བྲལ་སློབ་གསོ་གོང་འཕེལ་གཏོང་རྒྱུར་ཤུགས་བརྒྱབ་སྟེ་རིན་མེད་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་བདེ་ཐང་གི་ལུས་ཁམས་བརྟག་དཔྱད་བྱ་རྒྱུ་དང་རིམ་པས་གློག་རྡུལ་གྱི་བདེ་ཐང་ཡིག་ཚགས་བཟོ་རྒྱུ།

    ས་བཅད་གཉིས་པ། སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

    ཁུལ་ཁོངས་ཀྱི་སྨན་བཅོས་ལྟེ་གནས་བཀོད་སྒྲིག་དང་ལེགས་སྒྱུར་བྱས་ནས་ལྗོངས་དང་ས་གནས(གྲོང་ཁྱེར)རིམ་པའི་སྨན་བཅོས་ཚན་པའི་ཞབས་ཞུའི་ནུས་པ་མཐོ་རུ་བཏང་ཐོག གཙོ་གནད་རྫོང་གི་སྨན་ཁང་ཁུལ་ཁོངས་སྨན་བཅོས་ལྟེ་བ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱས་ཏེ་སྨན་བཅོས་ཞབས་ཞུ་ཁེབས་ཚད་དང་འབྱོར་ཚད་ཆེ་རུ་གཏོང་རྒྱུ། མཁོ་ཆོད་སྨན་པ་དང་སྨན་ཁང་དུ་སྡོད་པའི་ནད་པར་ནད་ལྟ་མཁན་སྨན་པ་གསོ་སྐྱོང་བྱ་ཤུགས་ཆེ་རུ་བཏང་ཐོག ལྗོངས་ནང་ཁུལ་གྱི་སློབ་ཆེན་དུ་འགྲོ་ཁུངས་གཏན་འཁེལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་ལས་ཞུགས་སྨན་བཅོས་འཕྲོད་བསྟེན་མི་སྣར་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་དང་སྨན་བཅོས་མི་སྣ་ནང་སར་གསོ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གཞི་ཁྱོན་ཆེ་རུ་བཏང་ནས་མི་སྟོང་རེའི་ནང་ལས་གཉེར་སྨན་པའི(ལས་རོགས་པ)མི་གྲངས་2.2ཟིན་ཐུབ་པ་བྱ་རྒྱུ། སྐོར་སྐྱོད་སྨན་བཅོས་ཐད་ཤུགས་སྣོན་བརྒྱབ་སྟེ། སྨན་བཅོས་མི་སྣ་གཞི་རིམ་དུ་ཞབས་ཞུར་བསྐྱོད་རྒྱུར་སྐྲུལ་མ་གཏོང་དགོས་ཤིང་སྣེ་ཁྲིད་ཀྱང་བྱ་རྒྱུ། སྨན་བཅོས་ལག་རྩལ་མཁས་པ“ཚོགས་འཛུགས་རྣམ་པའི”བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྒྱུ། སྨན་བཅོས་ཆ་འཕྲིན་ཅན་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ཐོག རང་སྐྱོང་ལྗོངས་དང་། ས་གནས། (གྲོང་ཁྱེར་)རྫོང་། (ཆུས་)བཅས་རིམ་པའི་མི་འབོར་བདེ་ཐང་གི་ཆ་འཕྲིན་ལས་སྟེགས་བཙུགས་ཏེ་རྒྱང་བསྟེན་སྨན་བཅོས་གོང་འཕེལ་གཏོང་རྒྱུ།

    ས་བཅད་གསུམ་པ། བོད་ལུགས་གསོ་རིག་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ།

    བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་ཐོན་ཁུངས་སྒྲིག་བཀོད་ཆ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་མ་ལག་ཚགས་ཚུད་དུ་གཏོང་བ། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་རྫོང་དང(ཆུད)ཤང(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)ཡོངས་སུ་བོད་ལུགས་གསོ་རིག་སྨན་བཅོས་ཞབས་ཞུ་ཁེབས་ཐུབ་པ་བྱ་རྒྱུ། བོད་ལུགས་གསོ་རིག་བྱ་གཞག་གོང་འཕེལ་གཏོང་རྒྱུ་དང་མཐུན་པའི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་ལམ་སྲོལ་བཙུགས་ཏེ་བོད་ལུགས་གསོ་རིག་གི་སློབ་གསོ་སྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་གི་ལག་རྩལ་ལྡན་པའི་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བོད་ལུགས་གསོ་རིག་གི་ཚན་རྩལ་གསར་གཏོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བོད་ཀྱི་སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་དང་ལྟ་དཔྱད་མ་ལག་འཛུགས་པ། བོད་ལུགས་གསོ་རིག་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལུགས་གསོ་རིག་གི་སྐྱོན་བྲལ་ཞབས་ཞུའི་ལས་སྒོ་གསོ་སྐྱོང་བྱ་རྒྱུ་དང་བོད་ལུགས་གསོ་རིག་གི་ཚན་ཞིབ་དང་། སློབ་གསོ། སྨན་བཅོས། བདེ་སྲུང་། རིག་གནས། ཐོན་ལས་བཅས་མཉམ་འདྲེས་ཐོག་གོང་འཕེལ་གཏོང་རྒྱུ།

    ས་བཅད་བཞི་པ། སྨན་བཅོས་འཕྲོད་བསྟེན་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག གཙོ་གནད་དུ་སྲིད་ཇུས་ཀྱི་ལེ་ལག་ཚང་སྒྲིག་བྱ་རྒྱུ་དང་། བཀོད་སྒྲིག་ལག་བསྟར། དེ་བཞིན་སྨན་བཅོས་དང་། སྨན་བཅོས་འགན་ལེན་། སྨན་དང་སྨན་བཅོས་མཉམ་སྒུལ་ལམ་སྲོལ་བཅས་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། གཞུང་གཉེར་སྨན་ཁང་སྒྱུར་བཅོས་གང་མགྱོགས་དང་། རྫོང་དང་ཤང་གཞི་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་བཏང་ཐོག་དེང་དུས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་འཛུགས་རྒྱུ། རིམ་དབྱེའི་སྨན་བཅོས་ཞབས་ཞུ་བྱེད་ལམ་འཚོལ་ཞིབ་བྱ་རྒྱུ། སྨན་རྫས་མཁོ་སྤྲོད་འགན་སྲུང་གི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ལག་བསྟར་དང་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་བཅོས་སྒྲིག་ལེགས་སུ་གཏོང་རྒྱུ། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐུལ་འདེད་གཏོང་རྒྱུ། སྨན་རམས་པས་གནས་མང་ལས་གཉེར་བྱེད་ལམ་འཚོལ་ཞིབ་ཧུར་ཐག་དང་ཚད་ལྡན་བཟོ་རྒྱུ་།

    ས་བཅད་ལྔ་པ། དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་གི་ལུས་སྦྱོང་རྒྱ་ཁྱབ་ངང་སྤེལ་རྒྱུ།

    དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་སྤྱི་པའི་ཞབས་ཞུ་དེ“སྒྲིག་བཀོད་ཚད་ལྡན་ཅན་དང་། རྩ་འཛུགས་དྲ་རྒྱ་ཅན། བྱེད་སྒོ་ཕུན་སུམ་ཚོགས་པ། འདོན་སྤྲོད་སྣ་མང་ཅན”བཅས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རྣམས་ཚན་རིག་དང་མཐུན་པའི་ལུས་སྦྱོང་ནང་ཞུགས་རྒྱུར་སྐུལ་མ་དང་ཁྲིད་སྟོན་བྱ་རྒྱུ། རིགས་འདྲ་མིན་གྱི་ལུས་རྩལ་སྒྲིག་བཀོད་རྣམས་རིན་མེད་དང་ཡང་ན་རིན་དངུལ་དམའ་པོའི་ཐོག་ནས་མཁོ་འདོན་བྱ་རྒྱུ་དང་། ལུས་རྩལ་དང་སྤྱི་ཚོགས་རྩ་འཛུགས་ཀྱི་དྲ་རྒྱ་འཐུས་ཚང་གཏོང་བ་དང་མཐོ་སྒང་དུ་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱ་རྒྱུར་མཛུབ་སྟོན་བྱས་ཏེ་དམངས་ཀྱི་ལུས་རྩལ་བྱེད་སྒོ་རྒྱུན་ལྡན་ཅན་དང་འཚོ་བ་ཅན་དུ་འགྱུར་བ་བྱ་རྒྱུ། སློབ་གྲྭའི་ལུས་རྩལ་གོང་འཕེལ་བཏང་སྟེ་སློབ་མས་སློབ་གྲྭའི་ནང་ཉིན་ལྟར་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད་གཅིག་ལས་མི་ཉུང་བ་བྱེད་ཐུབ་པ་དང་། 90%ཡན་གྱི་སློབ་མ་རྣམས《རྒྱལ་ཁབ་སློབ་མའི་གཟུགས་གཞིའི་བདེ་ཐང་ཚད་གཞི》ཟིན་ཐུབ་པ་བྱས་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་དང་རྒྱལ་དམངས་ཀྱི་གཟུགས་གཞི་ཐང་ཚད་དེ་80%ཡན་ཟིན་པ་བྱ་རྒྱུ།

    ས་བཅད་དྲུག་པ། བཟའ་བཅའ་དང་སྨན་རྫས་ཉེན་མེད་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ།

    བཟའ་བཅའ་དང་སྨན་རྫས་ཀྱི་ཉེན་མེད་བདེ་འཇགས་ལ་གཅིག་གྱུར་ལྟ་འདོམས་བྱ་ཤུགས་ཆེ་རུ་གཏོང་བ་དང་། བཟའ་བཅའ་དང་སྨན་རྫས་ཀྱི་ཉེན་མེད་བདེ་འཇགས་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། ཉེན་མེད་བདེ་འཇགས་ཀྱི་ལྟ་འདོམས་དང་ལག་རྩལ་གྱི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་བ། བཟའ་བཅའ་དང་སྨན་རྫས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་ཚགས་ཚུད་དུ་གཏོང་བ། སྨན་རྫས་སྣ་ཁ་ཡོངས་ཀྱི་ཁེབས་ཚད་དང་བཟའ་བཅའི་གཙོ་གནད་ཐོན་རྫས་ཆ་འཕྲིན་མཉམ་སྤྱོད་མ་ལག་དང་དེའི་ཁུངས་འདེད་མ་ལག་རགས་ཙམ་འཛུགས་པ། ཁེ་ལས་ཀྱི་གཙོ་རྐང་འགན་འཁྲི་དོན་འཁྱོལ་དང་ལྟ་འདོམས་བྱ་རྒྱུ་དེ་སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཕྱོགས་སུ་གང་མགྱོགས་འགྱུར་བ་བྱེད་པ། བཟའ་བཅའ་དང་སྨན་རྫས་ཉེན་མེད་བདེ་འཇགས་ཡོང་བའི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་བཟའ་བཅའ་དང་སྨན་རྫས་ཉེན་མེད་བདེ་འཇགས་ཡོང་བའི་བློ་ཡིད་ཚིམ་ཚད་མཐོ་རུ་འགྲོ་བ་བྱ་རྒྱུ།

    ས་བཅད་བདུན་པ། ཕྱོགས་ཡོངས་ནས་མི་འབོར་འཕེལ་རྒྱས་ཀྱི་བྱ་གཞག་ལ་ཤུགས་སྣོན་རྒྱག་རྒྱུ།

    མུ་མཐུད་ནས་ལེགས་བཙའ་ལེགས་གསོའི་སྲིད་ཇུས་ལག་བསྟར་དང་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞིང་། མ་བུ་བདེ་སྲུང་དང་གཞི་རིམ་གྱི་ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ནུས་པ་མཐོ་རུ་བཏང་སྟེ་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་འཆི་ཚད་ཉུང་དུ་གང་ཐུབ་འགྲོ་བ་དང་། ལྡན་སྐྱེས་ལུས་སྐྱོན་སྔོན་འགོག་གང་ཐུབ་བྱེད་པ། སྐྱེ་བའི་མིའི་བྱང་ཚད་མཐོ་རུ་གཏོང་བ། མིའི་ཆ་སྙོམས་གྱི་རེ་བའི་ཚེ་ཚད་མཐོ་རུ་གཏོང་བ། ཕྱོགས་ཡོངས་ནས“ཕྲུ་གུ་གཉིས་སྐྱེ་ཆོག་པའི”རྒྱལ་ཁབ་ཀྱི་སྲིད་ཇུས་ལག་བསྟར་དང་དེའི་ལེ་ལག་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་འབོར་ཡུན་རིང་རྒྱུན་མཐུད་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། བུད་མེད་དང་བྱིས་པའི་བྱ་གཞག་གོང་འཕེལ་ཤུགས་ཆེ་གཏོང་བ། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་པ། ནར་མ་སོན་པའི་མིར་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ས་གནས(གྲོང་ཁྱེར)དང་། རྫོང(ཆུས)རིམ་པ་གཉིས་ཀྱི་དབང་པོ་སྐྱོན་ཅན་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་སྲིད་གཞུང་ནས་ཁ་གསབ་དང་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་ཐབས་རྣམ་སྤྱད་དེ་རིགས་འདྲ་མིན་གྱི་ཁེ་ལས་དང་། རྩ་འཛུགས། མེ་སྒེར་བཅས་ཀྱིས་དབང་པོ་སྐྱོན་ཅན་བྱ་གཞག་ནང་ཞུགས་རྒྱུར་སྐུལ་མ་གཏོང་རྒྱུ།

    1.jpg

    2.jpg

    ལེའུ་དགུ་པ། རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ།

    སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་མི་རིགས་ཁག་མང་ཚོགས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་ཐོག ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། གོང་འཕེལ་བཅས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྱོང་གང་མགྱོགས་བྱ་རྒྱུ།

    ས་བཅད་དང་པོ། སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ཕྱོགས་བསྡུས་རང་བཞིན་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་བརྒྱབ་ཐོག སྤྱི་པའི་གྲངས་གཞིའི་རིག་གནས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ་ས་གནས(གྲོང་ཁྱེར་)ཀྱི་མང་ཚོགས་སྒྱུ་རྩལ་ཁང་དང་། དཔེ་མཛོད་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་མངོན་འགྱུར་དང་། རྫོང་ནང་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས་ཡོད་པ། ཤང་གྲོང་རྡལ་དང་(ཁྲོམ་གཞུང)གྲོང་ཚོ(སྡེ་ཁུལ)ཚང་མར་ཕྱོགས་བསྡུས་རིག་གནས་སྒྲིག་བཀོད་ཁྱབ་ཐུབ་པ་བྱ་རྒྱུ། སྲོལ་རྒྱུན་གྱི་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཚགས་པར་དུས་དེབ་དང་རླུང་འཕྲིན་བརྙན་འཕྲིན་སོགས་སྨྱན་སྦྱོར་གཙོ་བོ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་གསར་འགྱུར་དང་། དཔེ་སྐྲུན། རླུང་འཕྲིན་བརྙན་འཕྲིན་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རླུང་འཕྲིན་བརྙན་འཕྲིན་ཁེབས་ཚད་དང་། སྒྱུར་བཟོ། མི་རིགས་ཀྱི་ཡི་གེ་པར་སྐྲུན་བྱེད་ནུས་བཅས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཀྱི་སྐད་ཡིག་དང་མི་རིགས་ཀྱི་ཡི་གེ་བེད་སྤྱོད་བྱ་རྒྱུ་ཚད་ལྡན་བཟོ་རྒྱུ། རིག་གནས་ཀྱི་དམངས་ཕན་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་རིག་གནས་ཐོན་ཁུངས་གཞི་རིམ་དུ་འཕར་གཟིགས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་ཕུལ་བྱུང་གི་རིག་གནས་ཀྱི་ཆ་འཕྲིན་ཐོན་ཁུངས་གྲོང་ཚོ་དང་དུད་ཚང་དུ་སྐྱོད་ཐུབ་པ་བྱས་ཏེ་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་མང་ངང་རྒྱ་ཁྱབ་སྤེལ་རྒྱུ།

    ས་བཅད་གཉིས་པ། རིག་རྩལ་གྱི་བརྩམས་ཆོས་སྤུས་དག་འཐབ་ཇུས་ལག་བསྟར་བྱ་རྒྱུ།

    སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་གོའི་ཕུགས་འདུན་གྱི་བརྗོད་བྱ་གཙོ་བོར་དམིགས་ཏེ་རིག་རྩལ་གསར་རྩོམ་ལམ་སྲོལ་སྒྱུར་བཅོས་དང་གསར་གཏོད་བྱས་ཐོག བྱང་ཚད་མཐོ་བའི་རིག་རྩལ་ཤེས་ལྡན་པ་ཁག་གཅིག་དང་རིག་རྩལ་སྣེ་འདྲེན་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཁས་པ་རྩེ་གྲའི་བོད་ལྗོངས་བརྗོད་གཞི་གསར་རྩོམ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ་ཡིན་ཞིང་། བོད་སྐད་ཡིག་གིས་གཙོ་བོ་བྱེད་པའི་གར་སྟེགས་སྒྱུ་རྩལ་དང་། པར་སྐྲུན་ཡིག་རིགས། རླུང་འཕྲིན་བརྙན་འཕྲིན་ལེ་ཚན། གྲངས་གཞིའི་རིག་གནས་སོགས་གསར་གཏོད་དང་འདོན་སྤྲོད་བྱས་ཏེ་དུས་རབས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལྡན་པའི་རིག་རྩལ་བརྩམས་ཆོས་སྤུས་དག་དེ་བས་མང་བ་ཞིག་འདོན་སྤེལ་བྱ་རྒྱུ། “ནང་དུ་གདན་ཞུ་དང་ཕྱིར་བསྐྱོད་རྒྱུ”ཤུགས་ཆེར་བཏང་ཐོག རང་ལྗོངས་ཀྱི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་མཚམས་སྦྱོར་ཧུར་ཐག་དང་། རིག་རྩལ་གྱི་རྣམ་པ་སྤྱད་ནས་རང་ལྗོངས་ཀྱི་སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གསལ་སྟོན་གང་ལེགས་བྱས་ཏེ་རིག་གནས་འདི་ཉིད་ཕྱི་ཕྱོགས་དང་འགྲོ་འོང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཤུགས་ཆེ་རུ་གཏོང་རྒྱུ།

    རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ཏེ་རིག་དངོས་དང་། ཡིག་ཚགས། མངོན་མིན་རིག་གནས་ཤུལ་བཞག བོད་ཡིག་གནའ་དཔེ་བཅས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོང་ཉམས་གསོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རིག་གནས་ཤུལ་བཞག་ཐོན་ཁུངས་གཞི་འཛིན་གྲངས་མཛོད་བཟོ་འཛུགས་དང་རིག་དངོས་སྲུང་སྐྱོབ་བྱེད་ནུས་ཆེ་རུ་བཏང་སྟེ་གནའ་དཔེ་སྲུང་སྐྱོབ་མིང་གཞུང་བཟོས་ཐོག་གཙོ་གནད་གནའ་དཔེ་ཉར་ཚགས་ཚན་པའི་ཉར་ཚགས་ཆ་རྐྱེན་ལེགས་སུ་གཏོང་བ་དང་བསྐྱར་སྤྱོད་རང་བཞིན་གྱི་ཉམས་བཟོ་སྲུང་སྐྱོབ་དང་གནའ་དཔེ་གྲངས་འཛིན་ཐོན་མཛོད་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མངོན་མིན་རིག་གནས་ཤུལ་གཞག་རིམ་བཞིའི་མིང་གཞུང་འཐུས་སྒོ་ཚང་དུ་བཏང་ཐོག ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་མཁན་ཚན་རིག་དང་མཐུན་པའི་ངོས་འཛིན་དང་། འགྱུར་ལྡན་དོ་དམ། བྱ་དགའ་ཆད་གཅོད་ལམ་སྲོལ་ཚད་ལྡན་བཟོས་ཐོག རྒྱུན་འཛིན་པ་མངོན་མིན་རིག་གནས་ཤུལ་བཞག་ལ་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱུན་འཛིན་པའི་དཔུང་ཁག་སྟོབས་ཆེར་གཏོང་རྒྱུ། སྟོངས་ཉེར་ཡོད་པའི་གཙོ་བོའི་ཡིག་ཚགས་མྱུར་སྐྱོབ་དང་། སྲུང་སྐྱོབ། གསལ་སྤེལ་བྱ་ཤུགས་ཆེ་རུ་བཏང་ཐོག བོད་ཀྱི་རྩ་ཆེའི་ལོ་རྒྱུས་ཡིག་ཚགས་འཛམ་གླིང་དྲན་གསོའི་ངེས་བཟུང་མིང་གཞུང་སྙན་འབུལ་ཧུར་ཐག་བྱ་རྒྱུ། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་ཁྱེར་གྲགས་ཅན་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་རིམ་པའི་རིག་གནས་འབྱུང་ཁམས་སྲུང་སྐྱོབ་ཁུལ་འཛུགས་རྒྱུའི་སྙན་འབུལ་ཞུ་རྒྱུ་དང་འཛུགས་སྐྲུན་བྱ་རྒྱུ། རང་བྱུང་རིག་གནས་ཤུལ་བཞག་ཐོན་ཁུངས་ལ་ཞིབ་འཇུག་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག བོད་ལུགས་གསོ་རིག་དང་། ལྷ་སའི་བར་སྐོར། སྨར་ཁམས་ཚྭ་ལྷོའི་ཚྭ་ཞིང་། གུ་གེའི་མཐོ་ལྡིང་ཡུལ་ལྗོངས་གྲགས་ཅན་ཁུལ་སོགས་འཛམ་གླིང་རིག་གནས་ཤུལ་བཞག་ཁོངས་སུ་འཇུག་རྒྱུའི་སྙན་འབུལ་ཞུ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།

    1.jpg

    2.jpg

    ལེའུ་བཅུ་པ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

    གྲོང་ཁྱེར་གྲོང་གསེབ་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་གི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ལག་བསྟར་བྱ་རྒྱུ། སྨན་བཅོས་འགན་བཅོལ་དང་། སྤྱི་ཚོགས་ཀྱི་འགན་བཅོལ། སྤྱི་ཚོགས་རོགས་སྐྱོབ། སྡོད་ཁང་འགན་སྲུང་བཅས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གཞི་རྩའི་ཆ་ནས་ཁྲིམས་ཚན་མི་སྣ་ཡོངས་ལ་ཁེབས་པ་བྱ་རྒྱུ།

    ས་བཅད་དང་པོ། གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ།

    ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། སྲིད་གཞུང་གི་ཁ་གསབ་རོགས་དངུལ་ཚད་གཞི་དང་མི་སྒེར་གྱི་འཇལ་གྲོན་ཚད་གཞི་རིམ་བཞིན་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལམ་ལུགས་དབར་གྱི་སྒྲིལ་སྤྱོད་བྱས་ཏེ་གཅིག་གྱུར་རྣམ་པའི་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་འགན་བཅོལ་ལམ་ལུགས་རིམ་བཞིན་འཛུགས་རྒྱུ། སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་སྤྲོད་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ལྗོངས་ནང་ཁོངས་ལ་སྨན་བཅོས་བྱེད་སྐབས་དུས་ཐོག་ཏུ་དུས་རྩིས་རྒྱག་རྒྱུ་དང་ཞིང་ཆེན་བརྒལ་བའི་ས་ཆ་གཞན་གྱི་སྨན་བཅོས་འགྲོ་གྲོན་ཐད་ཀར་དུས་རྩིས་རྒྱག་ཐབས་འཚོལ་ཞིབ་བྱ་རྒྱུ། མུ་མཐུད་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ཁྱབ་ཁོངས་ཆེ་རུ་བཏང་ནས་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ཐོག ཚོང་ལས་འགན་བཅོལ་ཚན་པས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལས་སྒོའི་ནང་ཐེ་ཞུགས་དང་བརྒྱུད་སྒྲུབ་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ།

    ས་བཅད་གཉིས་པ། སྤྱི་ཚོགས་ཀྱི་འགན་བཅོལ་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

    སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་ཚང་གང་མགྱོགས་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་བརྒྱུད་སྒྲུབ་ཞབས་ཞུའི་ནུས་པ་སྐྱོང་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོའི་འགན་བཅོལ་ལམ་ལུགས་སྒྱུར་བཅོས་བརྟན་པོའི་ངང་བྱས་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡུན་རིང་འཚོ་སྡོད་བྱེད་པའི་ས་བབ་ཀྱི་མཐོ་ཚད་གཞིར་བཟུང་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིས་གཞི་རྩའི་རྒན་གསོའི་འགན་བཅོལ་ལེན་པའི་ལོ་ཚད་འོས་འཚམ་གྱིས་དམའ་རུ་གཏོང་ཐབས་འཚོལ་ཞིབ་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དང་། མ་མཐའི་གླ་ཕོགས་ཚད་གཞི། ཟོག་གོང་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ལས་ཤོར་འགན་བཅོལ་མ་དངུལ་གཏན་འཁེལ་བྱེད་ལམ་འཐུས་སྒོ་ཚང་དུ་བཏང་ཐོག ལས་ཤོར་འགན་བཅོལ་མ་དངུལ་གྱི་སྤྱོད་རྒྱ་འཚོལ་ཞིབ་ལུགས་མཐུན་བྱས་ནས་ངལ་རྩོལ་པ་ཡོངས་ལས་ཤོར་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཁོངས་སུ་རིམ་པས་འཇུག་རྒྱུ། ལས་རྨས་འགན་བཅོལ་སྲིད་ཇུས་དང་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ་དང་། དོ་དམ་དང་ཞབས་ཞུའི་བྱ་ཐབས་ཚགས་ཚུད་དུ་གཏོང་རྒྱུ། ལས་རྨས་འགན་བཅོལ་སྲིད་ཇུས་དང་ཚད་ལྡན་མ་ལག་འཐུས་ཚང་དུ་བཏང་ནས་དོ་དམ་དང་ཞབས་ཞུ་བྱ་ཐབས་ཚགས་ཚུད་དུ་གཏོང་རྒྱུ། བུ་བཙའི་འགན་བཅོལ་དང་གཞིའི་རྩའི་སྨན་བཅོས་འགན་བཅོལ་མཉམ་སྦྲེལ་ལག་བསྟར་བྱ་རྒྱུ།

    ས་བཅད་གསུམ་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

    མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་སྔར་བས་ཚད་ལྡན་དང་འཐུས་ཚང་དུ་བཏང་ཐོག གྲོང་ཁྱེར་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དཀའ་ངལ་ཆེ་ཤོས་ཀྱི་མིའི་འཚོ་སྐྱོང་ཚད་གཞི་རིམ་བཞིན་མཐོ་རུ་བཏང་སྟེ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དང་ཁ་གསབ་རོགས་སྐྱོར་གྱི་ཆུ་ཚད་གཉིས་དཔལ་འབྱོར་གོང་འཕེལ་འགྲོ་བ་དང་འཚམ་ཐུབ་པ་བྱ་རྒྱུ། ཚབས་ཆེའི་ནད་གཞིའི་སྨན་བཅོས་རོགས་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་རྒྱུ། སྨན་བཅོས་རོགས་སྐྱོབ་དང་གྲོང་ཁྱེར་གྲོང་གསེབ་གྱི་ཡུལ་མི་དང་གྲོང་ཁྱེར་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ། ནད་གཞི་ལྕི་རིགས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ། ཚོང་ལས་འགན་བཅོལ་སོགས་འབྲེལ་མཐུད་འཚམ་པོ་ཡོང་བ་བྱས་ནས་དཀའ་ངལ་ཆེ་བའི་ཆ་རྐྱེན་འཛོམས་པའི་མང་ཚོགས་ཚང་མར་འགན་བཅོལ་གུན་གསབ་དང་སྨན་བཅོས་རོགས་སྐྱོབ་ཀྱི་རོགས་རམ་བྱ་རྒྱུ། རུལ་སྲིན་གྱི་ནད་དང་། གྲུམ་བུ་ཚིགས་ཆེན་གྱི་ནད། འདུས་འདྲིལ་གྱི་ནད། བྱི་ནད་སོགས་ས་མཐོར་ཐོན་རྟག་པ་དང་ཐོན་སླ་བའི་ནད་པའི་སྨན་བཅོས་འགྲོ་གྲོན་རྣམས་སྨན་བཅོས་འགན་བཅོལ་ཁོངས་ནས་གཏོང་སྤྲོད་དང་སྨན་བཅོས་རོགས་སྐྱོབ་བྱས་ཀྱང་ད་དུང་དཀའ་ངལ་ཡོད་པའི་རིགས་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་པར་འཚོ་བའི་ཁ་གསབ་དང་། དབང་སྐྱོན་ཚབས་ཆེན་ཕོག་མཁན་ལ་ནད་སྐྱོང་ཁ་གསབ། དེ་བཞིན་ལོ་ན་མཐོ་ཞིང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་དང་རང་རྐྱ་འཕེར་ནུས་ཤོར་བའི་རྒན་རྒོན་ལ་ཁ་གསབ་བཅས་སྤྲོད་པའི་ལམ་ལུགས་འཛུགས་རྒྱུ། གནས་སྐབས་ཀྱི་རོགས་སྐྱོབ་ལམ་ལུགས་འཛུགས་རྒྱུ། རྒན་རྒོན་ལ་རོགས་སྐྱོར་དང་། དབང་སྐྱོན་ལ་རོགས་སྐྱོར། དྭ་ཕྲུག་ལ་རོགས་སྐྱོབ། དཀའ་ངལ་ཅན་ལ་རོགས་སྐྱོར་སོགས་བྱེད་པའི་ཕན་བདེའི་བྱ་གཞག་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་རྒྱུ། སྤྱི་ཚོགས་ཀྱི་རྒན་གསོ་དང་། སྡེ་ཁུལ་གྱི་ཞབས་ཞུ། བྱིས་པའི་ཕན་བདེའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་ཕན་བདེ་དེ་ཆད་གསབ་རྣམ་པ་ནས་ཚད་རན་པོའི་ཀུན་ཕན་རྣམ་པའི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་རྒྱུ། སྤྱི་དམངས་ཀྱི་དང་བླངས་ཞབས་ཞུའི་ཐོ་འགོད་ཟིན་ཐོ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མི་དེ་བས་མང་བ་དང་བླངས་པའི་ཞབས་ཞུའི་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ། དགེ་སྒྲུབ་བྱ་གཞག་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དགེ་སྒྲུབ་རྩ་འཛུགས་ཀྱི་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ། དབུལ་སྐྱོར་གཙོ་བོར་བྱེད་པའི་དགེ་སྒྲུབ་བྱེད་སྒོ་སྤེལ་རྒྱུར་སྐུལ་ལྕག་གཏོང་རྒྱུ་དང་རྒྱབ་སྐྱོར་བྱ་རྒྱུ།

    ས་བཅད་བཞི་པ། སྡོད་ཁང་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    སྤྱི་པའི་བོགས་གཏོང་ཁང་པ་དང་། ལས་བྱེད་ལས་བཟོའི་ལས་ཤག སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བཅས་གཙོ་བོར་བྱེད་པའི་སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། སྤྱི་པའི་བོགས་གཏོང་ཁང་པ་སྐྲུན་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་ནང་ལས་ཀ་བྱེད་པར་ཡོང་མཁན་གྱི་ཞིང་འབྲོག་པ་རྣམས་གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་འགན་སྲུང་བྱེད་ཁོངས་སུ་རིམ་བཞིན་འཇུག་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་སྡོད་ཁང་གོག་ཧྲུལ་རིགས་སྒྱུར་བཀོད་གཏོང་རྒྱུ་དང་། ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ(སྲིད་གཞུང་)གནས་ས་དང་རྫོང་གྲོང་གི་སྡོད་ཁང་སྐྱོ་ཁུལ་དང་། ནགས་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་བཅས་སྒྱུར་བཀོད་ཟིན་པ་བྱ་རྒྱུ། ལས་བྱེད་ལས་བཟོའི་ལས་ཤག་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དང་གཞི་རིམ་གྱི་ལས་བྱེད་ལས་བཟོའི་སྡོད་ཁང་གི་དགོས་མཁོ་གཙོ་བོར་བྱས་ནས་ཐག་གཅོད་བྱ་རྒྱུ། སྡོད་ཁང་གི་སྤྱི་གསོག་མ་དངུལ་ལ་དོ་དམ་བྱ་རྒྱུ་ཚད་ལྡན་བཟོས་ནས་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་པ་དང་། བེད་སྤྱོད། ལྟ་སྐུལ་བཅས་བྱ་རྒྱུའི་ལམ་སྲོལ་ལེགས་བཅོས་བྱ་རྒྱུ། འགན་སྲུང་རང་བཞིན་སྡོད་ཁང་གི་རྒྱུན་སྡོད་མི་འབོར་ཁེབས་ཚད་23%ཡན་ཟིན་ཐུབ་པ་བྱ་རྒྱུ།

    1.jpg

    ལེའུ་བཅུ་གཅིག་པ། སྤྱི་པའི་ཞབས་ཞུ་སྒྲུབ་སྟངས་འཐུས་ཚང་དུ་གཏོང་རྒྱུ།

    ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག སྤྱི་པའི་ཞབས་ཞུས་གཙོ་རྐང་བྱེད་པ་དང་བྱེད་སྟངས་སྣ་མང་འདོན་སྤྲོད་བྱས་ཏེ་སྤྱི་ཚོགས་ཀྱི་བང་རིམ་མང་བ་དང་། ཁྱབ་ཁོངས་མང་བ། རྣམ་པ་འདྲ་མིན་བཅས་ཀྱི་སྤྱི་པའི་ཞབས་ཞུའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ།

    ས་བཅད་དང་པོ། སྤྱི་པའི་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱ་རྒྱུ།

    གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་སྟངས་སྒྱུར་བཅོས་བྱས་ཏེ་སྲིད་གཞུང་གིས་ཉོ་སྒྲུབ་དང་། དམིགས་བསལ་གྱིས་གཉེར་སྐྱོང་བྱེད་ཆོག་པ། གན་རྒྱའི་མངག་བཅོལ། ཞབས་ཞུ་ཕྱིར་སྤྲོད། ས་ཆ་ནང་བཤུག་གི་གྲོས་མཐུན་ཡི་གེ་བཟོ་བ་སོགས་ཀྱི་འདོན་སྤྲོད་བྱེད་སྟངས་ཁྱབ་སྤེལ་ཧུར་ཐག་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་པའི་གསལ་ཐོར་དོ་དམ་བྱ་རྒྱུ། སྲིད་གཞུང་གིས་གཏོང་སྒོ་ཁྲིད་སྟོན་དང་སྟངས་འཛིན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁ་གསབ་འདོན་སྤྲོད་བྱེད་མཁན་ནམ་ཡང་ན་ཁ་གསབ་ཞུ་མཁན་ཕྱོགས་གཉིས་ཀྱི་སྙོམ་སྒྲིག་བྱ་ཐབས་བེད་སྤྱོད་ལུགས་མཐུན་བྱས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིས་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུའི་ཐད་ཀྱི་གདམ་ག་བྱེད་དབང་དང་སྐབས་བསྟུན་རང་བཞིན་ཆེ་རུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་སྤྱི་ཚོགས་ཀྱི་མ་རྩའི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ་དང་། དམངས་གཉེར་བུ་བཅོལ་ཁང་དང་ལས་རིགས་སྦྱོང་བརྡར་ཚན་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། སྤྱི་ཚོགས་ཀྱི་མ་རྩས་སྨན་བཅོས་ཚན་པ་གཉེར་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུ། སྤྱི་ཚོགས་ཀྱི་མ་རྩས་རྒན་གསོའི(རྒན་བཅོལ)ཞབས་ཞུ་དང་། དབང་པོ་སྐྱོན་ཅན་གྱི་ལུས་གསོ་དང་བཅོལ་གསོའི་ཞབས་ཞུ་སོགས་ཀྱི་ཚན་པ་གཉེར་རྒྱུར་སྐུལ་འདེད་གཏོང་རྒྱུ། ཆ་རྐྱེན་བཟོ་བ་དང་། འོས་ཐོབ་ཁས་ལེན། ལས་རིགས་ཐོབ་ཐང་དང་གོ་མིང་དཔྱད་བསྡུར་གཏན་འཁེལ། ཁྲལ་བསྡུའི་སྲིད་ཇུས། སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུ་སོགས་ཀྱི་ཐད་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་མཁན་དམངས་གཉེར་ཚན་པར་གཞུང་གི་ལས་ཁུངས་དང་ཐོབ་ཐང་འདྲ་མཉམ་ལོངས་སྤྱོད་བྱ་རྒྱུ་ཡོད་པ་བཟོ་རྒྱུ།

    ས་བཅད་གཉིས་པ། སྤྱི་པའི་ཞབས་ཞུ་སྣ་མང་གི་དགོས་མཁོ་སྐོང་རྒྱུ།

    སྤྱི་པའི་ཞབས་ཞུའི་དགོས་མཁོ་དེ་འཚོ་གནས་དང་འཚོ་བའི་རྣམ་པ་ནས་གོང་འཕེལ་དང་ལོངས་སྤྱོད་ཀྱི་རྣམ་པའི་ཕྱོགས་སུ་སྒྱུར་བར་བསྟུན་ཐོག སྤུས་ཚད་མཐོ་འབྲིང་གི་སྤྱི་པའི་ཞབས་ཞུ་བྱེད་ནུས་ཆེ་རུ་བཏང་ནས་སྤུས་རིམ་མཐོ་བའི་སྤྱི་པའི་ཞབས་ཞུ་ཤུགས་ཆེར་གཏོང་རྒྱུ། དབྱེ་བ་ཡོད་པ་དང་རང་སོའི་ཁྱད་ཆོས་ལྡན་པའི་གྲོང་མིའི་དགོས་མཁོར་དམིགས་ཏེ་གཟུགས་གཞིའི་བདེ་ཐང་བརྟག་དཔྱད་དང་། བདེ་ཐང་གི་བློ་འདྲི། ལུས་གསོའི་བདག་སྐྱོང་། ལུས་རྩལ་ལུས་སྦྱོང་། ཁྱིམ་ལས་ཞབས་ཞུ། སློབ་གསོའི་སྦྱོང་བརྡར་སོགས་ཀྱི་སྣ་མང་ཞབས་ཞུ་སྤེལ་རྒྱུར་སྐུལ་ལྕག་གཏོང་རྒྱུ།

    ལེ་ཚན་གསུམ་པ། གསོན་ཤུགས་ཆེར་གཏོང་གིས་སྒྱུར་བཅོས་དང་གསར་གཏོད་འདེད་སྐུལ་དུ་བྱས་ཏེ་གོང་འཕེལ་གཏོང་རྒྱུ།

    གསར་གཏོད་སྐུལ་འདེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ལམ་སྲོལ་སྒྲིག་སྲོལ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། གསར་གཏོད་ཀྱི་ནུས་པ་ཤུགས་ཆེར་གཏོང་རྒྱུ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་རང་ངོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན།

    ལེའུ་བཅུ་གཉིས་པ། གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱས་ནས་སྲིད་གཞུང་གི་འགན་ནུས་སྒྲུབ་པ་དང་། མ་དངུལ་འདུ་གཏོང་བྱེད་ལམ་གསར་གཏོད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་ཆེར་འཛིན་ཐོག དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཐད་ཀྱི་ལམ་སྲོལ་སྒྲིག་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་བ་དང་ཁྲོམ་རས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་བྱས་ཏེ་སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱ་རྒྱུ།

    ས་བཅད་དང་པོ། སྲིད་འཛིན་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    སྲིད་གཞུང་གི་འགན་ནུས་གང་མགྱོགས་བསྒྱུར་རྒྱུ། སྲིད་འཛིན་དང་ཁེ་ལས་ལོགས་དབྱེ་དང་། སྲིད་འཛིན་དང་བྱ་གཞག་ཚན་པ་ལོགས་དབྱེ། སྲིད་འཛིན་དང་གཞུང་ཁོངས་དངུལ་རྩའི་སྡེ་ཚན་ལོགས་དབྱེ། སྲིད་འཛིན་དང་སྤྱི་ཚོགས་ཚོགས་པ་ལོགས་དབྱེ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་དཔལ་འབྱོར་སྙོམ་སྒྲིག་དང་། ཁྲོམ་རར་ལྟ་སྡོམ། སྤྱི་ཚོགས་བཅོས་སྐྱོང་། སྤྱི་པའི་ཞབས་ཞུ། ཁོར་ཡུག་སྲུང་སྐྱོང་བཅས་བྱེད་པའི་སྲིད་གཞུང་གི་འགན་ནུས་ཤུགས་ཆེར་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱེ་བྲག་ལས་དོན་ལ་ཐེ་ཇུས་ཉུང་ཙམ་བྱས་ནས་ལས་ཀའི་སྔོན་ལ་ཞིབ་མཆན་འགོད་པ་ནས་ལས་ཀ་སྤེལ་རིང་དང་སྤེལ་རྗེས་ཀྱི་ལྟ་སྡོམ་བྱེད་པར་གང་མགྱོགས་སྒྱུར་རྒྱུ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་རྒྱུན་མཐུད་བྱེད་པ་དང་། སྲིད་འཛིན་གྱི་འགན་དབང་གཙང་བཤེར་དང་ཚད་ལྡན་ཤུགས་ཆེ་བཟོ་བ་དང་། སྲིད་གཞུང་སྡེ་ཚན་གྱི་དབང་ཆ་དང་འགན་འཁྲི་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། དཔྱད་བསྡུར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་“གློད། ལེན། འདོམས”གསུམ་སྦྲེལ་མཐུད་ཡག་པོ་བྱས་ཏེ་དབང་ཆ་བསྐྱར་ལོག་དང་གཅིག་ནས་ཆུང་དུ་གཏོང་བ་དང་གཉིས་ནས་ཆེ་རུ་འགྲོ་རིགས་སྔོན་འགོག་བྱ་རྒྱུ། སྲིད་འཛིན་གྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་དང་མ་འཇོག་གི་ཞིབ་མཆན་འགོད་རིམ་སྟབས་བསྡུས་བཟོས་ཏེ་དྲ་ཐོག་ནས་ཞིབ་མཆོག་འགོད་པ་དང་མཉམ་སྦྱོར་ལྟ་སྡོམ་ཐུབ་པ་བྱ་རྒྱུ། དོན་གྲོས་ལམ་ལུགས་སྒྱུར་བཅོས་གང་མགྱོགས་བྱེད་པ་དང་། “ལག་ཁྱེར་གསུམ་སྒྲིལ་དང་ཨང་རྟགས་ལོགས་འགོད”དང་“ལས་གཉེར་ལག་ཁྱེར་སྔོན་ནས་ཞུ་བ་དང་འཁྲོལ་འཛིན་ལག་ཁྱེར་རྗེས་ནས་ཞུ་བའི”འབྲེལ་ཡོད་ཀྱི་ལེ་ལག་ཚང་སྒྲིག་བྱ་ཐབས་འཐུས་ཚང་དུ་གཏོང་རྒྱུ། ཁེ་ལས་ཐོ་འགོད་བྱེད་པའི་གོ་རིམ་ཧྲིལ་པོ་གློག་འཕྲིན་ཅན་དུ་སྒྱུར་རྒྱུ། དངུལ་བསྡུའི་དཀར་ཆག་དང་རྩིས་ཐོའི་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

    སྲིད་གཞུང་གི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། སྡེ་ཚན་གྱི་སྒྲིག་གཞི་དང་འགན་འཁྲི་སྔར་བས་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ་ཇུས་ཐག་གཅོད་རྒྱུ་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། སྲིད་འཛིན་གྱི་འགན་འཁྲི་རྩད་གཅོད་ལམ་ལུགས་འཐུས་ཚང་གཏོང་བ། གློག་འཕྲིན་སྲིད་ལས་དང་དྲ་ཐོག་ཏུ་གཞུང་ལས་སྒྲུབ་རྒྱུ་ཁྱབ་གདལ་གཏོང་བ། “གཅིག་འཐུས་རྣམ་པའི་ཞབས་ཞུ”སྐུལ་འདེད་གཏོང་བ་བཅས་བྱས་ནས་སྲིད་གཞུང་གི་ཆ་འཕྲིན་དང་སྤྱི་པའི་གཞི་གྲངས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ། སྲིད་གཞུང་གི་ཞབས་ཞུའི་ཐབས་ལམ་གསར་གཏོད་བྱས་ནས“གཞན་འགན་ཚབ་སྒྲུབ”བྱེད་པའི་བསམ་བློར་འགྱུར་བ་གཏོང་བ་དང་། སྲིད་གཞུང་གིས་སྤྱི་ཚོགས་ནས་སྤྱི་པའི་ཞབས་ཞུའི་ཉོ་སྒྲུབ་བྱ་རྒྱུར་སྐུལ་ལྕག་གཏོང་བ། མཚམས་སྦྱོར་ཚན་པའི་འཛུལ་འཐུས་ཆ་རྐྱེན་ལྷུག་ཏུ་གཏོང་བ་བཅས་བྱས་ནས་མཚམས་སྦྱོར་ཞབས་ཞུའི་རྩིས་ཐོར་དོ་དམ་བྱ་རྒྱུ། བྱ་གཞག་ཚན་པ་རིགས་དབྱེ་སྒྱུར་བཅོས་བྱ་རྒྱུ།

    ཁྱོན་ཡོངས་ནས་ཀུན་གསལ་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ། སྲིད་དོན་ཡོངས་བསྒྲགས་བྱས་ནས་སྲིད་འཛིན་གྱི་དབང་ཆ་སྤྱོད་རྒྱུ་དང་། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་བྱ་རྒྱུ། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ཆ་འཕྲིན་རྣམས་ཁྲིམས་ལྟར་དང་། ཁྱོན་ཡོངས། ཡང་དག དུས་ཐོག རང་འགུལ་བཅས་ཀྱི་སྒོ་ནས་ཡོངས་བསྒྲགས་བྱ་རྒྱུ། གསར་འགྱུར་མགྲིན་ཚབ་པའི་ལམ་ལུགས་ཚགས་ཚུད་དུ་གཏོང་རྒྱུ། རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཇུས་ཐག་བཅད་རྗེས་ཀྱི་ཚོད་སྐོར་དང་ནོར་འཛོལ་ཡོ་བསྲང་ལམ་སྲོལ་འཛུགས་རྒྱུ། མང་ཚོགས་ཀྱིས་ལྟ་སྐུལ་བྱེད་ཐབས་ཆེར་གཏོང་དང་མཉམ་སྦྲེལ་དྲ་རྒྱའི་ལྟ་སྐུལ་བྱེད་ཐབས་ཚད་ལྡན་བཟོས་ཏེ་གཟུ་ཉན་ཚོགས་འདུའི་ལམ་ལུགས་ལག་བསྟར་བྱ་རྒྱུ།

    ས་བཅད་གཉིས་པ། མ་དངུལ་གཏོང་འཇོག་དང་བསྡུ་རྒྱུག་བྱ་རྒྱུའི་ལམ་སྲོལ་སྒྱུར་བཅོས་གང་མགྱོགས་བྱ་རྒྱུ།

    རྒྱལ་ཁབ་ཀྱི་མ་དངུལ་གཏོང་འཇོག་དང་བསྡུ་རྒྱུག་གི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དུས་བབ་གསར་པ་དང་བསྟུན་ཞིང་། བང་རིམ་མང་བ་དང་སྣ་མང་གི་མ་དངུལ་གཏོང་འཇོག་དང་བསྡུ་རྒྱུག་བྱེད་ལམ་གང་མགྱོགས་བཙུགས་ཐོག མ་འཇོག་རྣམ་གྲངས་ཀྱི་ལོ་གསུམ་རེའི་རིམ་འཁོར་འཆར་གཞི་བཟོ་འབེབས་ལག་བསྟར་བྱ་རྒྱུ། རྣམ་གྲངས་ཀྱི་གྲབས་གསོག་མང་དུ་གཏོང་བ་དང་སྤྱི་ཚོགས་ཀྱིས་མ་འཇོག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱིའི་མ་དངུལ་བསྡུ་རྒྱུག་བྱེད་རྒྱ་དེ་སྒོར་དུང་ཕྱུར་5000ཡན་ཟིན་པ་བྱ་རྒྱུ། དངུལ་རྩ་ནུས་ལྡན་ངང་མཁོ་སྤྲོད་མང་དུ་གཏོང་རྒྱུ། དངུལ་རྩའི་དགོས་མཁོ་སྔར་བས་ཆེ་རུ་གཏོང་རྒྱུ། ཡིད་རྟོན་དངུལ་བུན་མང་དུ་གཏོང་བའི་ལམ་སྲོལ་འཛུགས་རྒྱུ། ཁྲོམ་རའི་ཐད་ཀའི་མ་དངུལ་བསྡུ་རྒྱུག་བྱེད་ཚད་ཆེ་རུ་གཏོང་བ་དང་། རྒྱུ་ནོར་འཛིན་ལོར་ཅན་དུ་སྒྱུར་བ། རྐང་དངུལ་འཛིན་ལོར་ཁྲོམ་རར་ཞུགས་པའི་ཁེ་ལས་འཛུགས་སྐྱོང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ཁེ་ལས་ཀྱི་བུན་འཛིན་དང་། ཀུང་སིའི་བུན་འཛིན། ཁེ་ལས་ཆུང་འབྲིང་གི་སྒེར་བསྡུས་བུན་འཛིན་བཅས་འགྲེམ་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། སྲིད་གཞུང་གི་བུ་ལོན་གཞི་ཁྱོན་གཏན་འཁེལ་ལུགས་མཐུན་བྱས་ནས་ཚད་ལྡན་ལུགས་མཐུན་གྱི་སྲིད་གཞུང་གི་བུན་ལེན་དང་མ་དངུལ་བསྡུ་རྒྱུག་དང་། ཉེན་འདོམས། ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཐག་གཅོད་བྱེད་ལམ་གསར་འཛུགས་དང་འཐུས་ཚང་དུ་གཏོང་རྒྱུ། ས་གནས་སྲིད་གཞུང་གི་བུ་ལོན་གྲངས་བཅད་དང་བུ་ལོན་གཏོང་ཡོང་གི་གནས་ཚུལ་དེ་སྔོན་རྩིས་དང་ཆབས་ཅིག་ཡོངས་བསྒྲགས་བྱེད་པའི་རྒྱུན་ལྡན་ལམ་སྲོལ་འཛུགས་རྒྱུ།

    སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱེད་ལམ(PPP)ཁྱབ་གདལ་གཏོང་རྒྱུ། PPPརྣམ་གྲངས་གྲབས་གསོག་དང་། ཁྱབ་གདལ་ངོ་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྲིད་གཞུང་མ་དངུལ་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། དེ་ཡང་སྐྱེད་གསབ་དང་། ཁག་ཐེག མ་རྩ་འཇོག་པ། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ། རིན་ཡོད་བེད་སྤྱོད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྤྱི་ཚོགས་ཀྱི་མ་རྩ་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་གཉེར་དང་། སྤྱི་པའི་ཞབས་ཞུ་མཁོ་སྤྲོད། ཁྱད་ལྡན་ཐོན་ལས་གསར་སྤེལ་སོགས་ཀྱི་ནང་དུ་ཞུགས་རྒྱུར་སྐུལ་ལྕག་གཏོང་རྒྱུ། དངུལ་རྩའི་ཚན་པས་ཤར་གཏོང་ལམ་བུ་གཏོད་རྒྱུར་སྐུལ་ལྕག་གཏོང་རྒྱུ། PPPརྣམ་གྲངས་གནད་སྨིན་ཐུབ་པར་ཕན་ནུས་ཡོད་པའི་མ་དངུལ་བསྡུ་རྒྱུག་བྱེད་སྟངས་དང་དོ་དམ་བཟོ་ལམ་འཛུགས་རྒྱུ། སྲིད་ཇུས་རང་བཞིན་གྱི་དངུལ་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁེ་འབབ་ཡོད་པའི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ཁྲོམ་ར་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། འགན་བཅོལ་མ་དངུལ་འདྲེན་འགུགས་བྱས་ནས་བུན་དབང་དང་། རྐང་དབང་། རྒྱུ་ནོར་དོ་དམ་འཆར་གཞི་སོགས་ཀྱི་ཐབས་རྣམ་སྤྱད་དེ་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུ།

    ས་བཅད་གསུམ་པ། ནོར་ཁྲལ་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ།

    སྔོན་རྩིས་ཀྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། སྲིད་གཞུང་དབར་གྱི་གཏོང་སྒོའི་འགན་འཁྲི་ཁ་གསལ་བཟོ་བ་དང་། ཡོང་འབབ་བགོ་སྒྲིག དོན་གཅོད་དབང་ཆའི་འབྲེལ་འཛིང་བསངས་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་རིམ་པ་སོ་སོའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བགོ་འགྲེམས་བསྡུར་ཚད་ལུགས་མཐུན་བཟོ་བ། ས་གནས་གྲོང་ཁྱེར་དུ་སྒྱུར་བའི་ས་གནས་ནོར་ཁྲལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། སྲིད་གཞུང་གི་ཁྱབ་ཆེའི་སྔོན་རྩིས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྔོན་རྩིས་ཡོངས་བསྒྲགས་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྔོན་རྩིས་སྒྲིག་ཁོངས་དང་། སྔོན་རྩིས་ལག་བསྟར། སྔོན་རྩིས་ལྟ་སྐུལ། སྔོན་རྩིས་ཀྱི་ལས་རྗེས་བཅས་ཕན་ཚུན་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ནོར་སྲིད་ཀྱི་གཏོང་སྒོ་དང་འབྲེལ་བ་ཡོད་པའི་དོན་གནད་གཙང་བཤེར་དང་ཚད་ལྡན་བཟོས་ནས་སྲིད་གཞུང་གི་ཕྱོགས་བསྡུས་ནོར་དོན་སྙན་སེང་ལམ་ལུགས་ལག་བསྟར་བྱ་རྒྱུ། ལོ་གསུམ་གྱི་ནོར་སྲིད་རིམ་འཁོར་འཆར་འགོད་ལག་བསྟར་བྱས་ནས་ལོ་དུས་བརྒལ་བའི་སྔོན་རྩིས་སྙོམ་སྒྲིག་ལམ་སྲོལ་འཛུགས་རྒྱུ། སྔོན་རྩིས་གཏན་འཇགས་ཀྱི་སྙོམ་སྒྲིག་ཐེབས་རྩ་འཛུགས་རྒྱུ།

    མ་དངུལ་སྒྱུར་སྤྲོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱས་ནས་སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་མང་དུ་གཏོང་བའི་ལམ་སྲོལ་འཛུགས་རྒྱུ། གསོག་འབོར་ལེགས་སྒྲིག་དང་འཕེལ་འབོར་འཕར་གཟིགས་བྱེད་པར་བརྟེན་ནས་རང་སྐྱོང་ལྗོངས་ཀྱིས་གཤམ་ལ་སྤྱིར་བཏང་རང་བཞིན་གྱི་སྒྱུར་སྤྲོད་བྱེད་པའི་བསྡུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། ཁུལ་ཁོངས་གོང་འཕེལ་གྱི་འཐབ་ཇུས་དང་གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཐག་རིང་ས་ཁུལ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ། གཙོ་གནད་འབྱུང་ཁམས་བྱེད་ནུས་ཁུལ། འབྱོར་སྟོབས་ཐད་བལྟོས་བཅས་ཀྱིས་དཀའ་ངལ་ཡོད་པའི་ས་ཁུལ་ལ་སྒྱུར་སྤྲོད་མང་དུ་གཏོང་རྒྱུ།

    ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། ས་གནས་ཀྱི་ཁྲལ་བསྡུའི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། དོན་དབང་དང་གཏོང་སྒོའི་འགན་འཁྲི་འཚམ་པོ་བྱུང་བའི་རྩ་དོན་གཞིར་བཟུང་ཁྲལ་བསྡུ་དང་ཡོང་འབབ་ཀྱི་བགོ་བཤའ་རྒྱག་ཚད་ལེགས་སྒྱུར་བྱ་རྒྱུ། ཐོན་ཁུངས་དཔྱ་ཁྲལ་ཚང་མ་གྲངས་འབོར་བཅད་གྲངས་ནས་རིན་གོང་གཏན་འཁེལ་གྱི་ཁྲལ་བསྡུའི་ཕྱོགས་སུ་གང་མགྱོགས་བསྒྱུར་རྒྱུ།

    ས་བཅད་བཞི་པ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    ཁེ་ལས་ཀྱི་བྱེད་ནུས་གཏན་འཁེལ་ཡང་དག་བྱས་ཏེ་ཚོང་ལས་དང་སྤྱི་ཕན་རིགས་ཀྱི་གཞུང་ཁོངས་ཁེ་ལས་ལ་རིགས་དབྱེ་སྒྱུར་བཅོས་དང་། རིགས་དབྱེ་གོང་འཕེལ། རིགས་དབྱེ་ལྟ་སྡོམ། རིགས་དབྱེ་འགན་འཁྲི་གཏན་འཁེལ་གྱིས་དཔྱད་བསྡུར་བཅས་བྱ་རྒྱུ། དེང་རབས་ཁེ་ལས་ཀྱི་ལམ་ལུགས་དང་དེང་རབས་ཀྱི་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་། ལས་རིགས་གཉེར་སྐྱོང་མི་སྣའི་ཐབས་རྣམ་ཁྱབ་གདལ་གཏོང་རྒྱུ།

    མ་རྩར་དོ་དམ་བྱ་རྒྱུ་གཙོ་བོར་བཟུང་ནས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གཞུང་ཁོངས་རྒྱུ་ནོར་མ་རྩ་འཇོག་མཁན་གྱི་ལྟ་སྡོམ་བྱེད་མཚམས་གཏན་འཁེལ་ལུགས་མཐུན་བྱ་རྒྱུ། ལྟ་སྡོམ་དབང་ཆའི་རྩིས་ཐོ་དང་འགན་འཁྲིའི་རྩིས་ཐོ་བཟོ་རྒྱུ། གཞུང་ཁོངས་མ་རྩའི་དབང་བཅོལ་གཉེར་སྐྱོང་བྱེད་ལམ་སྒྱུར་བཅོས་དང་། གཞུང་ཁོངས་ཀྱི་མ་རྩ་གཏོང་འཇོག་དང་གཉེར་སྐྱོང་ཀུང་སི་གོང་འཕེལ་གཏོང་རྒྱུ།

    གཞུང་ཁོངས་དཔལ་འབྱོར་གྱི་ཁྱབ་བཀོད་ལེགས་སྒྲིག་བྱ་རྒྱུ། གཞུང་ཁོངས་དཔལ་འབྱོར་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཇུས་དམངས་འཚོའི་གལ་ཆེའི་ལས་རིགས་དང་འགག་རྩའི་ཁྱབ་ཁོངས་སུ་གཅིག་སྡུད་ཐུབ་པ་བྱས་ནས་སྤྱིར་བཏང་འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ནས་ཕྱིར་འཐེན་གང་མགྱོ གས་བྱ་རྒྱུ། དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། གཞུང་ཁོངས་ཁེ་ལས་ཀྱི་མ་རྐང་ནང་གཞུང་ཁོངས་མིན་པའི་མ་རྩ་འཇོག་པར་རྒྱབ་སྐྱོར་བྱ་རྒྱུ། གཞུང་ཁོངས་མིན་པའི་ཁེ་ལས་ཀྱི་མ་རྐང་ནང་གཞུང་ཁོངས་མ་རྩ་འཇོག་པར་སྐུལ་ལྕག་བཏང་ནས་མ་འཇོག་གི་གཙོ་རྐང་སྣ་མང་ཅན་དུ་འགྱུར་བ་བྱ་རྒྱུ།

    ས་བཅད་ལྔ་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ།

    གྲོང་གསེབ་ཀྱི་ས་ཞིང་དང་རྩྭ་ར་འགན་གཙང་གཉེར་སྐྱོང་བྱེད་པའི་འབྲེལ་བ་བརྟན་འཁྱོངས་ཡོང་བ་བྱ་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ་མ་ཟད། ཡུན་རིང་འགྱུར་ལྡོག་མི་གཏོང་རྒྱུ། མཉམ་སྡེབ་ཀྱི་བདག་དབང་རྒྱུན་འཁྱོངས་དང་ཞིང་དུད་ཀྱི་འགན་གཙང་ལེན་དབང་གཏན་འཇགས་སུ་བཏང་ཐོག ས་ཞིང་(རྩྭ་ར)གཉེར་སྐྱོང་བྱེད་དབང་ལྷུག་ཏུ་གཏོང་བ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་ཀྱི“ཐོན་ཁུངས་དང་། རྒྱུ་ནོར། མ་དངུལ”བཅས་ལ་དོ་དམ་ལྟ་སྐུལ་དང་། ཡོང་འབབ་བགོ་འགྲེམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ས་ཆའི་འགན་གཙང་གཉེར་སྐྱོང་བྱེད་དབང་དང་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པ། རྩྭ་ཐང་གི་བདག་དབང་གཏན་འཁེལ་དང་འགན་གཙང་ཐོ་འགོད་བྱེད་པ། འགན་གཙང་གཉེར་སྐྱོང་བྱེད་དབང་བརྒྱུད་བཤུག་ཁྲོམ་ར་གསར་འཛུགས་དང་འཐུས་ཚང་དུ་གཏོང་རྒྱུ། བཟོ་ཚོང་མ་རྩའི་བོགས་གཏོང་ས་ཆར(རྩྭ་ར)ལྟ་སྡོམ་དོགས་ཟོན་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པའི་ཐོན་སྐྱེད་གཙོ་རྒྱུའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ། སྡོད་ཁང་ས་ཆ་རིན་ཡོད་བེད་སྤྱོད་བྱེད་ལམ་དང་རང་འདོད་ཐོག་རིན་ཡོད་ཕྱིར་འཐེན་བྱེད་ལམ་བཙུགས་ཏེ་ཞིང་འབྲོག་པའི་སྡོད་ཁང་དང་རྒྱུ་ནོར་དབང་ཆ་གཏའ་མར་འཇོག་པ་དང་། ཁག་ཐེག ནང་བཤུག་གཏོང་བ་བཅས་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱ་རྒྱུ། གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་ལས་དོན་གཏིང་ཟབ་སྤེལ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱིས་བཏོན་པའི་ནས་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཐོག རིམ་བཞིན་འཐུས་ཚང་དུ་གཏོང་རྒྱུ། ཞིང་ལས་དང་གྲོང་གསེབ་ལ་གཏོང་བའི་མ་དངུལ་བརྟན་འཕར་ཡོང་བའི་ལམ་སྲོལ་འཛུགས་རྒྱུ།

    ལེའུ་བཅུ་གསུམ་པ། དེང་རབས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཁྲོམ་རའི་སྒྲིག་སྲོལ་དང་རིན་གོང་ལམ་སྲོལ་སོགས་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲོམ་རའི་ལམ་སྲོལ་གྱི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་དང་གཙོ་རྒྱུ་འཁོར་སྐྱོད་ལ་སྐུལ་འདེད་གཏོང་རྒྱུར་ཕན་པའི་ཁོར་ཡུག་གི་མཐུན་རྐྱེན་བཟང་པོ་ཞིག་བསྐྲུན་ཐོག ཐོན་ཁུངས་བགོ་སྒྲིག་གི་ལས་ཕྱོད་ཆེ་ཤོས་དང་ཕན་འབྲས་བཟང་ཤོས་ཐོབ་པ་བྱ་རྒྱུ།

    ས་བཅད་དང་པོ། དྲང་གཞག་དང་སྒོ་དབྱེའི་ཁྲོམ་རའི་སྒྲིག་སྲོལ་འཛུགས་རྒྱུ།

    བཀག་རྒྱ་མེད་ན་འཛུལ་ཆོག་པ་དང་བཀག་སྡོམ་མེད་ན་བྱས་ཆོག་པ་རྒྱུན་འཁྱོངས་ཀྱིས་ཡོང་བསྒྲགས་དང་། གསལ་ཆ་ཆེ་བ། གཅིག་གྱུར་བཅས་ཀྱི་ཁྲོམ་རར་འཛུལ་འཐུས་ཚད་གཞི་བཟོས་ཏེ། བཀག་རྒྱའི་གསལ་ཐོའི་འཛུལ་འཐུས་དོ་དམ་ལག་བསྟར་བྱ་རྒྱུ། ཁྲོམ་རའི་འདྲ་མཉམ་གྱི་འགྲན་རྩོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་གཞུང་དྲང་འགྲན་རྩོད་ལ་བཀག་རྒྱ་བཟོ་བའི་གཏན་འབེབས་མེད་པ་བཟོ་རྒྱུ་དང་། ས་གནས་སྲུང་སྐྱོབ་དང་ཁུལ་ཁོངས་དབྱེ་བ་འབྱེད་པ། ལས་རིགས་སྒེར་སྡོམ་བྱེད་པ་བཅས་མེད་པ་བཟོས་ཏེ། ལེགས་སྤེལ་ཞན་སྐྱུར་གྱི་ཁྲོམ་རའི་ཕྱིར་འཐེན་ལམ་སྲོལ་ཚགས་ཚུད་དུ་བཏང་ཐོག ཁྲོམ་རའི་འགྲན་རྩོད་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱ་རྒྱུ། ཁྲོམ་རའི་ལྟ་སྡོམ་གྱི་སྒྲིག་སྲོལ་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་དང་། ཕྱོགས་བསྡུས་ཁྲིམས་སྒྱུར་ལ་ཤུགས་སྣོན་རྒྱག་རྒྱུ། ཁྲོམ་རའི་གཙོ་རྐང་གི་རང་བཅུན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་ཚོང་གཉེར་ཁོར་ཡུག་ཞིག་གཏོད་རྒྱུ།

    ས་བཅད་གཉིས་པ། གཙོ་རྒྱུའི་ཁྲོམ་ར་གང་མགྱོགས་འཛུགས་རྒྱུ།

    ཚད་གཞི་ཅན་དང་། ཚད་ལྡན་ཅན། ཆ་འཕྲིན་ཅན་བཅས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་ར་གང་མགྱོགས་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ལས་མིར་ལས་ཀ་འདྲ་བར་ཐོབ་ཆ་འདྲ་མཉམ་ཡིན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ཞབས་ཞུའི་ནུས་པ་རྒྱ་ཆེར་གཏོང་རྒྱུ། ས་ཆའི་ཁྲོམ་རའི་ལམ་སྲོལ་ཚགས་ཚུད་དུ་གཏོང་རྒྱུ་དང་། གཙོ་རྐང་འདྲ་མཉམ་དང་། ཐོན་དབང་ཁ་གསལ། འགྲན་རྩོད་གོ་རིམ་ལྡན་པ། གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་ས་ཆའི་ཁྲོམ་ར་འཛུགས་གཉེར་བྱས་ཏེ་ཞིང་འབྲོག་ཁུལ་གྱི་མཉམ་སྡེབ་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་རྣམས་གཞུང་ཁོངས་འཛུགས་སྐྲུན་ས་ཆའི་ཁྲོམ་རའི་ནང་འཇུག་རྒྱུར་སྐུལ་འདེད་བཏང་ནས་གཞུང་ཁོངས་ས་ཆ་དང་འདྲ་བར་དབང་ཆ་འདྲ་མཉམ་དང་རིན་གོང་གཅིག་མཚུངས་བཟོ་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་དངོས་ཡོད་འཛུགས་སྐྲུན་ས་ཆ་ཕྱིར་འཐེན་བྱེད་ལམ་བཟོ་རྒྱུ་དང་། དངོས་ཡོད་ས་ཆ་བརྒྱུད་བཤུག་ཚད་ལྡན་དང་བསྐྱར་དུ་གསར་སྤེལ་བྱེད་ཆོག ཐོན་དབང་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་མཉམ་སྡེབ་ཁེ་ལས་ལུགས་སྒྱུར་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཆ་རྐྱེན་ཡོད་པའི་སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཁག་ནང་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུགས་རྒྱུར་སྐུལ་སློང་གཏོང་རྒྱུ། སྤྱི་པའི་ཐོན་ཁུངས་བརྗེ་རེས་བྱེད་པའི་ལས་སྟེགས་གང་མགྱོགས་བཙུགས་ཏེ་རིགས་མི་འདྲ་བའི་ཐོན་ཁུངས་བརྒྱུད་བཤུག་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། ཁྲོམ་རའི་གཙོ་རྐང་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དང་། “ལྷུག་གློད་ལྔ་དང་རྒྱབ་སྐྱོར་དྲུག”གི་སྲིད་ཇུས་གཏིང་ཟབ་ཏུ་བཏང་སྟེ་ནོར་ཁྲལ་དང་དངུལ་རྩའི་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཐོག སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་གོང་འཕེལ་གྱི་གུ་ཡངས་ཁོར་ཡུག་གཏོད་རྒྱུ། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་སྐུལ་སློང་བཏང་སྟེ་ཁེ་ལས་མཁས་ཅན་གྱི་རྒྱུ་ནོར་དབང་ཆ་དང་གསར་གཏོད་ཁེ་འབབ་ལ་ཁྲིམས་བཞིན་སྲུང་སྐྱོབ་བྱ་རྒྱུ། ཡིད་རྟོན་ཁག་ཐེག་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དངུལ་རྩའི་ཐོག་ནས་ཁེ་ལས་འབྲིང་ཆུང་ལ་ཞབས་ཞུ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་དགུ་ཚིགས་སྦྱོང་བརྡར་ལས་གཞིར་བརྟེན་ནས་ཁེ་ལས་འབྲིང་ཆུང་གཉེར་མཁན་དང་ཁེ་ལས་ཆུང་གྲས་གསར་གཏོད་བྱེད་མཁན་ལ་སྦྱོང་བརྡར་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ། ལས་རིགས་མཐུན་ཚོགས་ཀྱི་ཚོང་དོན་ཚོགས་པ་འཕེལ་རྒྱས་རྒྱ་ཆེར་བཏང་སྟེ་སྲིད་གཞུང་ལས་ཁུངས་དང་གང་མགྱོ གས་ལོགས་སུ་བཏོན་ནས་ཕྱོགས་བསྡུས་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་དང་། ཡིད་རྟོན་ཁས་ལེན་ལམ་ལུགས་ལག་བསྟར་བྱས་ནས་ལས་རིགས་རང་བཅུན་ཀྱི་རྩ་འཛུགས་སྐྱོན་བྲལ་ལམ་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱ་རྒྱུ།

    ས་བཅད་བཞི་པ། ཁྲོམ་རའི་རིན་གོང་གྲུབ་ཚུལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    འགྲན་རྩོད་ལྷུ་ཚིགས་ཐད་ཀྱི་རིན་གོང་ལྷུག་ཏུ་བཏང་སྟེ་གལ་ཆེའི་སྤྱི་པའི་བྱ་གཞག་དང་། སྤྱི་ཕན་རང་བཞིན་གྱི་ཞབས་ཞུ། དྲ་ཐོག་གི་རང་བྱུང་སྒེར་སྡོམ་སོགས་ལྷུ་ཚིགས་ཁྲོད་ཀྱི་སྲིད་གཞུང་གི་གཏན་འཁེལ་གོང་ཚད་ཚད་ལྡན་བཟོ་རྒྱུ་དང་། གོང་ཚད་ཐད་རིགས་སྒྲུབ་ཁུངས་སྐྱེལ་དང་། གཟུ་ཉན་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཚོ་བའི་དགོས་ངེས་དངོས་རྫས་ཉར་གསོག་བྱེད་ལམ་ཚགས་ཚུད་དུ་གཏོང་རྒྱུ། ས་ཆ་དང་ངལ་རྩོལ་ནུས་ཤུགས་སོགས་གཙོ་རྒྱུའི་རིན་གོང་ཁྲོམ་ར་ཅན་དུ་འགྱུར་ཚད་ཤུགས་ཆེར་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་རིན་གོང་སྒྱུར་བཅོས་གཏིང་ཟབ་བྱས་ནས“གཞི་རྩ་འགན་སྲུང་དང་དྲང་བདེན་ལ་སྐུལ་འདེད་གཏོང་བའི”རྩ་དོན་གཞིར་བཟུང་ཐོན་ཁུངས་རང་བཞིན་གྱི་ཐོན་རྫས་ཀྱི་རིན་གོང་སྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། “གཞི་རྩ”དང་“གཞི་རྩ་མིན་པ”དབྱེ་བ་འབྱེད་རྒྱུ། གྲོང་མིའི་སྤྱོད་ཆུ་དང་སྤྱོད་རླངས་ཀྱི་གོང་ཚད་མཐོ་དམའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། གློག་རིན་འགྱུར་ལྡན་ལེགས་སྒྲིག་ལམ་སྲོལ་དང་རང་བྱུང་སོལ་རླངས་ཀྱི་འཕར་ཆག་རིན་གོང་མཉམ་འགུལ་ལམ་སྲོལ་བཟོ་རྒྱུ། རིན་གོང་ཚོད་འཛིན་བྱེད་སྟངས་ལེགས་སྒྱུར་བྱས་ཏེ་སྲིད་གཞུང་ནས་གཏན་འཁེལ་བྱས་པའི་གོང་ཚད་དང་རྣམ་གྲངས་རིགས་དུས་མཐུན་ལེགས་སྒྲིག་བྱ་རྒྱུ། རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་དང་སྒེར་སྡེམ་ལ་ངོ་རྒོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་རྒྱུན་ལྡན་གྱི་སྒྲིག་སྲོལ་སྲུང་སྐྱོབ་བྱ་རྒྱུ།

    ལེའུ་བཅུ་བཞི་པ། ཤེས་ལྡན་པའི་འདེགས་སྐྱོར་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    གསོ་སྦྱོང་དང་ནང་འདྲེན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཤེས་ལྡན་པའི་ལས་གཞི་གལ་ཆེན་ལག་བསྟར་བྱ་རྒྱུ་དང་། ད་ཡོད་ཤེས་ལྡན་པ་དངོས་འབྲེལ་བཀོལ་སྤྱོད་ཡག་པོ་དང་མཁོ་ཆེའི་ཤེས་ལྡན་པ་ནང་འདྲེན་གང་ཐུབ་བྱ་རྒྱུ། དོ་དམ་ཚད་ལྡན་དང་། སྒོ་དབྱེ་བསྟུན་མཁས། འཁོར་སྐྱོད་སྤྱོད་ཆེ་བཅས་ཀྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་སྲོལ་བཟོས་ཐོག ཤེས་ལྡན་པའི་ཧུར་སེམས་ཆེ་ཤོས་དང་ཤེས་ལྡན་པའི་གསར་གཏོད་བྱེད་ནུས་ལ་སྐུལ་སློང་གཏོང་རྒྱུ།

    ས་བཅད་དང་པོ། ལྗོངས་ནང་ཁུལ་གྱི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེ་བྱ་རྒྱུ།

    མི་ཤུགས་ཐོན་ཁུངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་ནས་སློབ་གསོ་དང་། འཕྲོད་བསྟེན། ཞིང་འབྲོག རིག་གནས། ཚན་རྩལ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་དམིགས་ཏེ་བྱང་ཚད་ལེགས་པ་དང་གྲུབ་ཆ་ལུགས་མཐུན་ཡིན་པའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་རྒྱུ། ཡུལ་སྐོར་དང་། ནུས་རྒྱུ། རང་བྱུང་འཐུང་ཆུ། བོད་ལུགས་གསོ་རིག་དང་བོད་སྨན། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན། ཁྱད་ལྡན་རིག་གནས། དྲ་རྒྱའི་ཆ་འཕྲིན་སོགས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་འཐབ་ཇུས་གཉེར་སྐྱོང་གི་མདུན་ལམ་ཡོད་པ་དང་། ཁྲོམ་ར་རྒྱ་སྐྱེད་ཀྱི་སྙིང་སྟོབས་ཡོད་པ། དོ་དམ་གསར་གཏོད་ཀྱི་ནུས་པ་ལྡན་པ། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཡོད་པ་བཅས་ཀྱི་དེང་རབས་ཁེ་ལས་གཉེར་སྐྱོང་དང་དོ་དམ་བྱེད་པའི་ཤེས་ལྡན་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་རྒྱུ། ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང་)སློབ་གཉེར་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་བྱ་རྒྱུར་ཤུགས་རྒྱག་རྒྱུ། གཞོན་ནུ་དང་དར་མའི་ཤེས་ལྡན་པའི་རྗེས་འདེད་གསོ་སྐྱོང་ལམ་སྲོལ་བཙུགས་ཏེ་བྱང་ཚད་མཐོ་བའི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དང་། རྩལ་ནུས་ཆེ་བའི་ཤེས་ལྡན་པ། ཞིང་འབྲོག་ཁུལ་གྱི་སྤྱོད་ཆེའི་ཤེས་ལྡན་པ། ཏང་སྲིད་ཤེས་ལྡན་པ། སྤྱི་ཚོགས་ལས་དོན་པའི་ཤེས་ལྡན་པ་བཅས་གསར་རྙེདད་དང་། གསོ་སྐྱོང་། རུབ་འདུས་ཐུབ་པ་བཅས་བྱ་རྒྱུ། ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་དང་མཉམ་འདྲེས་ཐོག་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁེ་ལས་དང་། སློབ་གྲྭ་ཆེ་མོ། ཚན་ཞིབ་ཁང་བཅས་དབར་ཤེས་ལྡན་པ་ཕན་ཚུན་འཁོར་རྒྱུག་ཐུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག ལྗོངས་ཕྱི་ནང་གི་སློབ་གྲྭ་ཆེ་མོ་དང་། ཚན་ཞིབ་ཁང་། ཁེ་ལས་བཅས་ཟུང་འབྲེལ་ཐོག་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་སྐུལ་སློང་གཏོང་རྒྱུ།

    ས་བཅད་གཉིས་པ། ལྗོངས་ཕྱིའི་ཤེས་ལྡན་པ་ནང་འདྲེན་གང་ཐུབ་བྱ་རྒྱུ།

    ཡུན་རིང་བོད་སྐྲུན་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་སྣང་ཆེན་དང་། ཤེས་ལྡན་པ་ནང་འདྲེན་དང་བེད་སྤྱོད་གཏོང་ཐབས་གསར་གཏོད་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཐད་ཀྱི་མཁོ་ཆེ་དཀོན་གྲས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུ། དངོས་པོ་དང་བསམ་པའི་ཐད་ནས་སྐུལ་ལྕག་གཏོང་ཤུགས་ཆེ་རུ་བཏང་སྟེ་ཁྱིམ་མི་བཀོད་སྒྲིག་དང་། གོ་མིང་དཔྱད་བསྡུར་གདན་ཞུ། ལས་གཏོད་ཁ་གསབ་རོགས་དངུལ། སྨན་བཅོས་དང་རྒན་གསོའི་འགན་སྲུང་སོགས་ཀྱི་སྐུལ་ལྕག་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ཐོག ཤེས་ལྡན་པ་ནང་འདྲེན་ཐུབ་ལ་ལུས་སེམས་གནས་ཐུབ་པ་བྱ་རྒྱུ། “ཕན་ཐོགས་ན་གཏོགས་ཁོངས་དང་གནས་ཡུལ་ལ་ལྟ་མི་དགོས་པའི”ལྟ་བ་བཙུགས་ཏེ་ཤེས་ལྡན་པ་དང་རྣམ་གྲངས་ནང་འདྲེན་བྱ་རྒྱུ་དང་ལག་རྩལ་ཟུང་འབྲེལ་བྱས་ནས་ཕན་ཚུན་གནས་སྦྱར་དང་། རྣམ་གྲངས་མཉམ་ལས། དུས་ཐུང་ལས་སྒྲུབ། ལག་རྩལ་མཛུབ་ཁྲིད། རིག་ནུས་འདོན་པ། འགན་ཕོགས་མཉམ་ལེན། དམིགས་བསལ་གདན་ཞུའི་ལས་གནས་སོགས་རྣམ་པ་འདྲ་མིན་གྱི་བྱ་ཐབས་སྤྱད་དེ་ལྗོངས་ཕྱིའི་རིམ་པ་མཐོ་བའི་ཤེས་ལྡན་པས་བོད་དུ་རིག་ནུས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྐོང་འགུག་བྱ་རྒྱུ། ནང་འདྲེན་ཤེས་ལྡན་པར་གདེང་འཇོག་དཔྱད་ཞིབ་བྱེད་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ནང་འདྲེན་ཤེས་ལྡན་པའི་ཡོན་ཚད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། འཇོན་ནུས་གང་ཡོད་འདོན་པའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ།

    སྲིད་གཞུང་གིས་གཞི་ཆེའི་དོ་དམ་དང་། ལས་ཁུངས་ཀྱིས་རང་བདག་མི་སྤྱོད། ཤེས་ལྡན་པས་རང་བརྟེན་ལས་འཚོལ་བཅས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྣམ་གསར་ཤེས་ལྡན་པའི་སྤྱི་པའི་ཞབས་ཞུའི་མ་ལག་བཙུགས་ཐོག གྲོང་ཁྱེར་གྲོང་གསེབ་དང་། ཁུལ་ཁོངས། ལས་རིགས་བཅས་དབར་ཤེས་ལྡན་པ་བགོ་སྒྲིག་གང་ལེགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། ཤེས་ལྡན་པར་བརྩི་འཇོག་བྱས་ནས་ཕུལ་བྱུང་ཤེས་ལྡན་པས་ནུས་པ་ཀུན་ལ་ཕན་པའི་སྤྱི་ཚོགས་ཀྱི་རྣམ་པ་གཏོད་རྒྱུ། མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ལས་བགོས་སྐུལ་ལྕག་བྱེད་སྲོལ་གསར་གཏོད་དང་། ཤེས་ལྡན་པར་དོ་དམ་བྱེད་སྲོལ་དང་། ཤེས་ལྡན་པ་གསོ་སྐྱོང་། གདེང་འཇོག་གསར་ཪྙེད། འདེམས་ཐོན་བསྐོ་སྤྱོད། འཁོར་རྒྱུག་བགོ་སྒྲིག ངར་སྐུལ་འགན་སྲུང་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དཀའ་ཚེགས་ཆེ་བའི་ས་ཁུལ་དང་རྙོག་འཛིང་ཆེ་བའི་ཁོར་ཡུག་ཁྲོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་སྣང་ཆེན་དང་། ཤེས་ལྡན་པ་གཞི་རིམ་དུ་འཁོར་རྒྱུག་ཐུབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་གཞི་རིམ་ཤེས་ལྡན་པའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དངོས་འབྲེལ་བྱ་རྒྱུ་དང་། གཞི་རིམ་ཤེས་ལྡན་པ་གོང་རིམ་དུ་འགྲོ་རྒྱུགས་བྱེད་ལམ་བཟོས་ཏེ་གཞི་རིམ་ཤེས་ལྡན་པའི་དཔུང་ཁག་བརྟན་འཁྱོངས་དང་སྟོབས་ཆེར་གཏོང་རྒྱུ།

    1.jpg

    ལེའུ་བཅོ་ལྔ་པ། ཚན་རྩལ་གསར་གཏོད་དང་བེད་སྤྱོད་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ།

    གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་བའི་གོང་འཕེལ་ཁྲོད་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་གསར་གཏོད་ཀྱི་གཙོ་རྐང་འཛུགས་སྤེལ་ཤུགས་ཆེ་བྱ་རྒྱུ་དང་། གསར་གཏོད་ཀྱི་རྨང་གཞིའི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཚན་རྩལ་སྒྲིག་གཞིར་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རྩལ་གསར་གཏོད་ནུས་པ་ཤུགས་ཆེར་གཏོང་རྒྱུ།

    ས་མཐོའི་ཁྱད་ལྡན་ཁྱབ་ཁོངས་ཀྱི་གདོད་མའི་གསར་གཏོད་དང་། འདུས་གྲུབ་གསར་གཏོད། མཉམ་ལས་གསར་གཏོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སྔོན་ཐོན་སྤྱོད་ཆེའི་ལག་རྩལ་དང་མཐོ་གསར་ལག་རྩལ་ནང་འདྲེན་དང་། བེད་སྤྱོད། བསྡུ་ལེན་བཅས་ཤུགས་ཆེ་བྱ་རྒྱུ་དང་། གལ་ཆེའི་ཆེད་དམིགས་རྣམ་གྲངས་ཁག་གཅིག་ལག་བསྟར་བྱས་ཏེ་རང་ཚུགས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་སྤེལ་བའི་འཆར་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་ནས་དང་། འབྲི་གཡག བོད་ལུགས་གསོ་རིག་དང་བོད་སྨན། དཔལ་འབྱོར་སྐྱེ་དངོས། སྒྲིག་བཀོད་ཞིང་ལས་སོགས་འདེབས་གསོའི་ལག་རྩལ་གསར་གཏོད་ཤུགས་ཆེ་བྱ་རྒྱུ། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་གཏིང་ཟབ་དང་། མི་རིགས་ལག་ཤེས་བཟོ་ལས། དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་བེད་སྤྱོད། རང་བྱུང་འཐུང་ཆུ་གསར་སྤེལ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་ཞིབ་ཚད་བརྒལ་དང་ལག་རྩལ་ཡར་ཐོན་ལ་བརྩོན་ལེན་བྱ་རྒྱུ། ས་མཐོའི་བདེ་སྲུང་དང་། ས་མཐོའི་ནད་ཡམས་དང་ཡུལ་ནད་འགོག་བཅོས་སོགས་ཁྱབ་ཁོངས་ཀྱི་རྨང་གཞིའི་ཞིབ་འཇུག་དང་སྨན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ཤུགས་ཆེ་བྱས་ཏེ་བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཞིབ་འཇུག་གསར་སྤེལ་བྱེད་པའི་གལ་ཆེའི་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱ་རྒྱུ། གྲང་ངར་ཆེ་སའི་ཨར་སྐྲུན་ལག་རྩལ་དང་ནུས་རྒྱུ་གྲོན་ཆུང་ཚད་གཞི་ལེགས་སྒྱུར་བྱ་རྒྱུར་ཞིབ་འཇུག་དང་། ས་མཐོའི་ཁོར་ཡུག་དང་འཚམ་པའི་ཨར་སྐྲུན་རྒྱུ་ཆ་དང་བཟོ་བཀོད་ལག་རྩལ་ནང་འདྲེན་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུ། ལྕགས་ལམ་དང་། རྒྱ་ལམ། ཆུ་བེད། ཆུ་གློག་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་ལག་རྩལ་གསར་པ་དང་བཟོ་རྩལ་གསར་པ་ཕྱོགས་སྡོམ་བྱས་ཏེ་གང་མགྱོགས་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ།

    ས་བཅད་གཉིས་པ། ལག་རྩལ་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཞིབ་འཇུག་གསར་སྤེལ་ཐད་མ་འཇོག་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁེ་ལས་དང་། སློང་གྲྭ་ཆེ་མོ། ཚན་ཞིབ་ཁང་བཅས་ཀྱི་གསར་གཏོད་གཙོ་རྐང་གནས་བབ་དང་རང་བདག་དབང་ཆ་ཤུགས་ཆེར་གཏོང་རྒྱུ། སྲིད་གཞུང་ནས་བྱ་དགའ་སྤྲོད་རྒྱུ་ཕྱོགས་སྟོན་དུ་བྱས་ཏེ་སྤྱི་ཚོགས་བྱ་དགའ་དང་མི་སྤྱོད་ཚན་པའི་བྱ་དགའ་ཟུང་འབྲེལ་གྱི་ཚན་རྩལ་བྱ་དགའི་ལམ་ལུགས་འཛུགས་རྒྱུ་དང་། གསར་གཏོད་ཚོད་ལྟའི་ལས་སྟེགས་མཉམ་སྤྱོད་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཕན་མཐོའི་ཚན་ཞིབ་མ་ལག་འཛུགས་རྒྱུ། ཁེ་ལས་ཀྱིས་གཙོ་རྐང་བྱས་པའི་ཐོན་ལས་ལག་རྩལ་གསར་གཏོད་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་འཛུགས་རྒྱུར་སྐུལ་མ་བཏང་སྟེ་རྨང་གཞིའི་རང་བཞིན་ཐད་ནས་ཞིབ་འཇུག་བྱས་ཐོག གསར་གཏོད་ཤེས་ལྡན་པ་དང་ཞིབ་འཇུག་གསར་སྤེལ་ཚོགས་པ་གསོ་སྐྱོང་བྱ་རྒྱུ། མཐོ་རིམ་སློབ་གྲྭ་ཆེ་མོ་དང་ཚན་ཞིབ་ཁང་གིས་ཚན་ཞིབ་གདེང་འཇོག་དང་སྐུལ་ལྕག་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཚན་ཞིབ་གྲོན་དངུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཐོན་སློབ་ཞིབ་གསུམ་མཉམ་ལས་གསར་གཏོད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། ཁེ་ལས་དང་། ལྗོངས་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་ཆེ་མོ། ཚན་ཞིབ་ཁང་བཅས་ཀྱིས་ཐོན་ལས་ལག་རྩལ་གསར་གཏོད་ཀྱི་གནའ་འབྲེལ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཉམ་དུ་ཐོན་ལས་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་ཚད་གཞི་ཞིབ་འཇུག་གསར་སྤེལ་གྱིས་འགག་སྒྲོལ་ཐུབ་པ་བྱ་རྒྱུ། རིགས་ཁག་གི་གསར་གཏོད་རྟེན་གཞི་དང་སྟོབས་ཤུགས་ཁྱབ་བཀོད་ཇེ་ལེགས་སུ་གཏོང་རྒྱུར་ཞིབ་འཇུག་བྱས་ཏེ་གཙོ་གནད་ཚོད་ལྟ་ཁང་དང་། ཕྱོགས་བསྡུས་ཚོད་ལྟ་ཁང་། ལས་གྲྭའི་ལག་རྩལ་ལྟེ་གནས། སྤུས་ཚད་ཞིབ་བཤེར་ཚད་ལེན་ལྟེ་གནས། ཚན་རྩལ་གསོ་ཆས། ཚན་རྩལ་ཐོན་ལས་སྡེ་གླིང་དང་དཔེ་མཚོན་རྟེན་གཞི་སོགས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། ཚན་ཞིབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། ཚན་ཞིབ་ཆེན་མོའི་དཔྱད་ཆས་སྒྲིག་ཆས། ཆེད་ཁེའི་ཆ་འཕྲིན་ཐོན་ཁུངས་བཅས་སྤྱི་ཚོགས་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ།

    ཚན་རྩལ་དང་། ནོར་སྲིད། མ་འཇོག ཁྲལ་འབབ། དངུལ་རྩ། ཤེས་ལྡན་པ། ཐོན་ལས་སོགས་སྲིད་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་ལེགས་སྒྱུར་གྱི་སྐུལ་ལྕག་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཚན་རྩལ་གྲུབ་འབྲས་དང་ཤེས་བྱའི་བདག་དབང་གཏོགས་ཁོངས་དང་ཁེ་ཕན་མཉམ་སྤྱོད་བྱེད་སྲོལ་ཚགས་ཚུད་དུ་བཏང་ནས་ཚན་ཞིབ་མི་སྣས་གྲུབ་འབྲས་ལེགས་སྒྱུར་གྱི་ཁེ་འབབ་མཉམ་སྤྱོད་བྱེད་པའི་བསྡུར་ཚད་ཆེ་རུ་གཏོང་རྒྱུ། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་བཏང་ནས་གསར་གཏོད་གྲུབ་འབྲས་དང་ཐོན་ལས་མཐུད་སྦྲེལ་བྱ་རྒྱུ་དང་། གསར་གཏོད་རྣམ་གྲངས་དང་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་མཐུད་འབྲེལ་ཤུགས་ཆེ་བྱས་ཐོག ལྷ་ས་དང་ཁྲེན་ཏུའུ་ཡི་ཚན་རྩལ་གསོ་ཆས་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་ཚན་ཞིབ་ལག་རྩལ་གྲུབ་འབྲས་སྤེལ་རེས་བྱེད་པའི་ལས་སྟེགས་འཛུགས་རྒྱུ། ཞིབ་འཇུག་གསར་སྤེལ་སྒྲིག་གཞི་དང་མཐོ་རིམ་སློབ་གྲྭ་ཆེ་མོ། ཁེ་ལས་བཅས་མཉམ་དུ་ཚན་རྩལ་གྲུབ་འབྲས་དེ་མ་རྩ་ཅན་དང་ཐོན་ལས་ཅན་དུ་སྒྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་གྱི་དཔེ་མཚོན་རྟེན་གཞི་འཛུགས་རྒྱུ་དང་། ཚན་རྩལ་ཁྱབ་གདལ་གཏོང་བའི་རྟེན་གཞི་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་ལག་རྩལ་ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ།

    2.jpg

    ལེའུ་བཅུ་དྲུག་པ། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    “གྲངས་འཛིན་གོ་སྐབས”དམ་འཛིན་བྱས་ཏེ་རིམ་མཐོའི་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། དུས་རབས་གསར་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་མཉམ་སྦྲེལ་དྲ་རྒྱ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་ཐོག་གོང་འཕེལ་གཏོང་གཞི་ཆེ་རུ་གཏོང་རྒྱུ། ལས་རྣམ་གསར་པ་འཛུགས་སྤེལ་བྱས་ཏེ་དྲ་རྒྱའི་ཆ་འཕྲིན་གྱི་བདེ་འཇགས་ལ་འགན་སྲུང་དང་སྤྱི་ཚོགས་ཆ་འཕྲིན་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་དང་པོ། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ།

    “དྲ་ཆེན་བོད་ལྗོངས”གང་མགྱོགས་སྐྲུན་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་དྲ་རྒྱའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་སྟེ་དུད་ཚང་ཁག་ལ་འོད་སྐུད་འཁྲིད་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། “ཤང་དང་གྲོང་ཚོར་དྲ་ཆེན་འཁྲིད་རྒྱུ”། དྲ་ཆེན་མྱུར་སྦྲེལ་དང་གྲོན་དངུལ་ཉུང་གཏོང་གི་ལས་གཞི་སྤེལ་རྒྱུ། “སྒུལ་བདེ་ཀུན་ཁྱབ”ལ་སྐུལ་སྤེལ་བཏང་ནས་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱའི་ཁེབས་རྒྱ་ཆེ་རུ་བཏང་ནས་འཕྲིན་གཏོང་བརྡ་རྟགས་མེད་པའི་ས་ཁུལ་རིམ་བཞིན་མེད་པར་བཟོ་རྒྱུ། འཕྲིན་གཏོང་ཀུན་ཁྱབ་ཞབས་ཞུའི་སྐྱིན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། འཕྲལ་སྡོམ་འཕྲིན་གཏོང་དང་། ཏང་སྲིད་ཆེད་སྤྱོད་འཕྲིན་གཏོང་། སྐུད་མེད་ཁ་པར་འགན་སྲུང་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་སྟེ“དྲ་གསུམ་མཉམ་སྤྱོད”ལ་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་གཉིས་པ། དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཇེ་མགྱོགས་སུ་གཏོང་རྒྱུ།

    དྲ་སྦྲེལ་རྒྱས་པའི་བྱ་སྤྱོད་སྤེལ་ཏེ་སྤྲིན་རྩིས་དང་གྲངས་གཞི་ཆེ་མོའི་ལག་རྩལ་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག དྲ་རྒྱའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ། གློག་རྡུལ་སྲིད་དོན་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ལས་སྒོ་དེ་གློག་རྡུལ་སྲིད་དོན་དྲ་རྒྱའི་ཐོག་སྤོ་འགྱུར་ཐུབ་པ་བྱས་ཏེ་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་དང་གྲངས་གཞིའི་སྒོ་དབྱེ་བེད་སྤྱོད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། “ཞིང་གསུམ”གྱི་ཆ་འཕྲིན་ཞབས་ཞུའི་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། སྐད་བརྡ་དང་མཐའ་སྣེ་ལས་བརྒལ་བའི་དྲ་རྒྱའི་ཕྱོགས་བསྡུས་ཆ་འཕྲིན་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་ཞིང་ཕྱུག་ཞིང་ཕན་དང་། གནད་འཕིགས་དབུལ་སྐྱོར། སྤྱི་པའི་ཞབས་ཞུ་དོ་སྙོམས་སོགས་ཁྲོད་མཉམ་སྦྲེལ་དྲ་རྒྱའི་ཆ་འཕྲིན་ལག་རྩལ་གྱི་ནུས་པ་འདོན་རྒྱུ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཟོག་འབྲེལ་དྲ་རྒྱ་སོགས་ལག་རྩལ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཐོག སྲོལ་རྒྱུན་ཐོན་ལས་ཁ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། གློག་རྡུལ་ཚོང་དོན་གོང་འཕེལ་བཏང་ནས་དྲ་ཐོག་ཐད་འཚོང་དང་། དེང་རབས་ཟོག་འགྲུལ། ཕྱོགས་གསུམ་པས་གཏོང་སྤྲོད་བྱེད་པ་བཅས་ཀྱི་ཁེ་ལས་གོ་རིམ་ལྡན་པའི་ངང་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཐོག བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི“དྲ་ཐོག་མཁའ་ལམ”གཏོད་རྒྱུ། གཉེན་ཆས་གསར་སྤེལ་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ་བོད་ཡིག་གཉེན་ཆས་དང་ཆ་འཕྲིན་ཅན་གྱི་གཙོ་གནད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་གང་མགྱོགས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་གསུམ་པ། དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ།

    དྲ་རྒྱ་དང་ཆ་འཕྲིན་བདེ་འཇགས་ཀྱི་དོགས་ཟོན་བྱ་ཐབས་ཤུགས་ཆེར་བཏང་སྟེ་དྲ་རྒྱའི་ཆ་འཕྲིན་གྱི་ཕྱོགས་བསྡུས་ལག་རྩལ་ལ་ལྟ་སྡོམ་བྱེད་པའི་ལས་སྟེགས་འཛུགས་རྒྱུ། བདེ་འཇགས་རིམ་པའི་སྲུང་སྐྱོང་དང་། བདེ་འཇགས་ཚོད་སྐོར་ཚད་ཞིབ། འཕྲལ་སྡོམ་ནང་སྦྱོང་སོགས་ཀྱི་ལྟ་སྡོམ་ལམ་ལུགས་ཚགས་ཚུད་དུ་བཏང་སྟེ་དྲ་རྒྱའི་ཆ་འཕྲིན་གྱི་ཕྱོགས་བསྡུས་ལྟ་སྡོམ་བྱེད་ནུས་ཤུགས་ཆེར་བཏང་ཐོག གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་དྲ་རྒྱ་དང་སྟངས་འཛིན་མ་ལག་གི་བདེ་འཇགས་འགན་ལེན་བྱ་རྒྱུ། དྲ་རྒྱའི་ཆ་འཕྲིན་ཐོ་འགོད་བྱ་རྒྱུ་ཚད་ལྡན་བཟོ་རྒྱུ་དང་དྲ་རྒྱའི་མིང་དངོས་འགོད་ལམ་དང་ཁས་ལེན་དཔང་འདོན་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲངས་གཞིའི་ཐོན་ཁུངས་ཀྱི་རིམ་རིགས་དབྱེ་བའི་དོ་དམ་ལག་བསྟར་བྱས་ནས་དྲ་རྒྱའི་ཐོན་ཁུངས་དང་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མཉམ་སྦྲེལ་དྲ་རྒྱའི་གླེང་ཕྱོགས་གནས་ཚུལ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ལེ་ཚན་བཞི་པ། འདེགས་སྐྱོར་ཤུགས་ཆེ་བྱས་ཏེ་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ།

    མི་འབོར་ཁྱབ་ཚུལ་དང་། ཐོན་ལས་ཁྱབ་བཀོད། གྲོང་ཁྱེར་གྲོང་རྡལ་གྱི་བར་སྟོངས་རྣམ་པ་སོགས་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག འགན་སྲུང་བྱེད་ནུས་ཤུགས་ཆེར་གཏོང་རྒྱུ།

    ལེའུ་བཅུ་བདུན་པ། ཕན་ཚུན་འབྲེལ་མཐུད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་རྒྱུ།

    ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་མཐོ་རིམ་ཇུས་གཞི་འགོད་རྒྱུར་ཤུགས་སྣོན་རྒྱག་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་དང་ལས་ཕྱོད་ཆེ་རུ་འགྲོ་བ་བྱ་རྒྱུ།

    ས་བཅད་དང་པོ། ལྗོངས་ནང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    གཞུང་ལམ་གྱི་གཙོ་རྐང་སྒྲོམ་གཞིའི་ནུས་པ་མངོན་གསལ་དོད་དུ་བཏང་ནས་ཕྱོགས་བཞི་མཚམས་བརྒྱད་ལ་འགྲོ་བདེ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱ་འཛུགས་རྒྱུ། སྤྱིར་བཏང་གི་རྒྱལ་ལམ་མཐུད་མ་ཐུབ་པའི་རིགས་དང་ལམ་ངོས་འདིང་མ་ཐུབ་པའི་རིགས་གཞི་རྩའི་ཆར་མེད་པ་བཟོས་ནས་ཞིང་ཆེན་ལམ་ལ་སྣུམ་ནག་རིམ་བཞིན་འདིང་རྒྱུ། ལྷ་ས་ནས་ཉིང་ཁྲི་དང་། གཞིས་རྩེ་ནས་གཞིས་རྩེ་གནམ་ཐང་། ལྷ་ས་ནས་ནག་ཆུ། རྩེད་ཐང་ནས་གོང་དཀར། ཆབ་མདོ་ནས་སྤོམ་མདའ་སོགས་རྒྱལ་ལམ་དང་ཞིང་ཆེན་ལམ་མཐོ་རིམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་ཁག་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་སྒྲིག་ཁོངས་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་དང་དགོན་པར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། 90%ཡི་ཤང་གྲོང་རྡལ་དང་40%ཡི་སྒྲིག་ཁོངས་གྲོང་ཚོར་མཁྲེགས་འགྱུར་ལམ་བཟོ་རྒྱུ། ལྗོངས་ནང་ཁུལ་གྱི་གནམ་ཐང་ཁྱབ་བཀོད་ལུགས་མཐུན་འཆར་འགོད་བཟོས་ནས་ཡན་ལག་གནམ་ཐང་བཟོ་རྒྱུར་སྐུལ་སྤེལ་གཏོང་བ་དང་། ལྗོངས་ནང་ཁུལ་གྱི་མཁའ་འགྲུལ་ལམ་ཐིག་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་མཁའ་འགྲུལ་ཀུང་སིའི་སྐྱེལ་འདྲེན་བྱེད་ཤུགས་ཀྱི་གཞི་ཁྱོན་རིམ་བཞིན་ཆེ་རུ་གཏོང་བ། མཁའ་འགྲུལ་ཀུང་སིས་ལྗོངས་ནང་ཁུལ་གྱི་གནམ་ཐང་དུ་རྟེན་གཞི་འཛུགས་རྒྱུར་སྐུལ་མ་གཏོང་བ། སྤྱི་སྤྱོད་མཁའ་འགྲུལ་དང་འཕྲལ་སྡོམ་རོགས་སྐྱོབ་བྱེད་ནུས་སྐྱོང་སྤེལ་བཅས་བྱས་ཏེ་སྤྱི་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་གཏོང་རྒྱུ། ལྗོངས་ནང་ཁུལ་གྱི་ལྕགས་ལམ་ཨ་མ་དང་ཟོག་འདྲེན་ཆེད་ལམ་གང་མགྱོགས་བཟོ་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་སྦྲག་ལས་དང་མྱུར་སྐྱེལ་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཤང་གྲོང་རྡལ་གྱི་སྦྲག་ལས་ཁྱབ་གདལ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཕྱི་ཕྱོགས་སུ་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    བོད་ནས་འཛུལ་ཐོན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཕན་ཆེ་དང་། ཕྱོགས་བསྡུས། གཞི་གཅིག་ཅན་ཞིག་འཛུགས་རྒྱུ། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་མཚམས་གང་མགྱོགས་བཟོ་རྒྱུ་དང་། མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད་གློག་ཤུགས་ཅན་དུ་འགྱུར་རྒྱུ། ཡུན་བོད་ལྕགས་ལམ་དང་། ཤིན་བོད་ལྕགས་ལམ། ཡུལ་ཤུལ་ནས་ཆབ་མདོ་བར་གྱི་ལྕགས་ལམ། འགག་སྒོའི་ལྕགས་ལམ་བཅས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྤེལ་རྒྱུ། མཚོ་བོད་དང་ཁྲོན་བོད་ཀྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཤིན་བོད་དང་། མཚོ་བོད། ཡུན་བོད་བཅས་ཀྱི་འགྲུལ་ལམ་གསར་པ་གང་མགྱོགས་བཟོ་རྒྱུ། མཐའ་མཚམས་འགག་སྒོའི་གཞུང་ལམ་གྱི་ལམ་ངོས་སྣུམ་ནག་འདིང་རྒྱུ་དང་། རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོའི་གཞུང་ལམ་གྱི་གདང་རིམ་མཐོ་རུ་གཏོང་རྒྱུ། གཞིས་རྩེ་བསམ་གྲུབ་རྩེ་ཆུས་ནས་སྐྱིད་རོང་འགག་སྒོ་བར་གྱི་ཤར་བགྲོད་ཆ་རྐྱེན་ལེགས་བཅོས་བྱ་རྒྱུ། བོད་ལ་འཛུལ་ཐོན་གྱི་མཁའ་འགྲུལ་ལམ་ཐིག་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ནང་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དང་གལ་ཆེའི་ཁུལ་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་དབར་གྱི་མཁའ་འགྲུལ་ལམ་ཐིག་མང་དུ་གཏོང་རྒྱུ་དང་། ཁྲེན་ཏུའུ་ནས་ལྷ་ས་བར་གྱི་མྱུར་སྐྱོད་མཁའ་ལམ་བཟོ་རྒྱུ།

    ས་བཅད་གསུམ་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ།

    སྐྱེལ་འདྲེན་བྱེད་སྟངས་ཁག་སྦྲེལ་མཐུད་དམ་ཚགས་བྱས་ཏེ་མཉམ་སྡེབ་ཀྱི་ཕན་འབྲས་འདོན་སྤེལ་བྱ་རྒྱུ་དང་ཕྱོགས་བསྡུས་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལྟེ་གནད་ཁྱབ་བཀོད་འཐུས་སྒོ་ཚང་དུ་བཏང་ནས་སྐྱེལ་འདྲེན་སྒྲིག་འཛུགས་བྱེད་སྟངས་ལེགས་སྒྱུར་བྱས་ཏེ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་མཉམ་འབྲེལ་སྐྱེལ་འདྲེན་ལས་སྒོ་གོང་འཕེལ་གཏོང་རྒྱུ། ས་གནས(གྲོང་ཁྱེར)ཀྱི་འགྲུལ་ཟོག་ཕྱོགས་བསྡུས་ལྟེ་བ་དང་རྫོང་གྲོང་གི་འགྲུལ་སྐྱེལ་ས་ཚུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ཤང་གྲོང་རྡལ་གྱི་འགྲུལ་སྐྱེལ་ཡོངས་སུ་ཁེབས་ཐུབ་པ་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་ལྟ་ཞིབ་ཚད་ལེན་དྲ་བ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་ཆ་འཕྲིན་དྲ་འབྲེལ་དང་ཞབས་ཞུའི་ལས་སྟེགས་བཅས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགྲིམ་འགྲུལ་སྐྱེལ་འདྲེན་ལ་བཀོད་གཏོང་དང་འཕྲལ་སྡོམ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ས་མཐོའི་ཆེད་སྤྱོད་རླངས་འཁོར་གསར་པ་ནང་འདྲེན་ཧུར་ཐག་བྱས་ཏེ་སྤྱི་པའི་འགྲུལ་སྐྱེལ་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། རྒྱལ་ཁབ་དང་ཞིང་ཆེན་གྱི་སྤྱིར་བཏང་ལམ་ཐིག་ཨ་མ་དང་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་འགྲོ་གྲོན་ཐད་མུ་མཐུད་ཁ་གསབ་རོགས་དངུལ་འོས་འཚམ་སྤྲོད་རྒྱུ།

    1.jpg

    3.jpg

    ལེའུ་བཅོ་བརྒྱད་པ། ཕྱོགས་བསྡུས་ནུས་རྒྱུ་ནུས་ལྡན་སྤྱོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཐོག ནུས་རྒྱུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་པ་དང་ནུས་རྒྱུའི་ཐོན་སྐྱེད་འཛད་སྤྱོད་གྲུབ་ཆ་ལེགས་སྒྱུར་བྱས་ཏེ་དམངས་འཚོར་སྤྱོད་པའི་ནུས་རྒྱུའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཆུ་གློག་གཙོར་བཟུང་དང་། ནུས་མང་མཉམ་སྤྱོད། མཉམ་སྦྲེལ་མཉམ་སྤྱོད་ཀྱི་བརྟན་ལྷིང་དང་། གཙང་མ། གྲོན་ཆུང་། རྒྱུན་མཐུད་གོང་འཕེལ་བཅས་ཀྱི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་སྐྱོང་སྤེལ་བྱ་རྒྱུ།

    ས་བཅད་དང་པོ། ནུས་རྒྱུ་གསར་སྤེལ་གྱི་ཁྱབ་བཀོད་ལེགས་སྒྱུར་བྱ་རྒྱུ།

    ཡུལ་བབ་དང་ནུས་བབ་ལ་བསྟུན་ནས་ཚང་མར་གཙོ་གནད་རེ་ཡོད་པ་དང་ཁྱད་ཡོན་གསབ་རེས་བྱེད་པའི་ས་ཁོངས་ནུས་རྒྱུ་གོང་འཕེལ་གཏོང་ཕྱོགས་ཞིག་ཆགས་པར་སྐུལ་སྤེལ་གཏོང་རྒྱུ། བོད་དབུས་ཁུལ་གྱིས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་། བོང་ཆུ། ཡིད་འོང་གཙང་པོ་སོགས་ཀྱི་རྒྱུག་ཆུའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་ཤུགས་ཆེ་བྱས་ཤིང་། ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་བཅས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། བོད་ཤར་ལྷོ་ཁུལ་གྱིས“ནུབ་གློག་ཤར་ཁྲིད”ཀྱི་མཐུད་འབྲེལ་རྟེན་གཞི་བསྐྲུན་རྒྱུར་ཤུགས་རྒྱག་པ་དང་། ཉི་ནུས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་སྤེལ་བཏང་ནས་གློག་ཤུགས་གཞི་ཁྱོན་ལྡན་པའི་ངང་ཕྱིར་ཁྲིད་ཐུབ་པ་བྱ་རྒྱུ། བོད་ནུབ་བྱང་ཁུལ་གྱིས་ཉི་ནུས་དང་། རླུང་ནུས། ས་འོག་ཚ་ནུས་སོགས་གཙང་ཞིང་བསྐྱར་དུ་སྤྱོད་རྒྱུ་ཡོད་པའི་ནུས་རྒྱུ་གཙོ་གནད་གསར་སྤེལ་བྱས་ཏེ་དམངས་འཚོར་སྤྱོད་རྒྱུའི་ནུས་རྒྱུ་དང་འབྲོག་ལས་གོང་འཕེལ་གཏོང་རྒྱུའི་ནུས་རྒྱུ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཆུ་ནུས་དང་། ཉི་ནུས། ས་འོག་ཚ་ནུས། རླུང་ནུས་སོགས་གཙང་ཞིང་བསྐྱར་དུ་སྤྱོད་རྒྱུ་ཡོད་པའི་ནུས་རྒྱུ་ཡོངས་བཤེར(བསྐྱར་བཤེར)བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནུས་རྒྱུའི་ཐོན་ཁུངས་རྒྱུས་མངའ་ལོན་པ་དང་། འབྱུང་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་ཁ་གསལ་བཟོ་བ། གསར་སྤེལ་དུས་རིམ་གཅིག་གྱུར་འཆར་འགོད་བཅས་བྱ་རྒྱུ།

    ས་བཅད་གཉིས་པ། ནུས་རྒྱུ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ།

    ནུས་རྒྱུ་ཐོན་སྐྱེད་མཁོ་འདོན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་སོགས་རྒྱུག་ཆུའི་གློག་ཁུངས་རྣམ་གྲངས་དང་བོད་དབུས་རྒྱུད་ཀྱི་རླངས་འབར་གློག་ཁང་གང་མགྱོགས་བསྐྲུན་རྒྱུ་དང་དྲ་སྦྲེལ་འོད་ཤུགས་དང་འོད་དྲོད་གློག་ཁང་ཆེ་རིགས་བསྐྲུན་རྒྱུའི་འཆར་འགོད་བཟོས་ནས་ཁྱབ་ཚུལ་རྣམ་པའི་འོད་ཤུགས་གློག་འདོན་མ་ལག་གོང་འཕེལ་འགྲོ་བར་སྐུལ་མ་བཏང་ནས་རླུང་ནུས་དང་ས་འོག་ཚ་ནུས་གསར་སྤེལ་བེད་སྤྱོད་ཧུར་ཐག་བྱས་ཏེ་ལྗོངས་ནང་ཁུལ་གྱི་གློག་འདོན་འཕྲུལ་ཤུགས་ཤོང་ཚད་ཆན་ཝ་ཁྲི་460ཡི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ། མཚོ་བོད་དྲ་སྦྲེལ་ལས་གྲྭ་སྐུལ་སྤེལ་བཏང་ནས་ཆབ་མདོའི་གློག་དྲ་དང་བོད་དབུས་ཁུལ་གྱི་གློག་དྲ་དྲ་སྦྲེལ་མངོན་འགྱུར་ཐུབ་པ་བྱ་རྒྱུ་དང་། མངའ་རིས་ཀྱི་གློག་དྲ་དང་བོད་དབུས་ཁུལ་གྱི་གློག་དྲ་དྲ་སྦྲེལ་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་ལྗོངས་ཡོངས་སུ་ཁེབས་པའི་གཅིག་གྱུར་གྱི་གློག་དྲ་ཞིག་སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ། མངའ་རིས་ཀྱི་གློག་དྲ་དང་ཤིན་ཅང་གི་གློག་དྲ་དྲ་སྦྲེལ་བྱ་རྒྱུར་ཞིབ་འཇུག་དང་དེར་སྐུལ་འདེད་གཏོང་རྒྱུ། གློག་དྲ་གཙོ་བོ་རྒྱ་སྐྱེད་གང་མགྱོགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་གློག་དྲ་སྣུར་སྲིང་རྒྱ་སྐྱེད་ལས་གྲྭ་ལག་བསྟར་བྱས་ནས་འབྱོར་འབྲིང་གློག་སྤྱོད་དཔེ་སྟོན་རྫོང་བསྐྲུན་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གློག་དྲ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་གནས(གྲོང་ཁྱེར)བདུན་གྱི་གྲོང་ཁྱེར་གློག་དྲ་རིམ་སྤོར་དང་བསྒྱུར་བཀོད་བྱ་རྒྱུ། བོད་དུ་སོལ་རླངས་ཀྱི་མདོང་ལམ་དང་སྣུམ་གྱི་མདོང་ལམ་ཁྲིད་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞིང་སྣུམ་རླངས་སྐྱེལ་འདྲེན་དང་གསོག་འཇོག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་བཅོས་མིན་ནུས་རྒྱུའི་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ།

    2.jpg

    ས་བཅད་གསུམ་པ། ནུས་རྒྱུའི་གྲུབ་ཆ་ལེགས་སྒྱུར་བྱ་རྒྱུ།

    གཙང་ཞིང་ཐན་ཉུང་དང་བདེ་འཇགས་ཕན་ཆེའི་ནུས་རྒྱུ་གོང་འཕེལ་གཏོང་རྒྱུ་དེ་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་ཕྱོགས་གཙོ་བོ་ཞིག་ཏུ་བརྩིས་ནས་ནུས་རྒྱུ་མཁོ་འདོན་དང་འཛད་སྤྱོད་གྲུབ་ཆ་ལེགས་སུ་གཏོང་རྒྱུ། ཆུ་གློག་གོང་འཕེལ་ཧུར་ཐག་བཏང་ནས་ལྗོངས་ཕྱིའི་སྤུས་ལེགས་ནུས་རྒྱུ་ནང་འདྲེན་ཤུགས་ཆེན་བྱ་རྒྱུ་དང་། ཉི་ནུས་དང་རང་བྱུང་སོལ་རླངས་སྤྱོད་རྒྱུ་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུ། གློག་ཤུགས་འཛད་སྤྱོད་ཀྱི་བསྡུར་ཚད་མཐོ་རུ་བཏང་ནས་རྡོ་སོལ་དང་རྡོ་སྣུམ་འཛད་སྤྱོད་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྲོལ་རྒྱུན་གྱི་སྐྱེས་དངོས་ནུས་རྒྱུ་འཛད་སྤྱོད་འཐུས་ཚབ་བྱེད་མགྱོགས་སུ་བཏང་ནས་གཙང་ཞིང་ཐན་ཉུང་ནུས་རྒྱུ་འཛད་སྤྱོད་བྱེད་པའི་བསྡུར་ཚད་55%ལས་བརྒལ་ཐུབ་པ་བྱ་རྒྱུ།

    ས་བཅད་བཞི་པ། གློག་ཤུགས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ།

    རྒྱལ་ཁབ་ཀྱི་གློག་ཤུགས་སྒྲིག་གཞི་སྒྱུར་བཅོས་ཀྱི་སྤྱིའི་ཁ་ཕྱོགས་དང་སྦྲེལ་མཐུད་བྱས་ཐོག “སྲིད་ཁེ་ལོགས་དབྱེ་དང་། གློག་ཁང་དང་གློག་དྲ་ཁག་དབྱེ”གང་མགྱོགས་བྱས་ཏེ་གློག་འདོན་གྱི་དེང་རབས་ཁེ་ལས་ལ་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་རྒྱུ། གྲོང་གསེབ་ཀྱི་གློག་ཤུགས་དོ་དམ་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ཀྱི་གློག་དྲའི་ཁེ་ལས་དང་གློག་འདོན་ཁེ་ལས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་གློག་ཤུགས་འཛུགས་སྐྲུན་དང་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ཚབ་གཉེར་ནས་ཐད་སྤྲོད་ཐད་གཉེར་བྱེད་པའི་ཞིང་གློག་དོ་དམ་བྱེད་ལམ་རིམ་བཞིན་འགྱུར་ལྡོག་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་གློག་ཤུགས་སྒྲིག་ཆས་འཁོར་རྒྱུག་སྲུང་སྐྱོང་དོ་དམ་དང་གློག་ཤུགས་ཁྱབ་གདལ་ཞབས་ཞུའི་ཕན་པ་རྒྱུན་ཐོན་གྱི་ཁ་གསབ་རོགས་དངུལ་སྤྲོད་ལམ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཀྲུང་དབྱང་གི་མ་འཇོག་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ནུས་རྒྱུའི་འགན་སྲུང་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་མ་འཇོག་ནུས་རྒྱུའི་སྒྲིག་ཆས་འཛུགས་སྐྲུན་དང་འཁོར་སྐྱོད་ཚོང་གཉེར་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དང་། བོད་ཀྱི་ཆུ་གློག་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བར་སྐུལ་སྤེལ་གཏོང་བའི་ཐེབས་རྩ་ཞིབ་འཇུག་དང་གསར་འཛུགས་བྱ་རྒྱུ། གློག་རིན་གྲུབ་སྟངས་ལམ་སྲོལ་ཚད་ལྡན་དང་མཐུན་སྦྱོར་བྱས་ཏེ་དྲ་འཇུག་གི་ཚད་ལྡན་གློག་རིན་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་བྱས་ནས་ཐོན་ཁུངས་ལེགས་སྒྱུར་བགོ་སྒྲིག་དང་གློག་ཤུགས་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    ལེའུ་བཅུ་དགུ་པ། ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་རྒྱུ་དང་། རྐང་འཛིན་ལས་གྲྭ་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། དམངས་འཚོར་ཕན་འདོགས་པའི་ཆུ་བེད་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ཐོག ཆུའི་ཐོན་ཁུངས་སྤྱོད་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཆུ་བེད་སྒྲིག་བཀོད་ཀྱི་ཁུལ་ཁོངས་ཁྱབ་བཀོད་ལེགས་སུ་གཏོང་རྒྱུ།

    ཆུའི་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་། ས་བབ་ཆགས་ཚུལ། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་བཅས་གཞིར་བཟུང་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཁྱབ་བཀོད་ལུགས་མཐུན་བྱས་ཏེ་ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་གཏོང་ཐུབ་པ་བྱ་རྒྱུ། དེ་ཡང་དབུས་རྒྱུད་རོང་ཁུལ་དུ་རྐང་འཛིན་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མ་ལག་ལྡན་པའི་བཅོས་སྐྱོང་དང་། ཐོན་འབྱེད་ལུགས་མཐུན། “གཙང་གཅིག་ཆུ་དྲུག”གི་གཙོ་གནད་ཆུ་རྒྱུད་རོང་ཁུལ་སྲུང་སྐྱོབ་ནུས་ལྡན་བཅས་བྱས་ནས། གཙང་ཆུ་གཙོ་བོའི་འགོག་སྲུང་ནུས་པ་དང་གྲོང་ཁྱེར(གྲོང་རྡལ)གྱི་འབྲུབ་འགོག་ནུས་པ། ཁུལ་ཁོངས་ཀྱི་ཆུའི་ཐོན་ཁུངས་གཅིག་གྱུར་བགོ་སྒྲིག་དང་ཆུ་འདོན་ནུས་པ། ས་ཆུའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ། ཆུའི་ཐོན་ཁུངས་སྲུང་སྐྱོབ་ནུས་པ་བཅས་ཆེ་རུ་གཏོང་རྒྱུ། ཤར་རྒྱུད་ཀྱི་རི་མཐོའི་གྲོག་རོང་རྒྱུད་ལ་ཆུ་རྩ་གསོ་འཁྱོངས་དང་ས་ཆུ་སྲུང་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་ཤར་རྒྱུད་ཀྱི“གཙང་གསུམ”ཨ་མ་དང་ཆུ་ལག་གཙོ་བོ། དེ་བཞིན་གཙང་ཆུ་ཆུང་འབྲིང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་འབྲུབ་འགོག་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། སྐམ་ཚའི་རོང་ཁུལ་གྱི་འབྱུང་ཁམས་ལེགས་སུ་གཏོང་རྒྱུ། ཆུ་ནུས་ཐོན་ཁུངས་ཐོན་འབྱེད་དང་བེད་སྤྱོད་ལུགས་མཐུན་བྱ་རྒྱུ། ནུབ་བྱང་གི་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཁུལ་དུ་གཟན་རྩྭ་འདེབས་ས་དང་གེགས་འགོག་གཟན་རྩྭ་འདེབས་སའི་ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཐོག རྩྭ་སའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་དང་རྩྭ་ཐང་གི་ཕྱུགས་ལས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ལྷོ་ཕྱོགས་ཀྱི་མཐའ་མཚམས་ས་རྒྱུད་ལ“མཐའ་མཚམས་ཀྱི་ཆུང་བ་ལྔའི”ཆུ་བེད་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐའ་མཚམས་ས་ཁུལ་གྱི་ཆུ་བེད་ཐད་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ། ས་མཚམས་བརྒལ་བའི་གཙང་ཆུའི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་བྱ་རྒྱུ་ཞིབ་འཇུག་དང་འཆར་འགོད་བཟོ་རྒྱུ།

    ས་བཅད་གཉིས་པ། ས་ཞིང་དང་རྩྭ་རའི་ཆུ་བེད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་བདག་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཆུའི་ཐོན་ཁུངས་ཀྱི་དོ་དམ་ལམ་སྲོལ་སྒྱུར་བཅོས་བྱས་ཏེ། ཁྲིམས་བཞིན་ཆུ་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཆུ་འབྲེལ་ལས་ཀའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་སྤྱོད་ཆུ་འགན་སྲུང་ནུས་ལྡན་བྱ་རྒྱུ། གཙོ་གནད་ཞིང་ཆུ་འདྲེན་ཁུལ་གྱི་འཕྲོ་སྐྱོང་ཚང་སྒྲིག་དང་ཆུ་གྲོན་ཆུང་གི་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་ཁའི་ཆུ་བེད་ལས་གྲྭ་ཆུང་གྲས་ཀྱི་འཛུགས་སྐྲུན་གང་མགྱོགས་གཏོང་རྒྱུ། ཡུལ་བབ་དང་བསྟུན་ནས“ཆུང་བ་ལྔའི་ཆུ་བེད”ལས་གྲྭ་འཛུགས་སྐྲུན་བྱས་ནས་མཐའ་མའི་འགག་གནད་ཐག་གཅོད་བྱ་རྒྱུ་དང་། ཞིང་ཆུ་དྲངས་ནས་བེད་སྤྱོད་གཏོང་ཚད་དང་ཞིང་ཆུ་འདྲེན་ཁུལ་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ། འབྲོག་ཁུལ་གྱི་ཆུའི་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཆུ་འདྲེན་ཡུར་བུ་དང་དམའ་གནོན་སྦུག་འདྲེན་སོགས་ཆུ་འདྲེན་བྱ་ཐབས་སྤྱད་ནས་གཟན་རྩྭ་འདེབས་ས་གང་མགྱོགས་བཟོས་ཏེ། རྩྭ་ར་དང་། ནགས་ས། ཤིང་འཛུགས་ནགས་བཟོ་བཅས་ལ་ཆུ་ནུས་ལྡན་སྤྱོད་ཐུབ་པ་བྱ་རྒྱུ། ཉམས་ཆག་བྱུང་བའི་རྩྭ་སའི་ས་ཆུ་སྲུང་འཛིན་བྱ་རྒྱུ། གྲོག་ཤུར་དང་གཟར་ངོས་བཅོས་སྐྱོང་སོགས་ཀྱི་ལས་གྲྭ་འཛུགས་སྐྲུན་བྱས་ཏེ་རྩྭ་རའི་ཐོན་ཁུངས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ།

    ས་བཅད་གསུམ་པ། གྲོང་ཁྱེར་གྲོང་གསེབ་ཀྱི་ཆུ་འདོན་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ།

    གྲོང་ཁྱེར་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་མ་ལག་བཙུགས་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་འདོན་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་ཆུ་རྩའི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ། ས་གནས(གྲོང་ཁྱེར)སྲིད་ཧྲུའུ(སྲིད་གཞུང་)གནས་སའི་འཐུང་ཆུའི་ཆུ་རྩ་གནོད་མེད་འགན་སྲུང་ཐུབ་པའི་ནུས་པ་གཙོ་གནད་ཐོག་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་སྤྱོད་ཆུ་འཕྲལ་མཁོའི་ནུས་པ་ཆེ་རུ་བཏང་ནས་གཞི་ཁྱོན་ལུགས་མཐུད་དང་། ཚད་གཞི་འོས་འཚམ་ཡིན་པའི་འཕྲལ་མཁོའི་ཐན་འགོག་ཆུ་རྩའི་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ། ཐན་པ་ཚབས་ཆེན་དང་གློ་བུར་གྱི་ཆུ་བཙོག་སྐྱོན་ཤོར་བའི་དོན་རྐྱེན་ཐོན་རིགས་ལ་ཁ་གཏད་ནུས་ལྡན་གཅོག་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་རྩའི་སྲུང་སྐྱོབ་ཁུལ་དབྱེ་འབྱེད་གཏན་འཁེལ་བཟོ་རྒྱུ། ཁྱོན་ཡོངས་ནས་རྫོང་གྲོང་གི་འཐུང་ཆུའི་ཆུ་རྩའི་སྤུས་ཚད་ལྟ་ཞིབ་ཚད་འཇལ་སྤེལ་རྒྱུ། ཤང་གྲོང་སྲིད་གཞུང་གནས་སའི་སྤྱོད་ཆུའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། སྲིད་འཛིན་གྲོང་ཚོར་རང་འབབ་ཆུ་ཀ་ལ་ཁྲིད་ཚད་དང་། ཆུ་འདོན་འགན་སྲུང་བྱེད་ཚད། ཆུ་སྤུས་ལོན་ཚད་བཅས་མཐོ་རུ་གཏོང་རྒྱུ།

    1.jpg

    ལེ་ཚན་ལྔ་པ། སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་བྱས་ནས་ས་མཐོའི་ཁྱད་ལྡན་ལེགས་་ལྡན་གྱི་ཐོན་ལས་གོང་འཕེལ་ཤུཌ་ཆེ་གཏོང་རྒྱུ།

    “ཐོན་ལས་དང་པོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་ལས་གཉིས་པར་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་གོང་འཕེལ་ཤུགས་ཆེན་གཏོང་རྒྱུའི”དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་ཀྱིས་ཐོན་ལས་ལ་བརྟེན་ནས་ཁུལ་དར་དམངས་ཕྱུག་གི་ལས་གཞི་ལག་བསྟར་བྱས་ནས་ཐོན་ལས་རུབ་སྡུད་དང་། མཉམ་འགུལ། མཉམ་འདྲེས་བཅས་བྱེད་པར་ཤུགས་སྣོན་བརྒྱབ་ཐོག ཁྱད་ལྡན་དགེ་སྟོབས་ལྡན་པའི་ཐོན་ལས་དེ“དམིགས་ས་མཐོ་བ་དང་། གཞི་ཁྱོན་ཅན། འཁོར་འབྲེལ་རིང་བ”བཅས་ཀྱི་ཕྱོགས་སུ་གོང་འཕེལ་བཏང་ནས་གཞན་ལས་དགེ་མཚན་ཆེ་བ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་གྲགས་རྟགས་སྐྱོང་སྤེལ་བྱ་རྒྱུ།

    ལེའུ་ཉི་ཤུ་པ། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ཞིང་འབྲོག་ལས་ཀྱི་ཐོན་ཁུངས་དང་མཐུན་རྐྱེན་ལ་གཞི་བཅོལ་ནས་ཐོན་ལས་ཀྱི་གྲུབ་ཆ་དང་ཁྱབ་བཀོད་ལེགས་སྒྱུར་བྱ་རྒྱུ་དང་། ཞིང་འབྲོག་ཐོན་སྐྱེད་གཉེར་སྐྱོང་བྱ་རྒྱུ་དེ་ཆེད་ལས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་། ཁྲོམ་རའི་འགྲན་རྩོད་ནུས་པ། རྒྱུན་མཐུད་གོང་འཕེལ་གཏོང་ནུས་བཅས་ཆེ་རུ་བཏང་ཐོག ཞིང་འབྲོག་ལས་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་གཏོད་རྒྱུ།

    ས་བཅད་དང་པོ། ཞིང་འབྲོག་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ།

    ཞིང་འབྲོག་ལས་ཐོན་སྐྱེད་བྱེད་པའི་ཁུལ་ཁོངས་ཁྱབ་བཀོད་བྱས་ནས་དེང་རབས་ཞིང་འབྲོག་ལས་ཀྱི་དཔེ་སྟོན་ཁུལ་དང་། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ནགས་གསུམ་ཐོན་རྫས་ཀྱི་རྟེན་གཞི་དང་ཐོན་ལས་དར་ཁུལ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དང་། ཞིང་ནང་ཆུ་བེད་དང་། ཚད་གཞི་མཐོ་བའི་ཞིང་ཁ། ཐོན་ཚད་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད། ས་བོན་ལས་གཞི། སྒྲིག་བཀོད་ཞིང་ལས་བཅས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། གཙོ་བོ་ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་དང་འབྲུ་རིགས་ཉེན་མེད་ཐོན་སྐྱེད་ལ་འགན་སྲུང་བྱ་རྒྱུ་དང་ལྷག་པར་དུ་ནས་ཉེན་མེད་ཐོན་སྐྱེད་དང་། འབྲུ་རིགས། སྔོ་ཚལ། ཤ འོ་མ་བཅས་ཀྱི་ཐོན་ཚད་ཀྲོན་ཁྲི་100ཡན་ཟིན་པ་བྱ་རྒྱུ། ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཞིང་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་གཏོང་རྒྱུ། འབྲུ་འབྱོར་གཟན་གསུམ་གྱི་གྲུབ་ཆ་ལེགས་སྒྱུར་བྱས་ཏེ། སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་བཟོ་ལས་རྒྱུ་ཆའི་ལོ་ཏོག་ཐོན་སྐྱེད་བྱ་རྒྱུ་བརྟན་པོའི་ངང་གོང་འཕེལ་གཏོང་རྒྱུ། འོད་དྲོད་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ནས་དེང་རབས་ཀྱི་འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་འཚོལ་ཞིབ་དང་གོང་འཕེལ་ཧུར་ཐག་གཏོང་རྒྱུ། སྲོག་ཆགས་ཀྱི་རིམས་འགོག་ཆེད་སྤྱོད་སྒྲིག་བཀོད་དང་། གཟན་རྩྭ་འདེབས་པའི་རྟེན་གཞི། ཕྱུགས་ལྷས་སོགས་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐོག སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་འགྱུར་ལྡོག་གང་མགྱོགས་གཏོང་རྒྱུ། འབྲི་གཡག་དང་། བོད་ཀྱི་ཡུལ་ལུག བོད་ཕག་སོགས་ཁྱད་ལྡན་ཕྱུགས་ཟོག་དང་བྱ་རིགས་ཚད་ལྡན་གཞི་ཁྱོན་ཅན་གྱི་གསོ་ཚགས་ལག་རྩལ་ཁྱབ་གདལ་གཏོང་རྒྱུ། ཕྱུགས་ཟོག་འཚོ་བ་དང་གཟན་ཆག་ཁ་གསབ་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག དུས་ཐུང་རྒྱགས་གསོ་བྱ་རྒྱུ་གཙོ་བོར་བྱས་ཏེ་ཕྱུགས་ཟོག་བཤས་གཏོང་ཚད་མཐོ་རུ་གཏོང་རྒྱུ། ཞིང་ཁུལ་གྱི་ཕྱུགས་ལས་གོང་འཕེལ་གཏོང་རྒྱུ་དང་། ཞིང་ཁུལ་དང་འབྲོག་ཁུལ་གྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་རྒྱུ། སོན་རྒྱུད་ཐོན་ཁུངས་སྲུང་སྐྱོབ་དང་ཐོན་འབྱེད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཕྱུགས་ཟོག་གི་རྒྱུད་བཟང་འདེམས་གསོ་ཁྱབ་གདལ་དང་ཞིང་ལས་ཐོན་རྫས་ཀྱི་སོན་རྒྱུ་གསར་པ་ཞིབ་འཇུག་ཐོན་འབྱེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག སོན་བཟང་རིགས་ཁེབས་རྒྱ་ཆེ་རུ་གཏོང་རྒྱུ་དང་། སྟར་ཀ་དང་། ཀུ་ཤུ། རྒུན་འབྲུམ་སོགས་ཤིང་འབྲས་རིགས་དང་། ཤིང་སོན། སྐྱེ་དངོས་སྨན་རྒྱུ་བཅས་འདེབས་རྒྱ་ཆེ་རུ་གཏོང་རྒྱུ། སོན་བཟང་རྟེན་གཞི་དང་ཤིང་སྣུམ་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། ཞིང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ཀྱི་གོང་འཕེལ་གཏོང་རྒྱུ། ནས་དང་། བྲ་བོ། ཞོག་ཁོག ནགས་འོག་ཐོན་ཁུངས། ཤ་རིགས་ཐོན་རྫས། དཀར་ཆུ་སོགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཞིབ་ཚགས་བྱ་རྒྱུ་གཙོ་གནད་དུ་དམ་འཛིན་བྱ་རྒྱུ། དབྱར་རྩྭ་དགུན་འབུ་དང་། སྲོ་ལོ་དམར་པོ། ཇ། མཱ་ཁཱ་སོགས་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཀྱི་ལུས་ཁམས་འཕྲོད་སྦྱོར་ཐོན་རྫས་བཟོ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ས་མཐོའི་ཁྱད་ལྡན་བཟའ་བཅའ་དང་བཏུང་བྱའི་ལས་རིགས་གོང་འཕེལ་གཏོང་རྒྱུ་དང་། ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་རིང་དུ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་ཟུར་བསྣན་རིན་ཐང་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཞིང་འབྲོག་ལས་རྩ་འཛུགས་ཅན་དུ་སྒྱུར་ཚད་མཐོ་རུ་གཏོང་རྒྱུ།

    ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་ཞིང་འབྲོག་པའི་གཙོ་རྐང་གནས་བབ་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དང་། ཞིང་འབྲོག་ལས་ཐོན་སྐྱེད་གཉེར་སྐྱོང་གི་གཙོ་རྐང་གསར་པ་གསོ་སྐྱོང་དང་སྟོབས་ཆེར་གཏོང་རྒྱུའི་ཐོག ཞིང་འབྲོག་པས་ཁྲིམས་ལྟར་བྱེད་སྟངས་སྣ་ཚོགས་སྤྱད་ནས་ས་ཞིང་དང་རྩྭ་ར་སོགས་ཐོན་སྐྱེད་གཙོ་རྒྱུ་དེ་འདེབས་གསོའི་དུད་ཁྱིམ་ཆེ་རིགས་དང་ཁྱིམ་ཚང་ཞིང་ར་སོགས་ལ་བརྒྱུད་བཤུག་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། གཞི་ཁྱོན་འོས་འཚམ་ཡོད་པའི་གཉེར་སྐྱོང་གོང་འཕེལ་གཏོང་རྒྱུ། ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་གཉེར་དཔལ་འབྱོར་རྩ་འཛུགས་སྐྱོང་སྤེལ་ཤུགས་ཆེ་བྱ་རྒྱུ་དང་། ཚད་ལྡན་གྱི་སྒོ་ནས་དོ་དམ་དང་འཁོར་སྐྱོད་ལ་སྣེ་ཁྲིད་བྱ་རྒྱུ། “ཀུང་སི+མཉམ་ལས་རྩ་འཛུགས+ཞིང་འབྲོག་དུད་ཁྱིམ”དང་“ཀུང་སི+རྟེན་གཞི+ཞིང་འབྲོག་དུད་ཁྱིམ”སོགས་ཀྱི་བྱེད་སྟངས་སྤྱད་ནས་མངགས་ཉོའི་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། འགྱུར་རྟེན་སྤྲོད་པ་དང་། མ་རྐང་ཞུགས་ནས་ཐོབ་ཆ་བགོ་བ། ཁེ་བཟང་ཕྱིར་སློག་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་རང་མོས་འདྲ་མཉམ་དང་། ཁེ་ཕན་མཉམ་སྤྱོད། ཉེན་ཁ་མཉམ་འཁུར་བཅས་ཀྱི་མཉམ་སྦྲེལ་ལམ་སྲོལ་འཛུགས་རྒྱུ།

    ས་བཅད་གསུམ་པ། ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཞིང་ཕྱུགས་ཐོན་རྫས་ཀྱི་བསྡུ་གསོག་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་ཁྲོམ་རའི་ཁྱབ་བཀོད་ལེགས་སྒྱུར་བྱས་ནས་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་སྐྱེད་འཁོར་རྒྱུག་རྩ་འཛུགས་ཅན་དུ་གྱུར་ཚད་མཐོ་རུ་གཏོང་རྒྱུ་དང་། ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་བྱེད་པའི་ཐོག་མའི་འགག་གནད་ཡག་པོ་འཛིན་རྒྱུ། གློག་རྡུལ་ཚོང་དོན་སྟེགས་བུ་དང་ཞིང་ཕྱུགས་ཐོན་རྫས་ཀྱི་འཁོར་རྒྱུག་ཕན་ཚུན་སྦྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་རྒྱུ། མངགས་ཉོའི་ཐད་འཚོང་དང་རྒྱུད་འབྲེལ་སྐྱེལ་འདྲེན་སོགས་ཀྱི་འཁོར་རྒྱུག་བྱེད་ལམ་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། དྲ་ཐོག་གི་ཆ་འཕྲིན་ཐོན་ཁུངས་དང་། དྲ་ཕྱིའི་ཞིང་འབྲོག་ཆེད་ལས་རྩ་འཛུགས་དང་ཞིང་ཕྱུགས་ཐོན་རྫས་སྡེབ་འཚོང་ཁྲོམ་ར་སོགས་དངོས་གཞིའི་ཐོན་ཁུངས་སྒྲིལ་སྤྱོད་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་དང་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་རྒྱུ། ཞིང་ལས་ཐོན་རྫས་སོས་པ་འདྲེན་ལམ་བཤངས་ནས་ཞིང་ཕྱུགས་ཐོན་རྫས་གྲང་ཕྲེང་ཟོག་འདྲེན་བྱ་རྒྱུ་གོང་འཕེལ་གཏོང་རྒྱུ། ག་སྦྱར་རོགས་སྐྱོར་གྱི་བཟང་ཆ་འདོན་སྤེལ་གྱིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ནང་སར་ཚོང་སྒྱུར་བྱེད་ལམ་རྒྱ་ཆེ་རུ་བཏང་ནས“ནང་སར་ཞིབ་འཇུག་གསར་སྤེལ་དང་། བོད་ནས་ཐོན་སྐྱེད། ལྗོངས་ཕྱི་རོལ་དུ་ཚོང་སྒྱུར”བཅས་མཉམ་སྦྲགས་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུ། “འབྲུ་རིགས་ཉེན་མེད་ལས་གཞི”ལག་བསྟར་བྱས་ཏེ། དེང་རབས་ཀྱི་འབྲུ་རིགས་འཁོར་རྒྱུག་མ་ལག་བཙུགས་ནས་འབྲུ་རིགས་གཏན་འཇགས་ངང་མཁོ་སྤྲོད་བྱ་རྒྱུར་འགན་སྲུང་བྱ་རྒྱུ།

    ས་བཅད་བཞི་པ། ཞིང་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ་དང་། སྲོག་ཆགས་རྩི་ཤིང་གི་རིམས་འགོག ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་འཇལ་དང་ལྟ་འདོམས་སོགས་གྲོང་གསེབ་ཞབས་ཞུའི་ཚན་པ་ལ་བརྟེན་ནས་ཁྲོམ་རའི་རྣམ་པའི་འཁོར་སྐྱོད་བྱེད་ལམ་དྲངས་ཏེ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུ་དང་ཚོང་གཉེར་རང་བཞིན་གྱི་ཞབས་ཞུ་ཕན་ཚུན་ཟུང་འབྲེལ་དང་། ཆེད་དམིགས་ཞབས་ཞུ་དང་ཕྱོགས་བསྡུས་ཞབས་ཞུ་ཕན་ཚུན་མཐུན་སྦྱོར་བྱེད་པའི་ཞིང་འབྲོག་ལས་ཀྱི་ཞབས་ཞུའི་མ་ལག་གསར་པ་གོང་འཕེལ་གཏོང་རྒྱུ་དང་། ཚན་རྩལ་དང་། ཞིང་འབྲོག ཆུ་བེད། ནགས་ལས། དབུལ་སྐྱོར། གནམ་གཤིས་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་ཤང་གྲོང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ། ཞིང་འབྲོག་ཚན་རྩལ་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཞིང་ལས་མཁོ་ཆས་མཁོ་སྤྲོད་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཞིང་འབྲོག་པའི་མཉམ་ལས་ཁང་དང་། ཆེད་ལས་ཞབས་ཞུ་ཀུང་སི། ཆེད་ལས་ལག་རྩལ་མཐུན་ཚོགས། ཞིང་འབྲོག་པའི་ཉོ་ཚོང་བར་མི། ཞིང་འབྲེལ་ཁེ་ལས་སོགས་ཀྱིས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པར་སྟབས་བདེ་ལ་ཕྱོགས་མཐའ་ཀུན་གྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཞིང་འབྲོག་ཚན་རྩལ་གཤམ་སྤེལ་བྱེད་སྒོ་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུའི་ཐོག ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་གདལ་གཏོང་ཚད་ཆེ་རུ་གཏོང་རྒྱུ། ཞིང་འབྲོག་པའི་ཚན་རྩལ་སྦྱོང་བརྡར་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆེད་ལས་ཞིང་འབྲོག་པ་གསར་པ་དང་ཞིང་འབྲོག་ཁུལ་གྱི་གོ་ཆོད་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ།

    ས་བཅད་ལྔ་པ། དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ཞིང་འབྲོག་ཁུལ་གྱི་དངུལ་རྩའི་དྲ་ཚིགས་དང་ཞིང་སྐྱོར་དངུལ་ལེན་ས་ཚིགས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དང་། མགྱོགས་ལ་སྤུས་དག་པོའི་ཞིང་འབྲོག་ཁུལ་གྱི་དངུལ་བཅོལ་ལེན་དང་གཏོང་སྤྲོད་ཞབས་ཞུ་འཐུས་ཚང་འཛུགས་པ་དང་། དངུལ་སྨར་མིན་པའི་གཏོང་སྤྲོད་ཡོ་བྱད་ཀྱི་རིགས་ཕུན་སུམ་ཚོགས་སུ་གཏོང་རྒྱུ། དངུལ་རྩའི་ཚན་པ་མེད་པའི་ཤང་གྲོང་ལ་དངུལ་རྩའི་ཞབས་ཞུ་ཇེ་ལེགས་སུ་གཏོང་རྒྱུ། གྲོང་གསེབ་གྲོང་རྡལ་གྱི་དངུལ་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དངུལ་རྩའི་ཞབས་ཞུ་ཁྱོན་ཡོངས་སུ་ཁེབས་པ་བྱ་རྒྱུ། ཞིང་འབྲེལ་ཡིད་རྟོན་དངུལ་བུན་གཏོང་འཇོག་མང་དུ་གཏོང་རྒྱུ་དང་། ཞིང་འབྲོག་པའི་དངུལ་བུན་ཡིད་རྟོན་ཁག་ཐེག་མ་ལག་རིམ་བཞིན་འཛུགས་རྒྱུ། ཞིང་འབྲེལ་ཁེ་ལས་ཀྱི་ཡིད་རྟོན་ཁག་ཐེག་བྱེད་ལམ་གསར་གཏོད་བྱ་རྒྱུ། མ་གནས་ཆུང་ལ་རྒྱུན་མཐུད་ཐུབ་པའི་ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཐོན་རྫས་ཞིབ་འཇུག་མཁོ་སྤྲོད་བྱས་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་མང་ཚོགས་ལ་དངུལ་བུན་གཏོང་ཚད་མང་དུ་གཏོང་རྒྱུ། ཞིང་འབྲེལ་འགན་བཅོལ་ལས་སྒོ་བརྟན་པོའི་ངང་གོང་འཕེལ་བཏང་ནས་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་དང་ཞིང་ལས་ཀྱི་འགན་བཅོལ་བསྐྱར་མ་སྤེལ་རྒྱུ་དང་གསར་དར་གྱི་ཞིང་འབྲོག་ལས་གཉེར་སྐྱོང་གཙོ་རྐང་གི་དགོས་མཁོ་དང་འཚམ་པའི་འགན་བཅོལ་གྱི་རིགས་གསར་པ་བཟོ་རྒྱུ། ཆ་རྐྱེན་འཛོམས་པའི་དངུལ་རྩའི་ཚན་པས“ཞིང་གསུམ”དངུལ་རྩའི་དངུལ་བུན་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།

    1.jpg

    ལེའུ་ཉེར་གཅིག་པ། དགེ་སྟོབས་ཆེ་བའི་ཐོན་ལས་གཉིས་པ་གོང་འཕེལ་གཏོང་རྒྱུ།

    གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་སྟོབས་མངོན་གསལ་དོད་པ་དང་། ཁྲོམ་རའི་མདུན་ལམ་བཟང་བ། སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་མཐུན་པ་བཅས་ཀྱི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་གང་མགྱོགས་བསྒྱུར་ནས་རང་ངོས་གོང་འཕེལ་འགྲོ་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ།

    དེ་ཡང་བོད་ཤར་རྒྱུད་ཀྱི“གཙང་གསུམ”རྒྱུག་ཁུལ་སོགས་ཀྱི་ཆུ་གློག་ཐོན་ཁུངས་ཐོན་འབྱེད་གང་མགྱོགས་བྱེད་དགོས་ཤིང་། འབྲི་ཆུའི་སོལ་བ་ལུང་དང་། རྫ་ཆུའི་རོང་སྨད། རྒྱལ་མོ་རྔུལ་ཆུའི་གསུང་མདའ་སོགས་ཀྱི་ཆུ་ཤུགས་གློག་ཁང་སྐྲུན་འགོ་འཛུགས་པ་དང་། སྐས་རིམ་གློག་ཁང་གསར་སྤེལ་གང་མགྱོགས་བྱས་ནས་རྒྱག་མུས་ཡིན་པའི་ཕྱིར་གཏོང་ཆུ་ཤུགས་གློག་ཁང་གི་གཞི་ཁྱོན་ཆན་ཝ་ཁྲི་1300ལས་བརྒལ་ཐུབ་པ་བྱ་རྒྱུ། ཉི་ནུས་དྲ་སྦྲེལ་འོད་ཤུགས་གློག་ཁང་གི་གློག་འདོན་གཞི་ཁྱོན་ཆན་ཝ་ཁྲི་100ཡན་ཟིན་པ་བྱ་རྒྱུ་དང་། ཉི་ནུས་འོད་ཤུགས་གློག་ཁང་གི་འཆར་འགོད་འཛུགས་སྐྲུན་གློག་འདོན་གཞི་ཁྱོན་ཆན་ཝ་ཁྲི་1000ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་གང་མགྱོགས་བསྐྲུན་ཐུབ་པ་བྱ་རྒྱུ། བོད་གློག་ཕྱིར་ཁྲིད་བྱེད་ལམ་གང་མགྱོགས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ། བོད་ལྗོངས་དང་། སི་ཁྲོན། ཁྲུང་ཆིང་བཅས་ཞིང(ལྗོངས)གསུམ་ལ་ཁེབས་པའི་ལྷོ་ནུབ་གློག་དྲ་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ནུས་རྒྱུ་གཙང་མ་གཞི་ཁྱོན་ལྡན་པའི་སྒོ་ནས་ཕྱིར་གཏོང་ཐུབ་པ་བྱས་ནས“ནུབ་གློག་ཤར་ཁྲིད”ཀྱི་འཕྲོ་སྐྱོང་རྟེན་གཞི་ཐོག་མའི་ཆ་ནས་བསྐྲུན་ཐུབ་པ་བྱ་རྒྱུ།

    ས་བཅད་གཉིས་པ། རང་བྱུང་འཐུང་ཆུའི་ཐོན་ལས་སྐྱོང་སྤེལ་སྟོབས་ཆེར་གཏོང་རྒྱུ།

    རང་བྱུང་འཐུང་ཆུའི་ཐོན་ཁུངས་ཚད་ཞིབ་གང་མགྱོགས་དང་ཐོན་ལས་ཁྱབ་བཀོད་ལུགས་མཐུན་བྱས་ནས་ཕོན་ཆེ་སྤུས་དག་གི་རང་བྱུང་འཐུང་ཆུའི་གཙོ་གནད་གསར་སྤེལ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ལྗོངས་ནང་ཁོངས་ཀྱི་རང་བྱུང་འཐུང་ཆུའི་ཁེ་ལས་སྒྲིལ་བཅོས་དང་སྐྱོང་སྤེལ་སྟོབས་ཆེར་གཏོང་རྒྱུ། ལྗོངས་ཕྱི་ནང་གི་ཁེ་ལས་དང་ལྷག་པར་དུ་ཀྲུང་དབྱང་ཁེ་ལས་དང་ཁེ་ལས་ཆེ་རིགས་ཉོ་སྒྲིལ་དང་། སྒྲིལ་བཅོས། བསྐྱར་སྒྲིག་སོགས་བྱས་ནས་ཁེ་ལས་ཚོགས་པ་ཆེ་གྲས་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རང་བྱུང་འཐུང་ཆུའི་ཐོན་ནུས་ཆེ་རུ་གཏོང་རྒྱུ་དང་། སྤུས་དག་ཉེན་མེད་དང་རྟགས་ལེགས་གོང་འཕེལ་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ། རང་བྱུང་འཐུང་ཆུ་ཐོན་སྐྱེད་བྱེད་པའི་བཟོ་རྩལ་སྒྲིག་ཆས་དང་། སྤུས་དག་ཉེན་མེད། ཁོར་ཡུག་སྲུང་སྐྱོབ། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ཚད་ལྡན་མ་ལག་བཟོས་ཏེ་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་ལྟ་སྡོམ་བྱ་རྒྱུ། ཁེ་ལས་ཀྱི་ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་བརྗེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་རྫས་ཞིབ་བཟོ་ཇུས་འགོད་དང་། ཕྱི་ཐུམ་རྒྱུ་ཆ་བཟོ་སྐྲུན། ཟོག་འདྲེན་བཀར་འཇོག བརྡ་ཁྱབ་དྲིལ་བསྒྲགས་སོགས་མཐུན་སྦྱོར་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ། ཁེ་ལས་ཀྱིས་ཁྲོམ་རའི་ཚོང་གཉེར་དྲ་རྒྱའི་མ་ལག་བསྐྲུན་རྒྱུར་ཁྲིད་སྟོན་བྱས་ཐོག སྤུས་ཚད་རྩེ་གྲ་དང་། སྐད་གྲགས་ཆོད་པ། བྲིན་ཁ་རྒྱུག་པ་བཅས་ཀྱི“བོད་ཀྱི་ཆུ་བཟང”གི་རྟགས་ལེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་གསུམ་པ། མི་རིགས་ཀྱི་ལག་ཤེས་བཟོ་ལས་སྒྱུར་བཀོད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་། ཡུལ་སྐོར་ལས་རིགས། རིག་གནས་ཐོན་ལས་བཅས་མཉམ་འདྲེས་གོང་འཕེལ་བཏང་ནས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་གོང་འཕེལ་ལམ་བུར་བསྐྱོད་རྒྱུ། ས་ཆ་སོ་སོའི་སྲོལ་རྒྱུན་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་དང་འཛད་སྤྱོད་ཀྱི་དགོས་མཁོ་དང་འཚམ་པ་བྱས་ནས་ཐང་ག་དང་། བོད་སྤོས། བོད་རུམ། ལྕགས་ཆས་བཟོ་སྣོན་སོགས་མི་རིགས་ལག་ཤེས་བཟོ་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ་དང་། ཁེ་ལས་དང་ལག་ཤེས་བཟོ་ལས་གཉེར་མཁན་གྱིས་ལག་རྩལ་སྒྱུར་བཀོད་བྱེད་པར་སྐུལ་ལྕག་བཏང་ཐོག རྩིས་འཁོར་གྱིས་གཞོགས་འདེགས་ཇུས་འགོད་དང་། ཚོས་གཞི་སྒྲིག་བཟོ། ཚོས་པར་རྒྱག་པ་སོགས་ཀྱི་སྔོན་ཐོན་ལག་རྩལ་སྤྱད་དེ་བཟོ་རྩལ་སྒྲིག་ཆས་དང་། ཐོན་རྫས་ཀྱི་ཇུས་འགོད། ནུས་འབྲས། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ལག་ཤེས་ཐོན་རྫས་ཀྱི་ལག་རྩལ་ཚད་གཞི་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ལག་ཤེས་ཐོན་རྫས་ཀྱི་ཁྲོམ་ར་ཚད་ལྡན་དུ་གཏོང་རྒྱུ། ལག་ཤེས་བཟོ་ལས་པའི་རྒྱུན་འཛིན་དཔུང་ཁག་ཁག་ཅིག་ཤེས་རྟོགས་དང་གསོ་སྐྱོང་བྱ་རྒྱུ་དང་། མི་རིགས་ལག་ཤེས་བཟོ་ལས་མཁས་པས་རྒྱལ་ཁབ་རིམ་པའི་བཟོ་རྩལ་དང་མཛེས་རྩལ་མཁས་པའི་གྲས་སུ་རེ་ཞུ་ཧུར་ཐག་བྱ་རྒྱུ་དང་། རང་སྐྱོང་ལྗོངས་རིམ་པའི་བཟོ་རྩལ་དང་མཛེས་རྩལ་མཁས་དབང་དཔྱད་འདེམས་ཀྱི་བྱེད་སྒོ་སྤེལ་རྒྱུ།

    ས་བཅད་བཞི་པ། གསར་གཏོད་ལ་བརྟེན་ནས་བོད་སྨན་ཐོན་ལས་གོང་འཕེལ་གཏོང་རྒྱུ།

    རྒྱུན་འཛིན་དང་གསར་གཏོད་གལ་ཆེ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་རིམ་པའི་བོད་སྨན་གྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། བོད་སྨན་གྱི་སྨན་ལུགས་ནད་ཐོག་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་སྨན་ནད་ཐོག་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། བོད་སྨན་ཐོན་ལས་ཀྱི་ཤེས་རྩལ་འཛོམས་པའི་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་སྨན་སྨན་པའི་འོས་ཐོབ་ཡིག་རྒྱུགས་ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུ། བོད་སྨན་གྱི་ཚད་གཞིའི་མ་ལག་དང་ཞིབ་དཔྱད་ཚད་འཇལ་མ་ལག་འཐུས་ཚང་དུ་བཏང་ཐོག པར་གཞི་གསར་པའི་སྨན་རྫས་ཐོན་སྐྱེད་སྤུས་ཚད་དོ་དམ་ཚད་གཞི(GMP)ལག་བསྟར་ནན་པོ་བྱ་རྒྱུ། རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་དཀར་ཆག་ནང་བོད་སྨན་གྱི་རིགས་སྣ་དང་གྲངས་འབོར་མང་དུ་གཏོང་རྒྱུ། བོད་སྨན་གྱི་སྨན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་མ་ལག་བཟོས་ནས་བོད་སྨན་སྨན་རྒྱུ་འདེབས་འཛུགས་དང་བཟོ་སྣོན་བྱེད་པའི་ལག་རྩལ་སྐྱོང་སྤེལ་དང་རྒྱུན་འཛིན་བྱ་རྒྱུ། སྟོངས་ཉེའི་བོད་སྨན་སྨན་རྒྱུའི་དེང་རབས་ཀྱི་གསོ་སྤེལ་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཕོན་ཆེའི་སྨན་རྒྱུ་དང་། སྨན་རྒྱུ་དཀོན་རིགས། སྟོངས་ཉེའི་བོད་སྨན་སྨན་རྒྱུ་བཅས་ཀྱི་གསོ་སྤེལ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ། བོད་སྨན་ཁེ་ལས་ཟླ་སྒྲིལ་དང་། བསྐྱར་སྒྲིག མཉམ་འབྲེལ་བཅས་བྱ་རྒྱུར་སྐུལ་ལྕག་བཏང་ཐོག དེང་རབས་ཀྱི་ཚོང་གཉེར་ཐབས་རྣམ་ནང་འདྲེན་བྱས་ནས་བོད་སྨན་གྱི་དེང་རབས་ཐོན་སྐྱེད་ལག་རྩལ་གོང་འཕེལ་ཧུར་ཐག་གཏོང་རྒྱུ། བོད་སྨན་འདུལ་སྦྱོང་ཚད་ལྡན་དང་། གཞི་ཁྱོན་ཅན། ཞིབ་ལས་ཅན་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ལྗོངས་ཕྱི་ནང་གི་ཁྲོམ་ར་གསར་སྤེལ་བྱ་རྒྱུ། བོད་སྨན་གྱི་གྲགས་རྟགས་གཏོད་རྒྱུ།

    ས་བཅད་ལྔ་པ། ཨར་སྐྲུན་རྒྱུ་ཆ་གསར་པ་དང་གཏེར་ལས་གོ་རིམ་ལྡན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུ།

    རྨང་གཞིའི་ས་གཤིས་དང་གཏེར་ལས་རྩད་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གལ་ཆེའི་འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། གཏེར་ལས་གསར་སྤེལ་གྱི་ལྡོག་ཕྱོགས་གསལ་ཐོའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ། ལེགས་ཆ་ཆེ་བའི་གཏེར་ལས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་ཇེ་མགྱོགས་སུ་བཏང་ནས་འབྱུང་འཕྲོད་དང་། ཉེན་མེད། ཞི་མཐུན་བཅས་ཀྱི་གཏེར་ཁ་འཛུགས་སྐྲུན་བྱ་རྒྱུ། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་དགོས་ཤིང་། གྱང་རྩིག་རྒྱུ་ཆ་གསར་པ་བེད་སྤྱོད་དཔེ་སྟོན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཐོན་ནུས་ཐད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་སྐྱེད་བཟོ་རྩལ་རྗེས་ལུས་ཅན་གྲལ་ཕུད་གཏོང་རྒྱུ། སྐམ་བསྲེག་ཨར་འདམ་གསར་པ་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། ཨར་སྐྲུན་ལས་རིགས་ཕྱོགས་བསྒྱུར་རིམ་སྤར་བྱས་ཐོག ལས་གྲྭའི་རྣམ་གྲངས་ཀྱི་སྤྱི་ཡོངས་འགན་གཙང་ལམ་ལུགས་ཁྱབ་སྤེལ་ཤུགས་ཆེ་བཏང་ནས་རྒྱལ་ནང་གི་ཨར་སྐྲུན་ཁེ་ལས་ཆེ་གྲས་དང་མ་རྩ་མཉམ་འཇོག་དང་། མཉམ་ལས། མཉམ་གཉེར་བཅས་བྱ་རྒྱུར་སྐུལ་ལྕག་གཏོང་རྒྱུ། ཨར་སྐྲུན་ཁེ་ལས་ཀྱི་སྟོབས་ཤུགས་དང་འགྲན་རྩོད་ནུས་པ་མཐོ་རུ་གཏོང་རྒྱུ།

    2.jpg

    ལེའུ་ཉེར་གཉིས་པ། ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ཡུལ་སྐོར་ལས་རིགས་དེ་དཔལ་འབྱོར་གོང་འཕེལ་གཏོང་བའི་གཙོ་ཁྲིད་ཐོན་ལས་ཞིག་ཏུ་སྐྱོང་སྤེལ་བྱས་ནས་ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ། རིག་གནས་དང་། དངུལ་རྩ། ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་ཧུར་ཐག་བཏང་ནས་འཚོ་བའི་ཞབས་ཞུའི་ལས་རིགས་སྟབས་བདེ་ཅན་དང་སྤུས་དག་ཅན་དུ་འགྱུར་བ་བྱས་ཐོག་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཐོག་ནས་ཐོན་ལས་དང་པོ་དང་གཉིས་པར་འདེགས་སྐྱོར་བྱེད་པའི་ནུས་པ་ཤུགས་ཆེར་བཏང་ནས་ཞབས་ཞུའི་ལས་རིགས་སྤུས་ཀ་དག་ཅིང་ཕན་ནུས་ཆེ་བའི་ངང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་སྤུས་ཀ་ལེགས་སུ་གཏོང་རྒྱུ།

    “ཁྱད་ལྡན་དང་། རྩེ་སོན། སྤུས་དག”བཅས་ཀྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ་ཁྱད་ལྡན་འབུར་ཐོན་དང་། བྱེད་ནུས་ཆ་ཚང་བ། རྒྱལ་སྤྱིའི་ཚད་གཞི་ལྡན་པ། མཉམ་འདྲེས་གོང་འཕེལ་བཅས་ཀྱི“ཡུལ་སྐོར་ཕྱོགས་སྒྱུར་རིམ་སྤོར”ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ། ཡུལ་སྐོར་ལས་རིགས་དེ་གྲངས་ཚད་མང་གཏོང་ནས་སྤུས་ཚད་དང་ཕན་འབྲས་ལ་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་སྤེལ་བཏང་ནས་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་སྐྲུན་རྒྱུ། ཡུལ་སྐོར་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་ཆ་རྐྱེན་ཡོད་པའི་ཡུལ་སྐོར་གནས་ལྗོངས་སྐྲུན་རྒྱུ་དང་། ནགས་ཚལ་དང་རླན་ས་སོགས་འབྱུང་ཁམས་ཡུལ་སྐོར་གོང་འཕེལ་ཧུར་ཐག་གཏོང་རྒྱུ། གྲོང་གསེབ་ཡུལ་སྐོར་གོང་འཕེལ་ལ་རོགས་སྐྱོར་བྱས་ནས་ཡུལ་སྐོར་འགྲོ་ལམ་ཡག་ཤོས་གཏོད་རྒྱུ་དང་སྙན་གྲགས་ཆེ་བའི་ཡུལ་སྐོར་གྲགས་རྟགས་བཟོ་རྒྱུ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་ཡུལ་སྐོར་ཆ་འཕྲིན་ཅན་དུ་གོང་འཕེལ་གཏོང་རྒྱུ་དང་། “ཤར་གཏོང་ལྔ་དང་ཡོད་པ་གཉིས”ཀྱི་ལས་གྲྭ་ལག་བསྟར་བྱས་ཏེ་ཡུལ་སྐོར་འགྲིམ་འགྲུལ་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་ནས་འགོག་རྐྱེན་མེད་པའི་ཡུལ་སྐོར་ཁུལ་གཏོད་རྒྱུ། རྒྱལ་སྤྱིའི་ཡུལ་སྐོར་ཁྲོམ་རའི་ཞབས་ཞུའི་ཚད་གཞི་དང་འབྲེལ་མཐུད་བྱས་ཏེ་རྒྱལ་སྤྱིའི་འགྲོ་སྲོལ་དང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་ཡུལ་སྐོར་ཞབས་ཞུའི་ཚད་གཞི་དང་ཡུལ་སྐོར་ཁྲིམས་སྲོལ་གང་མགྱོགས་བཟོས་ནས་ཡུལ་སྐོར་གྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ། ཡུལ་སྐོར་བདེ་འཇགས་ཉེན་བརྡ་དང་། ཡུལ་སྐོར་གྱི་འཕྲལ་སྡོམ་རོགས་སྐྱོབ། སྨན་བཅོས་སྐྱོབ་རོགས་སོགས་བདེ་འཇགས་འགན་སྲུང་མ་ལག་ཚགས་ཚུད་དུ་གཏོང་རྒྱུ། ཡུལ་སྐོར་ཆེ་མོའི་ལྟ་བ་བཙུགས་ནས་ཆ་ལག་ཚང་བའི“ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། སྤྲོ་གསེང”བཅས་གཙོ་རྒྱུའི་མ་ལག་འཛུགས་རྒྱུ་དང་། ཡུལ་སྐོར་ལས་རིགས་དང་ཐོན་ལས་གཞན་དག་མཉམ་འདྲེས་ཐོག་གོང་འཕེལ་བཏང་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མི་ཐེངས་གྲངས་ཁྲི་3000བརྩོན་ལེན་བྱ་རྒྱུ།

    3.jpg

    ས་བཅད་གཉིས་པ། རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ།

    ཁྱད་ལྡན་ཅན་དང་དབྱེ་བ་ཅན་མཐའ་འཁྱོངས་ཀྱིས་ས་གནས་ཁག་གིས་སོ་སོའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་གྲུབ་ཆ་ལུགས་མཐུན་དང་། སྣ་ཁ་འཛོམས་པ། འགྲན་ཤུགས་ཆེ་བའི་ཁྱད་ལྡན་རིག་གནས་ཐོན་ལས་མ་ལག་འཛུགས་སྤེལ་ཤུགས་ཆེ་བྱ་རྒྱུ། རིག་གནས་ཐོན་ལས་དེ་ཡུལ་སྐོར་དང་། ལུས་རྩལ། ཨར་སྐྲུན། མི་རིགས་ལག་ཤེས་བཟོ་ལས་སོགས་དང་མཉམ་འདྲེས་ཐོག་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་ནས་རིགས་མི་འདྲ་བའི་ཐོན་ལས་ཐོན་རྫས་ཁྲོད་ཀྱི་བོད་ཀྱི་རིག་གནས་གཞི་རྒྱུ་ཟབ་སྤེལ་བྱ་རྒྱུ། དེང་རབས་ཚན་རྩལ་སྤྱོད་རྒྱུར་རྒྱབ་སྐྱོར་བྱས་ཏེ“མཉམ་སྦྲེལ་དྲ་རྒྱ་+བོད་ཀྱི་རིག་གནས”ལས་གཞི་ལག་བསྟར་བྱས་ནས་སྲོལ་རྒྱུན་རིག་གནས་ཐོན་ལས་གསར་གཏོད་ལ་སྐུལ་སྤེལ་གང་མགྱོགས་བྱ་རྒྱུ་དང་། རིག་གནས་ཐོན་རྫས་ཀྱི་བློ་གསར་ཇུས་འགོད་དང་གྲངས་འཛིན་སྒྲིག་བཟོ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་ཀྱི“ཁྱད”“གསར”“ལེགས”གསུམ་གྱི་རིག་གནས་ཐོན་རྫས་གསར་གཏོད་བྱ་རྒྱུ། ཀོ་ཕིག་དང་། རྩེད་མོ། དྲ་རྒྱའི་རིག་གནས་སོགས་གསར་དར་རིག་གནས་ལས་རྣམ་འཛུགས་སྐྱོང་བྱ་རྒྱུ། རིག་གནས་ཁྲོམ་རའི་གཙོ་རྐང་འཛུགས་སྐྱོང་དང་རིག་གནས་ཀྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་རིག་གནས་ཁེ་ལས་མ་འཇོག་གི་གཙོ་རྐང་སྣ་མང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རིག་གནས་ཐོན་ལས་ལས་རིགས་ཀྱི་རྩ་འཛུགས་འཛུགས་པ་དང་ཚགས་ཚུད་དུ་བཏང་ནས་རིག་གནས་ཀྱི་སྣེ་འདྲེན་ཁེ་ལས་གོང་འཕེལ་སྟོབས་ཆེར་གཏོང་རྒྱུ། རིག་གནས་ཀྱི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྣེ་ཁྲིད་བྱས་ཏེ་དུས་ཆེན་གུང་གསེང་དང་དུས་ཆེན་བྱེད་སྒོའི་རིག་གནས་ཀྱི་དོན་སྤྱི་སྔོག་འདོན་གྱིས་རིག་གནས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་ཡག་པོ་སྤེལ་རྒྱུ། རིག་གནས་ཐོན་ལས“ཕྱིར་སྐྱོད”བྱེད་ཤུགས་ཆེ་རུ་བཏང་ཐོག ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་གྲགས་རྟགས་ཁས་ལེན་དཔང་འདོན་དང་འགྲེམས་བསྒྲགས་ལམ་སྲོལ་བཟོས་ནས་ཁྱད་ལྡན་རིག་གནས་ཐོན་རྫས་ཚོང་གཉེར་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ལྗོངས་ནང་ཁུལ་གྱི་རིག་གནས་ཁེ་ལས་བྱ་གཞག་ཚན་པ་དང་ནང་སའི་རིག་གནས་ཁེ་ལས་ཆེ་རིགས་མཉམ་ལས་བྱ་རྒྱུར་སྐུལ་མ་བཏང་སྟེ་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུ། རིག་གནས་ཐོན་ལས་རྟེན་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཐོན་ལས་ཁྱབ་བཀོད་ལེགས་སྒྱུར་གྱིས་བོད་ཆཱང་དབྱི་གསུམ་གྱི་རིག་གནས་ཐོན་ལས་བར་ཁྱམས་ཧུར་ཐག་སྐྲུན་རྒྱུ།

    ས་བཅད་གསུམ་པ། དངུལ་རྩའི་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་རྒྱུ།

    རྒྱལ་ཁབ་ཀྱིས་བོད་ལ་གཟིགས་སྐྱོང་བྱེད་པའི་དངུལ་རྩའི་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱ་རྒྱུ། དངུལ་རྩའི་ལས་ཁུངས་དང་ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་བོད་དུ་དངུལ་རྩའི་ཡན་ལག་དང་ཉིང་ལག་ལས་ཁུངས་འཛུགས་པའམ་ཡང་ན་དངུལ་ཁང་དང་། དངུལ་འཛིན། འགན་བཅོལ། ཐེབས་རྩ། མ་དངུལ་བསྡུ་རྒྱུག་ཁག་ཐེག དངུལ་རྩའི་བོགས་གཏོང་ཀུང་སི་སོགས་རིགས་མི་འདྲ་བའི་དངུལ་རྩའི་ལས་ཁུངས་འཛུགས་འགོ་རྩོམ་རྒྱུ། བོད་ལྗོངས་དངུལ་ཁང་ལ་རྒྱབ་སྐྱོར་བྱས་ཏེ་ལྗོངས་ཕྱིར་ཡན་ལག་ཉིང་ལག་ལས་ཁུངས་འཛུགས་པ་དང་། རྒྱུ་ནོར་འགན་བཅོལ་དང་ལུས་རྟེན་འགན་བཅོལ་གྱི་ས་གནས་རང་བཞིན་གྱི་ཁྲིམས་ཚན་ལས་ཁུངས་འཛུགས་པ། འབོར་ཆུང་དངུལ་བུན་ཀུང་སི་དང་། ཁག་ཐེག་ཀུང་སི། གཏའ་འཇོག་ཁང་། དེ་བཞིན་སྒེར་སློང་རྐང་དབང་ཀུང་སི་སོགས་དངུལ་རྩའི་ལས་ཁུངས་བརྟན་པོའི་ངང་གོང་འཕེལ་གཏོང་བ་བཅས་བྱ་རྒྱུ། ཕྱོགས་གསུམ་པའི་གཏོང་སྤྲོད་དང་མཉམ་སྦྲེལ་དྲ་བའི་དངུལ་རྩ་སོགས་ལས་རྣམ་གསར་པ་གོང་འཕེལ་ཧུར་ཐག་བཏང་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱ་རྒྱུ་དང་། འབྱུང་འཕྲོད་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། ཁེ་ལས་འབྲིང་ཆུང་ཕྲན་ཚེགས་གསུམ། དབུལ་ཕོངས་ས་ཁུལ་བཅས་ལ་དངུལ་རྩའི་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།མ་འཇོག་བྱེད་མཁན་མི་འདྲ་བ་དང་འཚམ་པའི་སྣ་མང་བུན་ལོར་སྣ་རིགས་གོང་འཕེལ་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲན་ཚེགས་ཀྱིས་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་མ་རྐང་ནང་བཤུག་མ་ལག་ལ་བརྟེན་ནས་མ་དངུལ་བསྡུ་རྒྱུག་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལས་ཁུངས་མ་འཇོག་མཁན་དང་སྒེར་སློང་ཁྲོམ་ར་འཛུགས་སྐྱོང་ཤུགས་ཆེ་བྱ་རྒྱུ། འགན་བཅོལ་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་རང་ལྗོངས་ཀྱི་གནས་ཚུལ་ལ་གཞིགས་པའི་དམིགས་བསལ་དགོས་མཁོ་སྐོང་ཐུབ་པའི་འགན་བཅོལ་ཐོན་རྫས་གསར་སྤེལ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། བོད་ཀྱི་དངུལ་རྩའི་ཡན་ལག་ཉིང་ལག་ལས་ཁུངས་ཀྱིས་ཁྱད་པར་ཅན་གྱི་ཡིད་རྟོན་དངུལ་བུན་དོ་དམ་བྱ་ཐབས་དང་གཅིག་པུར་ཞིབ་དཔྱད་བྱ་ཐབས་དོན་འཁྱོལ་ཡོང་བའི་སྐུལ་སྤེལ་གཏོང་རྒྱུ་དང་། བོད་དུ་ཡོད་པའི་དངུལ་རྩའི་ལས་ཁུངས་ཀྱིས་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་རྒྱུ།

    ས་བཅད་བཞི་པ། ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་མགྱོགས་པོ་གཏོང་རྒྱུ།

    ཚོང་དོན་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུ་དང་འཚམ་པའི་འཐུས་ཚང་ནུས་ཆེ་ཤར་གཏོང་དང་། མཐུན་སྦྱོར་ཚང་སྒྲིག འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དེང་རབས་ཚོང་དོན་ཟོག་འགྲེམས་ཞབས་ཞུའི་མ་ལག་འཛུགས་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ཚོང་ལས་དྲ་ཚིགས་ཀྱི་གྲུབ་ཆ་དང་ཁྱབ་བཀོད་ལེགས་སྒྱུར་བྱས་ཏེ་གྲོང་ཁྱེར་གྱི་དེང་རབས་ཟོག་འགྲེམས་ལྟེ་གནས་དང་སྤེལ་གཏོང་ལྟེ་གནས་གཅིག་གྱུར་འཆར་འགོད་ཐོག་འཛུགས་སྐྲུན་དང་བསྒྱུར་བཀོད་བྱས་ཐོག ལྷ་སའི་ཟོག་འགྲེམས་ལྟེ་བ་དང་། གཞིས་རྩེ་དང་། ཆབ་མདོ། ནག་ཆུ་བཅས་ཀྱི་ཁུལ་ཁོངས་རང་བཞིན་གྱི་ཟོག་འགྲེམས་ལྟེ་གནས་བཙུགས་ཏེ་འབོར་ཆེན་ཚོང་ཟོག་ཁུལ་ཁོངས་བརྒལ་ནས་གྲོང་སྦྲེལ་སྤེལ་གཏོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྲོང་རྡལ་གྱི་སྤེལ་གཏོང་དེ་ཚོང་དོན་ཞབས་ཞུའི་དྲ་ཚིགས་དང་ཡུལ་མིའི་སྡོད་གནས་ཁུལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ། དེང་རབས་ཀྱི་ཚོང་དོན་ཟོག་འགྲེམས་དེ་ཞིང་འབྲོག་ཁུལ་དུ་རྒྱ་སྐྱེད་དང་ཡོངས་ཁྱབ་གང་མགྱོགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་དེང་རབས་ཁོར་རྒྱུག་དྲ་རྒྱ་དང་། གྲོང་སྡེའི་ཚོང་ར། ཞིང་དུད་ཚོང་ཁང་བཅས་འཛུགས་རྒྱུ་དང“ཞིང་ཁྲོམ་ཐད་འབྲེལ”བྱ་རྒྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་རྒྱུན་མཁོའི་འཛད་སྤྱོད་དངོས་ཟོག་དང་ཞིང་སྤྱོད་རྒྱུ་ཆ་སྤེལ་གཏོང་ལྟེ་གནས་འཛུགས་རྒྱུ། ཨེ་ཤེ་ཡ་ལྷོ་མའི་སྒོ་དབྱེ་འགྲུལ་ལམ་གལ་ཆེན་ལ་བརྟེན་ནས་དངོས་ཟོག་གསོག་ཉར་དང་སྤེལ་གཏོང་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཟོག་འགྲེམས་ལས་རིགས་གོང་འཕེལ་ཧུར་ཐག་གཏོང་རྒྱུ། ཚོང་དོན་ཟོག་འགྲེམས་ཞབས་ཞུའི་གཙོ་རྐང་སྐྱོང་སྤེལ་ཧུར་ཐག་བྱས་ཐོག རིགས་འབྲེལ་ཁེ་ལས་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་ཆེ་རིགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། སྲོལ་རྒྱུན་གྱི་སྐྱེལ་འདྲེན་དང་བཀར་འཇུག་ཁེ་ལས་དེ་དེང་རབས་ཟོག་འགྲེམས་ཁེ་ལས་ལ་ཕྱོགས་སྒྱུར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱལ་ཕྱི་རྒྱལ་ནང་གི་ཚོང་དོན་འཁོར་རྒྱུག་ཁེ་ལས་ཆེ་རིགས་ཀྱིས་བོད་དུ་མ་འཇོག་བྱས་ཏེ་བྱ་གཞག་དར་སྤེལ་གཏོང་བར་སྐུལ་མ་གཏོང་རྒྱུ། ཕྱོགས་གསུམ་པའི་ཟོག་འགྲེམས་དང་། གྲང་ཕྲེང་ཟོག་འགྲེམས། ཐན་ཉུང་ཟོག་འགྲེམས། བློ་རིག་ཟོག་འགྲེམས་བཅས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། གློག་རྡུལ་ཚོང་དོན་གོང་འཕེལ་ཧུར་ཐག་བཏང་ནས་ཆེད་ལས་ཁྲོམ་རས་དྲ་ཐོག་ཉོ་ཚོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། ཁྲོམ་རར་ལྟ་སྡོམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་རྒྱུ།

    ས་བཅད་ལྔ་པ། གསར་དར་ཞབས་ཞུའི་ལས་རིགས་འཛུགས་སྐྱོང་དང་གོང་འཕེལ་གཏོང་རྒྱུ།

    དཔལ་འབྱོར་སྒྲིག་གཞི་བསྒྱུར་བཅོས་ལས་བྱུང་བའི་ཐོན་ལས་ཀྱི་དགོས་མཁོ་གསར་པ་དང་དུས་ཁག་གསར་པའི་ཆ་འཕྲིན་ལག་རྩལ་གྱིས་སྐྱེ་སྲིང་བྱས་པའི་ཐོན་ལས་ཀྱི་ཁུལ་ཁོངས་གསར་པ་དང་བསྟུན་ནས་ཞབས་ཞུའི་ལས་གཞི་འཛུགས་སྐྱོང་དང་། རྣམ་གྲངས་བློ་འདྲི། མཉམ་འབྲེལ་དྲ་རྒྱའི་དཔལ་འབྱོར་བཅས་ཀྱི་གསར་དར་ཞབས་ཞུའི་ལས་རིགས་གོང་འཕེལ་ཤུགས་ཆེ་གཏོང་རྒྱུ། མ་འཇོག་དང་། བློ་འདྲི། ཚོད་སྐོར། རྩིས་གཉེར། ཇུས་འགོད། བརྡ་ཁྱབ་སོགས་ཚོང་དོན་ཞབས་ཞུའི་ལས་རིགས་གོང་འཕེལ་ཧུར་ཐག་བཏང་ནས་ཆ་འཕྲིན་མ་ལག་འདུས་གྲུབ་ཞབས་ཞུ་དང་། མཉམ་འབྲེལ་དྲ་རྒྱའི་འཕར་ཐང་ཞབས་ཞུ། ཆ་འཕྲིན་བདེ་འཇགས་ཞབས་ཞུ། གྲངས་འཛིན་ནང་དོན་གྱི་ཞབས་ཞུ་སོགས་མཐོ་རྩལ་ཞབས་ཞུའི་ལས་རིགས་གོང་འཕེལ་གང་མགྱོགས་གཏོང་རྒྱུ་དང་། ཞབས་ཞུའི་ལས་རིགས་དེ་ཆེད་ལས་ཅན་དང་རིན་ཐང་ཕྲེང་འབྲེལ་ལེགས་གྲས་སུ་རྒྱ་སྐྱེད་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ལེའུ་ཉེར་གསུམ་པ། ཁྱད་ལྡན་ལེགས་སྟོབས་ཆེ་བའི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ།

    ཁྱད་ལྡན་ཐོན་རྫས་ཀྱི་གྲགས་རྟགས་གཏོད་རྒྱུར་ཤུགས་སྣོན་བརྒྱབ་ནས་སྡེ་གླིང་གི་ཐོན་ལས་གཅིག་སྡུད་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཐོན་ལས་གོང་འཕེལ་གཏོང་བའི་སྤུས་ཚད་དང་འགྲན་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། སྤུས་ཚད་ཀྱི་གྲགས་རྟགས་གཏོད་རྒྱུའི་བྱ་སྤྱོད་ཤུགས་ཆེ་སྤེལ་རྒྱུ།

    ཁྱད་ལྡན་ཐོན་ལས་ཐོན་རྫས་ཀྱི་ལག་རྩལ་ཚད་གཞི་གང་མགྱོགས་བཟོས་ནས་སྔོན་ཐོན་གྱི་ཚད་གཞི་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་རྫས་ཀྱི་ཞིབ་དཔྱད་ཚད་ལེན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཐོན་རྫས་ཀྱི་སྤུས་ཚད་ལྟ་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་ཀྱི་བྱ་དགའ་སྤྲོད་པའི་ལམ་ལུགས་འཛུགས་པ་དང་ཚགས་ཚུད་དུ་གཏོང་རྒྱུ་དང་། ཁེ་ལས་ཀྱིས་སྔོན་ཐོན་སྤུས་ཚད་དོ་དམ་བྱ་ཐབས་སྤྱོད་རྒྱུར་ཁྲིད་སྟོན་དང་སྐུལ་མ་བཏང་ནས་སྤུས་ཚད་ཚད་འཛིན་དཔྱད་འདེམས་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་ཡག་ཏུ་ཤུགས་ཆེ་གཏོང་རྒྱུ། གྲགས་རྟགས་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ“མི་ཡུལ་གྱི་གནས་མཆོག”དང་། “བོད་ཀྱི་ཆུ་བཟང” “སྔོ་ལྗང་གི་བོད་ལྗོངས”“ས་གཙང་འབྱུང་འཕྲོད”སོགས་མིང་བྱང་གི་ཕན་ནུས་ཆེ་རུ་གཏོང་རྒྱུ་དང་། ཐོན་རྫས་ཀྱི་གྲགས་རྟགས་འཛུགས་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། གྲགས་རྟགས་ཀྱི་རིན་ཐང་ལ་གདེང་འཇོག་བྱས་ཏེ་ཁེ་ལས་ཁྲིད་སྟོན་གྱིས་གྲགས་རྟགས་ལ་དོ་དམ་བྱ་རྒྱུ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ནང་དུ་བག་ཆགས་ཟབ་པའི“བོད”ཅེས་ཡིག་འགོར་འཁོད་པའི་གྲགས་རྟགས་ཁག་གཅིག་གཏོད་རྒྱུ། ས་མཐོའི་ཁྱད་ལྡན་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཐོན་ཁུངས་གསར་སྤེལ་བྱས་ཏེ་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཀྱི་ཐོན་རྫས་སྙན་ཞུ་འབུལ་ཤུགས་ཆེ་རུ་གཏོང་རྒྱུ་དང་། སྲུང་སྐྱོབ་ལམ་ལུགས་ནན་པོ་ལག་བསྟར་བྱ་རྒྱུ། འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོབ་དང་། ཐན་ཉུང་ནུས་ཁུངས་གྲོན་ཆུང་། ཐོན་ཁུངས་གྲོན་ཆུང་བཅས་བྱ་རྒྱུའི་བླང་བྱ་དང་མཐུན་པའི་འབྱུང་ཁམས་བཟང་པོའི་ཐོན་རྫས་ཐད་ལ་འབྱུང་ཁམས་ཀྱི་ཐོག་མའི་ཐོན་སའི་ཐོན་རྫས་ཀྱི་སྲུང་སྐྱོབ་དཔྱད་བསྡུར་ལས་དོན་སྤེལ་རྒྱུ། ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་རྫས་ཧྲིལ་པོ་དྲིལ་བསྒྲགས་དང་འོས་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣ་མང་སྨྱན་སྦྱོར་ལ་བརྟེན་ནས་རང་ལྗོངས་ཀྱི་ཐོན་རྫས་གྲགས་རྟགས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཐོག ཐོན་རྫས་གང་མང་ཞིག་ལྗོངས་ཕྱིའི་ཁྲོམ་རར་གཏོང་ཐུབ་པ་བྱ་རྒྱུ།

    ས་བཅད་གཉིས་པ། ཐོན་ལས་རུབ་འདུས་ཐོག་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    སྡེ་གླིང་གོང་འཕེལ་གཏོང་བའི་ཁོར་ཡུག་ལེགས་སྒྱུར་དང་། ནོར་ཁྲལ་དང་ས་ཆ་སོགས་ཀྱི་རོགས་རམ་སྲིད་ཇུས་ཚད་ལྡན་བཟོ་བ། གཙོ་ཁྲིད་ཐོན་ལས་འབུར་དུ་ཐོན་ཞིང་ཁྱད་ཆོས་མངོན་གསལ་དོད་པའི་ནུས་ཐོན་སྡེ་གླིང་ཁག་གཅིག་འཛུགས་སྤེལ་དང་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་རུབ་འདུས་ཐོག་གོང་འཕེལ་གཏོང་བའི་ཞབས་ཞུ་རྩེ་གྲ་དང་། ཁོར་ཡུག་བཟང་པོ། ལས་གཏོད་ལེགས་པོ་བཅས་བྱེད་ས་ཞིག་གཏོད་རྒྱུ། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་བཏང་ནས་སྟག་རྩེའི་བཟོ་ལས་སྡེ་གླིང་དང་། ལྷ་སའི་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ། བོད་ལྗོངས་མཁའ་ཚུགས་ཁུལ་གསར། གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ། ལྷོ་ཁའི་ཐོན་གྲོང་གཞི་གཅིག་དཔེ་སྟོན་ས་ཚིགས་བཅས་གང་མགྱོགས་བཙུགས་ནས་སྡེ་གླིང་གི་ཐོན་ལས་རིན་ཐང་དང་འགྲན་ནུས་ཆེ་རུ་གཏོང་རྒྱུ། ག་སྦྱར་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)དང་མཐའ་འཁོར་གྱི་ཞིང་ཆེན(ལྗོངས)དང་ཐོན་ལས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་མཉམ་ལས་དཔེ་སྟོན་ཁུལ་ཧུར་ཐག་བཙུགས་ནས་འཕུར་བརྒལ་དཔལ་འབྱོར་འཚོལ་ཞིབ་དང་གོང་འཕེལ་བཏང་ནས་གོར་མོའི་བོད་མཚོ་བཟོ་ལས་སྡེ་གླིང་ཡག་པོ་གཉེར་རྒྱུ། གསར་སྤེལ་ཁུལ་དང་ཐོན་ལས་སྡེ་གླིང་སོགས་གྲོང་ཁྱེར་ཕྱོགས་བསྡུས་བྱེད་ནུས་ཐོན་ཁུལ་དུ་ཕྱོགས་སྒྱུར་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་། གྲོང་སྲིད་སྒྲིག་བཀོད། སྡེ་གླིང་གི་ལེ་ལག་ཚང་བའི་སྒྲིག་བཀོད་བཅས་འཛུགས་སྐྲུན་བྱ་རྒྱུར་གཅིག་གྱུར་བཀོད་སྒྲིག་བྱ་རྒྱུ་དང་། ཐོན་ལས་རུབ་འདུས་ཁུལ་དང་ཡུལ་མིའི་སྡེ་ཁུལ་གྱི་བྱེད་ནུས་ཁག་དབྱེ་མ་བྱས་པར་ཐོན་གྲོང་མཉམ་འདྲེས་ཀྱིས་གོང་འཕེལ་གཏོང་རྒྱུ།

    1.jpg

    2.jpg

    ལེ་ཚན་དྲུག་པ། གྲུབ་ཆ་ལེགས་སྒྲིག་བྱས་ཏེ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་སྤེལ་བྱ་རྒྱུ།

    གོང་འཕེལ་གྱི་སྤྱི་ཡོངས་རང་བཞིན་དང་། རྒྱུད་ཁོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ་ཁུལ་ཁོངས་ཀྱི་ཐོན་སྐྱེད་ནུས་ཤུགས་ཁྱབ་བཀོད་དང་། གྲོང་ཁྱེར་གྲོང་གསེབ་གོང་འཕེལ་གཏོང་བའི་གྲུབ་ཆ། དཔལ་ཡོན་གཉིས་དར་སྤེལ་གཏོང་བའི་རྣམ་པ་བཅས་གཅིག་གྱུར་ལེགས་སྒྱུར་བྱ་རྒྱུ་དང་། མཐུན་སྦྱོར་ངང་གོང་འཕེལ་གཏོང་བའི་ཁྲོད་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ཁུལ་ཁོངས་སྐྱོ་རིགས་ལེགས་གཏོང་དང་ཆད་སྐྱོན་གསབ་སེལ་བྱེད་པའི་ཁྲོད་གོང་འཕེལ་གྱི་སྙུགས་ཤེད་ཆེ་རུ་བཏང་ནས་དགེ་མཚན་ལྡན་པའི་མཉམ་འགུལ་དང་། མཐུན་སྦྱོར་མཉམ་སྤེལ། མཉམ་འདྲེས་གོང་འཕེལ་གཏོང་བའི་རྣམ་པ་ཞིག་གང་མགྱོགས་ཆགས་པ་བྱ་རྒྱུ།

    ལེའུ་ཉེར་བཞི་པ། ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བཟོ་རྒྱུ།

    ཁུལ་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ངང་གོང་འཕེལ་གཏོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་ལེགས་སྟོབས་ཆེ་བའི་ཁུལ་ཁོངས་དཔལ་འབྱོར་སྔོན་ལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བོད་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། བོད་ཀྱི་ཤར་རྒྱུད་དང་། བྱང་རྒྱུད། ནུབ་རྒྱུད་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གཙོ་རྐང་བྱེད་ནུས་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་སྤེལ་རེས་ལ་སྐུལ་འདེད་བཏང་ཐོག དཔལ་འབྱོར་གྱི་འཕར་སྣེ་དང་། འཕར་གཞི། འཕར་ཁུལ་བཅས་སྐྱོང་སྤེལ་གང་མགྱོགས་བྱ་རྒྱུ། ལྟེ་བས་སྣེ་ཁྲིད་དང་། ཁུལ་ཁོངས་མཉམ་འགུལ། རྩེར་སོན་གྱིས་འདེགས་སྐྱོར་བྱེད་པའི་ཁུལ་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་བའི་རྣམ་པ་ཞིག་གཏོད་རྒྱུ།

    ས་བཅད་དང་པོ། བོད་ཀྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུ།

    བོད་དབུས་རྒྱུད་དང་ལྷོ་རྒྱུད་དེ་བསྒྱུར་བཅོས་གསར་གཏོད་དང་། ཕྱི་ཕྱོགས་སྒོ་དབྱེ། གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད། ཁྲོམ་ར་སྐྱོང་སྤེལ་སོགས་ཀྱི་ཐད་ལྗོངས་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཐུབ་རྒྱུར་སྐུལ་སྤེལ་བྱས་ཏེ་ཡུལ་སྐོར་དང་། དངུལ་རྩ། ཚོང་དོན། ཟོག་འགྲེམས། དེང་རབས་ཞིང་འབྲོག་ལས། འབྱུང་འཕྲོད་བཟའ(འཐུང)བཅའ་སོགས་ཐོན་ལས་གོང་འཕེལ་གང་མགྱོགས་གཏོང་རྒྱུ། ལྷ་ས་དང་ལྷོ་ཁ་གཞི་གཅིག་ཏུ་གོང་འཕེལ་གཏོང་བར་སྐུལ་སྤེལ་གཏོང་རྒྱུ་དང་། མཉམ་འབྲེལ་མཉམ་སྤེལ་ཐུབ་པ་དང་ཐོན་ལས་གཅིག་སྡུད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ལྷ་ས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ། ལྷ་ས་འདི་ཉིད་ལྟེ་གནས་གྲོང་ཁྱེར་ཡིན་པས་ལྗོངས་ཡོངས་ཀྱི་གོང་འཕེལ་འགྲོ་བར་ཁྱབ་འགྱེད་བྱེད་པར་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། གོང་འཕེལ་གང་མགྱོགས་དང་ཐོག་མར་གོང་འཕེལ་བཏང་ནས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་ཞིག་དང་། བོད་དབུས་ཁུལ་གྱི་དཔལ་འབྱོར་མཐོ་གཞི་ཞིག “རྒྱུད་གཅིག་ལམ་གཅིག”སྦྲེལ་མཐུད་བྱེད་པའི་འཐབ་ཇུས་དང་ལྗོངས་ཡོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་རྒྱ་ཆེ་འབྱེད་པའི་ལྟེ་བའི་གྲོང་ཁྱེར། ལྗོངས་ཡོངས་ཀྱི་དངུལ་རྩའི་ཚོང་དོན་ཟོག་འགྲེམས་ལྟེ་གནས་བཅས་སུ་བསྐྲུན་ཐུབ་པ་བྱ་རྒྱུ། ལྷོ་ཁར་བོད་ཀྱི་དབུས་རྒྱུད་ལྷོ་རྒྱུད་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་དང་ཞིང་ཞོར་ཐོན་རྫས་ཀྱི་ཐོན་ཁུལ་གལ་ཆེན་བསྐྲུན་རྒྱུ། བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ། ལྷ་རྩེ། གཙོ་གནད་འགག་སྒོ་བཅས་འདེགས་སྐྱོར་དུ་བྱས་པའི་ཡར་ཀླུང་གཙང་པོའི་དབུས་རྒྱུད་དང་སྟོད་རྒྱུད་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱ་རྒྱུ། གཞིས་རྩེར་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་སྐྲུན་ཤུགས་ཆེ་རུ་བཏང་ནས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་མདུན་ས་དང་གལ་ཆེའི་ལྟེ་གནས་དང་། ཞིང་ཞོར་ཐོན་རྫས་གཙོ་ཁུལ། མི་རིགས་ལག་ཤེས་བཟོ་ལས་རྟེན་གཞི་བཅས་སུ་བསྐྲུན་ཐུབ་པ་བྱ་རྒྱུ། བྲག་ཡིབ་ཆུས་དང་། སྨན་གླིང་། སྤོ་མེས་བཅས་ཀྱིས་འདེགས་སྐྱོར་བྱས་པའི་མྱང་ཆུ་གཙང་པོའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱས་ཏེ་ཉིང་ཁྲིར་རྒྱལ་སྤྱིའི་འབྱུང་ཁམས་ཡུལ་སྐོར་ཁུལ་དང་གལ་ཆེའི་ནགས་གླིང་ཤིང་འབྲས་ལས་རིགས་དང་། བོད་སྨན་ལས་རིགས། ལས་ཞོར་ཐོན་རྫས་ལས་སྣོན་ལས་རིགས་བཅས་ཀྱི་རྟེན་གཞི་བསྐྲུན་རྒྱུ།

    ས་བཅད་གཉིས་པ། བོད་ཀྱི་ཤར་རྒྱུད་དང་། བྱང་རྒྱུད། ནུབ་རྒྱུད་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ།

    བོད་ཀྱི་ཤར་རྒྱུད་དང་། བྱང་རྒྱུད། ནུབ་རྒྱུད་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ས་གཤིས་ཀྱི་གནོད་འཚེ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱད་ལྡན་ལེགས་སྟོབས་ཆེ་བའི་ཐོན་ཁུངས་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུ། བོད་ཤར་རྒྱུད་ཀྱི“གཙང་པོ་གསུམ”རྒྱུག་ཁུལ་གྱི་དཔལ་འབྱོར་དར་ཁུལ་འཛུགས་སྐྱོང་བྱ་རྒྱུ་དང་། ཁམས་པའི་ཁྱད་ལྡན་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། མདོག་ལྡན་ལྕགས་རིགས་ལུགས་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་གསར་སྤེལ་བྱ་རྒྱུ་དང་། ཆུ་གློག་ཐོན་ཁུངས་གསར་སྤེལ་ཧུར་ཐག་བྱས་ནས་ཆབ་མདོར“ནུབ་གློག་ཤར་ཁྲིད”ཀྱི་རྒྱུན་མཐུད་རྟེན་གཞི་དང་། སི་ཁྲོན་དང་ཁྲུང་ཆིང་གཉིས་དང་འབྲེལ་མཐུད་ཀྱི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ། བོད་བྱང་ཐང་ཁུལ་ཁོངས་ཀྱི་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། འབྲོག་ལས་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཕྱུགས་ཟོག་ཐོན་རྫས་ཕྲ་བའི་བཟོ་སྣོན་གོང་འཕེལ་གཏོང་བ། ཁྱད་ལྡན་ཡུལ་སྐོར་ཐོན་ལས་གོང་འཕེལ་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་ནག་ཆུར་ས་མཐོའི་སྣོད་བཅུད་ཕྱུགས་ལས་རྟེན་གཞི་དང་བོད་བྱང་རྒྱུད་ཀྱི་རྩྭ་ཐང་རིག་གནས་སྣོད་བཅུད་ཡུལ་སྐོར་ཁུལ་བསྐྲུན་རྒྱུ། བོད་ནུབ་ཁུལ་གྱིས་བོད་ཀྱི་ལུག་དང་ཁུལ་ལྡན་ར་སོགས་ལེགས་སྟོབས་ཆེ་བའི་གསོ་སྤེལ་ལས་རིགས་གོང་འཕེལ་གཏོང་བ་དང་། སྤུ་ཧྲེང་དང་རྩྭ་མདའ་ཡིས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆ་རྐྱེན་ལེགས་སུ་གཏོང་བ། རང་བྱུང་རིག་གནས་ཡུལ་སྐོར་ཐོན་ཁུངས་གང་མགྱོགས་གསར་སྤེལ་བཅས་བྱས་ཏེ་མངའ་རིས་སུ་གངས་ཏི་སིའི་རྒྱལ་སྤྱིའི་ཡུལ་སྐོར་མཉམ་ལས་ཁུལ་བསྐྲུན་རྒྱུ་དང་དེ་བཞིན་གནས་རི་ལྷ་མཚོ་དང་གུ་གེའི་ཤུལ་བཞག་གནས་མཇལ་ཡུལ་སྐོར་བགྲོད་ལམ་ཡག་ཤོས་བསྐྲུན་རྒྱུ།

    ས་བཅད་གསུམ་པ། མཐའ་མཚམས་དང་མཐོ་གྲང་ས་ཁུལ་གོང་འཕེལ་གཏོང་རྒྱུར་རོཌ་སྐྱོར་ཤུགས་ཆེ་བྱ་རྒྱུ།

    འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གང་མགྱོགས་གཏོང་རྒྱུ་དང་། སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མཐའ་མཚམས་ས་ཁུལ་དང་མཐོ་གྲང་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་དངོས་འབྲེལ་མཐོ་རུ་གཏོང་རྒྱུ། མཐའ་མཚམས་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་འབོར་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱ་རྒྱུ་དང་། ཡུལ་སྐོར་ལས་རིགས་དང་། མཐའ་མཚམས་ཚོང་དོན། མཐའ་མིའི་ཚོང་འབྲེལ་སོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། མཐའ་མིའི་ཁ་གསབ་རོགས་དངུལ་སྤྲོད་ལམ་འཐུས་སྒོ་ཚང་དུ་བཏང་སྟེ་མཐའ་མཚམས་ཀྱི་ཤང་དང་གྲོང་ཚོར་གཞིས་ཆགས་ནས་བྱ་གཞག་དར་སྤེལ་གཏོང་བར་སྐུལ་མ་གཏོང་རྒྱུ་དང་། མཐའ་མཚམས་ས་ཁུལ་གྱི་མི་འབོར་གཏན་འཇགས་ཡོང་བ་བྱ་རྒྱུ། ནག་ཆུ་གྲོང་རྡལ་དང་། སེང་གེ་ཁ་འབབ་གྲོང་རྡལ། མཐོ་གྲང་རྫོང་གྲོང་བཅས་ཀྱི་དྲོད་རླངས་མཁོ་འདོན་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། མཐོ་གྲང་ས་ཁུལ་གྱི་སྣོད་བཅུད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱ་རྒྱུ་དང་། གནས་སྤོས་ལས་ཞུགས་ལ་སྐུལ་མ་གཏོང་རྒྱུ། མཐོ་གྲང་ས་ཁུལ་གྱི་ཡུལ་མིར་ཆ་རྐྱེན་དང་མཐུན་པའི་ས་ཁུལ་དུ་གཞིས་ཆགས་འཚོ་བ་སྐྱེལ་རྒྱུའི་ཁྲིད་སྟོན་གོ་རིམ་ལྡན་པའི་ངང་བྱ་རྒྱུ།

    ལེའུ་ཉེར་ལྔ་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱ་རྒྱུ་གཅིག་གྱུར་འཆར་འགོད་བྱས་ཏེ“ལྟེ་བ་གཅིག་དང་། འདེགས་སྐྱོར་དྲུག གྲོང་རྡལ་ཚོགས་པ་ཁག་གཅིག གྲོང་རྡལ་ཆུང་གྲས་འགའ་ཞིག”བཅས་ཀྱི་སྤྱིའི་ཁྱབ་བཀོད་གཞིར་བཟུང་། གོང་འཕེལ་གྱི་འཆར་འགོད་དེ་ཞིང་འབྲོག་ཁུལ་ལ་ཁྱབ་པ་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་དེ་ཞིང་འབྲོག་ཁུལ་དུ་རྒྱ་བསྐྱེད་བྱ་རྒྱུ། སྤྱི་པའི་ཞབས་ཞུ་དེ་ཞིང་འབྲོག་ཁུལ་དུ་རྒྱ་བསྐྱེད་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ཐོག་ཐོན་ལས་མཉམ་འགུལ་དང་། གྲོང་ཁྱེར་ལ་བརྟེན་ནས་གྲོང་གསེབ་ཀྱི་སྣེ་ཁྲིད་པ། བཟོ་ཞིང་གཉིས་ཀར་ཕན་པ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་བཅས་ཡོང་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ཞིག་འཛུགས་རྒྱུ།

    ས་བཅད་དང་པོ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཁོངས་ཀྱི་ཁྱབ་བཀོད་ལེགས་སུ་གཏོང་རྒྱུ།

    གནས་དང་། མདའ། ངོས་བཅས་ཟུང་འབྲེལ་བྱེད་པའི་གསར་སྤེལ་བྱ་ཐབས་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་ཀྱི་ཐོན་ཁུངས་མཐུན་རྐྱེན་དང་ཁོར་ཡུག་གི་ཐེག་ནུས་རྨང་གཞིར་བྱེད་པ། མི་འབོར་དང་ཐོན་ཁུངས་སོགས་ཀྱི་གཙོ་རྒྱུ་དེ་གཙོ་གནད་གསར་སྤེལ་ཁུལ་ཁོངས་སུ་འོས་འཚམ་གཅིག་སྡུད་བྱ་རྒྱུའི་ཁྲིད་སྟོན་བྱས་ནས“སྐོར་གཅིག་དང་། ཁུལ་གཉིས། གནས་གསུམ། རྒྱུད་གཉིས”བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཁུལ་ཁོངས་བསྐྲུན་རྒྱུ། ལྷ་ས་དེ་ཉིད་ཀྱི་ལྟེ་གནས་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། ས་གནས(གྲོང་ཁྱེར)གནས་སའི་གྲོང་ཁྱེར་གྲོང་རྡལ་དང་རྫོང་གྲོང་ཆེ་གྲས་གཞན་དག་འཛུགས་སྐྲུན་ཡག་པོ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་རུབ་འདུས་ཀྱི་ཁྱབ་བཀོད་ལུགས་མཐུན་བཟོས་ཏེ་ལྷ་ས་ལྟེ་བར་བྱེད་པ་དང་། ས་གནས(གྲོང་ཁྱེར)གནས་སའི་གྲོང་ཁྱེར་གྲོང་རྡལ་གཞན་དག་གིས་ལྟེ་འཁོར་བྱེད་པ། ལྟེ་བའི་རྫོང་གྲོང་གིས་འདེགས་གནས་བྱེད་པ། མཐའ་མཚམས་དང་མི་རིགས་ཀྱི་གྲོང་ཁྱེར་གྲོང་རྡལ་གྱིས་ཁྱད་ཆོས་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲ་བ་ཞིག་ཆགས་པ་བྱས་ཐོག་གྲུབ་ཆ་ལུགས་མཐུན་དང་། གོ་རིམ་ལྡན་པ། ཁྱབ་འགྱེད་ནུས་ཆེ། ནུས་པ་གསབ་རེས་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཞིག་བསྐྲུན་རྒྱུ། ནག་ཆུ་དང་མངའ་རིས་ས་གནས་གཉིས་ཀྱི་ས་གནས་གྲོང་ཁྱེར་དུ་བསྒྱུར་རྒྱུ་དང་། རྒྱལ་རྩེ་དང་། སྟེང་ཆེན། ལྷ་རྩེ། སྨར་ཁམས། སྟག་རྩེ་སོགས་ཆ་རྐྱེན་ཚང་བའི་རྫོང་རྣམས་གྲོང་ཁྱེར(ཆུས)སུ་བསྒྱུར་རྒྱུ། ཆ་རྐྱེན་ཚང་བའི་ཤང་རྣམས་གྲོང་རྡལ་དུ་བསྒྱུར་རྒྱུ་བཅས་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་བཟོ་རྒྱུའི་ཚོད་ལྟར་རྒྱབ་སྐྱོར་བྱས་ནས་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་སྐྲུན་ཤུགས་ཆེ་རུ་གཏོང་རྒྱུ།

    3.jpg

    5.jpg

    ས་བཅད་གཉིས་པ། གནས་སྡོད་འཚམ་པའི་གྲོང་ཁྱེར་དང་གྲོང་རྡལ་བསྐྲུན་རྒྱུ།

    གྲོང་ ཁྱེར་འཕེལ་རྒྱས་གཏོང་བར“གཅིག་གྱུར་འཆར་འགོད་ཆེན་པོ་ལྔ”རྒྱུན་འཁྱོངས་ཀྱིས་ མི་རིགས་ཀྱི་གོམས་སྲོལ་ལ་བརྩི་མཐོང་དང་། ས་ཁོངས་ཀྱི་ཁྱད་ཆོས་འབུར་ཐོན། ལོ་རྒྱུས་ཀྱི་རིག་གནས་རྒྱུད་འཛིན། སྲོལ་རྒྱུན་གྱི་རྣམ་པར་སྲུང་སྐྱོང་བཅས་བྱས་ནས་མི་ཆོས་ལྡན་པའི་གྲོང་ཁྱེར་དང་ གྲོང་རྡལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཁོངས་གསར་སྤེལ་དང་། བེད་སྤྱོད། དོ་དམ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་སྤེལ་ས་མཚམས་དབྱེ་བ་ནན་པོ་འབྱེད་པ། གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་བྱ་རྒྱུའི་ས་ཆ་གྲོན་ཆུང་བྱེད་པ། གྲོང་ཁྱེར་གྲོང་རྡལ་གཤོངས་ཚད་ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱ་རྒྱུ། གྲོང་ཁྱེར་གྲོང་རྡལ་དང་གྲོང་སྲིད་ཀྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་ བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་སྲིད་ཀྱི་རྒྱ་ལམ་དང་། འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་པའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ ཐོག་ས་འོག་སྦུག་ལམ་དྲ་བ་གང་མགྱོགས་བཟོ་བ་དང་། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་ས་འོག་གི་ཕྱོགས་བསྡུས་སྦུག་ལམ་བཟོས་ནས་ གྲོང་ཁྱེར་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་དང་ཆུ་འབུད་ཀྱི་ཆུ་སྐྱོན་སྔོན་ འགོག་ལས་གྲྭ་བསྐྲུན་རྒྱུ། ནུས་ཁུངས་མཁོ་འདོན་བྱ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་ གྲོང་རྡལ་གྱི་ཁྱབ་བཀོད་རྣམ་པའི་ནུས་ཁུངས་བཟོ་རྒྱུ་འཚོལ་ཞིབ་བྱ་རྒྱུ། སྤྱི་པའི་འགྲིམ་འགྲུལ་གོང་འཕེལ་ཤུགས་ཆེར་བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་ སྤྱི་པའི་འགྲིམ་འགྲུལ་དེ་ཉེ་འཁོར་གྲོང་གསེབ་ཏུ་རྒྱ་བསྐྱེད་གཏོང་རྒྱུ། གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁུལ་ཉེ་འཁོར་གྱི་ ས་གཤིས་ཀྱི་གནོད་འཚེ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྡེ་ཁུལ་གྱི་འཚོ་བའི་ཞབས་ཞུའི་སྒྲིག་ཆས་ཀྱི་བཀོད་པ་ལེགས་སུ་བཏང་ནས་སྡེ་ཁུལ་ གྱི་དམངས་བདེ་དམངས་ཕན་ཞབས་ཞུའི་དྲ་མིག་བསྐྲུན་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་སྣོད་བཅུད་ཁུལ་ཁོངས་རྒྱ་ཆེར་བཏང་ནས་སྤྱི་གླིང་དུ་ རྩྭ་རྩེ་ཤིང་འདེབས་ཤུགས་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་གྱི་དོ་དམ་དང་ཞབས་ཞུ་བྱེད་ནུས་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དོ་དམ་གྱི་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། གྲོང་ཁྱེར་དོ་དམ་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་བཅོས་སྐྱོང་བྱེད་ཐབས་གསར་གཏོད་བྱེད་པ་བཅས་བྱས་ནས་གྲོང་ཁྱེར་གྱི་ འཚོ་བ་དེ་བས་སྟབས་བདེ་བ་དང་། དེ་བས་སྐྱིད་སྣང་དོད་པ། དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱ་རྒྱུ།

    1.jpg

    ས་བཅད་གསུམ་པ། ཞིང་འབྲོག་ལས་ཀྱི་མི་འབོར་གྲོང་མི་ཅན་དུ་འགྱུར་ཤུགས་ཆེ་རུ་གཏོང་རྒྱུ།

    མི་ ལྟེ་བར་བྱེད་པའི་གྲོང་ཁྱེར་གྲོང་རྡལ་ཅན་གསར་པར་འགྱུར་བར་སྐུལ་འདེད་བཏང་ནས་ ཞིང་འབྲོག་ཁུལ་གྱི་མི་འབོར་ལ་གྲོང་ཁྱེར་གྲོང་རྡལ་དུ་འདུས་སྡོད་འཚམ་པོ་བྱ་ རྒྱུའི་ཁྲིད་སྟོན་བྱ་རྒྱུ། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཀྱིས་གྲོང་ཁྱེར་གྲོང་རྡལ་དུ་ཡུན་རིང་ ལས་ཞུགས་བརྟན་པོ་དང་འཚོ་སྡོད་བྱེད་ནུས་ཡོད་པའི་ཞིང་འབྲོག་ལས་ཀྱི་མི་འབོར་ གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་ཐུབ་པ་བྱ་རྒྱུ་མ་ཟད། དབང་ཆ་འོས་འགན་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་དང་འདྲ་མཉམ་ཡོད་པ་བྱ་རྒྱུ། གནས་སྡོད་ལག་ཁྱེར་ལམ་ལུགས་ལག་བསྟར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་ སྡོད་མི་འབོར་ཡོངས་ལ་ཁེབས་ཐུབ་པ་དང་། ཞིང་འབྲོག་མི་འབོར་ལས་ཞུགས་དང་། ལས་གཏོད། སྦྱོང་བརྡར། ཞབས་ཞུ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྡོད་ཁང་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་དང་འཕྲོད་བསྟེན། བུ་ཕྲུག་གི་སློབ་གསོ་སོགས་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ། ནོར་སྲིད་ཀྱི་སྒྱུར་སྤྲོད་མ་དངུལ་དེ་ཞིང་འབྲོག་མི་འབོར་གྲོང་མིར་འགྱུར་ རྒྱུའི་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གྲོང་ཁྱེར་གྲོང་རྡལ་འཛུགས་ སྐྲུན་ས་ཆའི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་དང་ཞིང་འབྲོག་མི་འབོར་གྲོང་ཁྱེར་དུ་ གཞིས་ཆགས་བྱེད་རྒྱུའི་གྲངས་ཚད་ཀྱི་མཐུད་འབྲེལ་ལམ་སྲོལ་འཛུགས་རྒྱུ། གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་པའི་ཞིང་འབྲོག་པའི་ས་ཆ་འགན་གཙང་ལེན་དབང་དང་། ཁང་ས་སྤྱོད་དབང་། མཉམ་སྡེབ་ཀྱི་ཡོང་འབབ་བགོ་དབང་བཅས་ལ་སྲུང་སྐྱོང་བྱས་ནས་དེས་ཁྲིམས་ལྟར་རང་ མོས་ངང་རིན་སྒྱུར་འཚོང་བཤུག་བྱ་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུ།

    2.jpg

    ས་བཅད་བཞི་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་རྒྱུ།

    སྤྱི་ ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་སྐྲུན་རྒྱུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་ རུ་གཏོང་བ་དང་། གྲོང་གསེབ་ཀྱི་འཆར་གཞི་ཚན་རིག་དང་མཐུན་པའི་ངང་འགོད་པ། “བརྒྱད་འཛོམས་ཞིང་དུད”ལས་གཞི་མུ་མཐུད་ལག་བསྟར་བྱེད་པ་བཅས་བྱས་ནས་ཞིང་འབྲོག་ ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གང་མགྱོགས་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་གནོད་མེད་འཐུང་ཆུ་དང་། གློག་འདོན། འཕྲིན་གཏོང་། གྲོང་གསེབ་ཀྱི་སྣུམ་ནག་གཞུང་ལམ། ཉི་ནུས་ཀྱི་སྤྱི་པའི་གློག་སྒྲོན། གྲོང་ཚོ་སྔོ་ལྗང་དང་མཛེས་བཟོ་སོགས་ཀྱི་དམངས་འཚོའི་རྣམ་གྲངས་ལ་སྐུལ་འདེད་ བཏང་ནས་གྲོང་ཁྱེར་གྲོང་རྡལ་གྱི་སྤྱི་པའི་སྒྲིག་བཀོད་དེ་ཞིང་འབྲོག་ཁུལ་དུ་ རྒྱ་སྐྱེད་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་ཁང་གོག་སྒྱུར་བཀོད་དང་ཨར་སྐྲུན་ནུས་རྒྱུ་བསྲི་ཚགས་བྱེད་ རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་གྲོང་གསེབ་གཞི་རིམ་གྱི་ཕྱོགས་བསྡུས་ཞབས་ ཞུའི་ལས་སྟེགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོང་གསེབ་ཀྱི་ས་ཞིང་བཅོས་སྒྲིག་ཧུར་ཐག་བྱས་ཏེ་གྲོང་ཚོའི་སྤྱི་པའི་བར་ སྟོངས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲོལ་རྒྱུན་གྲོང་སྡེའི་དམངས་སྤྱོད་སྡོད་ཁང་དང་། ལོ་རྒྱུས་རིག་གནས་ལྡན་པའི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན། མི་འབོར་ཉུང་བའི་མི་རིགས་འདུས་སྡོད་གྲོང་སྡེ་བཅས་ལ་སྲུང་སྐྱོབ་བྱེད་ཤུགས་ ཆེ་རུ་བཏང་ཐོག་གདོད་མའི་གནས་སྡོད་སྲུང་སྐྱོང་ཁུལ་འཛུགས་པ་དང་། རྒྱུན་སྲོལ་གྱི་དམངས་སྤྱོད་སྡོད་ཁང་གི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ ལུགས་མཐུན་བྱས་ཏེ་ཕུལ་བྱུང་སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་ གཏོང་རྒྱུ།

    ལེའུ་ཉེར་དྲུག་པ། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    སྤྱི་ ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དར་སྤེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་ འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དཔལ་ཡོན་བྱང་ཚད་ཟམ་མི་ཆད་པར་གོང་ མཐོར་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ནུས་ལྡན་ གྱི་བསམ་བློའི་འགན་ལེན་དང་། བསམ་པའི་འགུལ་ཤུགས། བློ་རིག་ཀྱི་རྒྱབ་སྐྱོར་བཅས་འདོན་སྤྲོད་བྱ་རྒྱུ།

    ས་བཅད་དང་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྤེལ་དང་ལག་བསྟར་བྱ་རྒྱུ།

    སྤྱི་ ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སློབ་སྦྱོང་སློབ་གསོར་ཤུགས་སྣོན་ རྒྱག་རྒྱུ་དང་། མི་རིགས་ཀྱི་སྙིང་སྟོབས་དང་། དུས་རབས་ཀྱི་སྙིང་སྟོབས། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས” “ལམ་གཉིས་ཀྱི་སྙིང་སྟོབས”བཅས་དར་སྤེལ་ཤུགས་ཆེ་བཏང་ནས་རྒྱལ་གཅེས་རིང་ལུགས་ དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་དར་སྤེལ་ཤུགས་ཆེ་བཏང་ཐོག འབྱོར་ཕྱུག་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། རང་མོས། འདྲ་མཉམ། དྲང་བཞག ཁྲིམས་སྐྱོང་། རྒྱལ་གཅེས། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་དར་སྤེལ་གཏོང་རྒྱུ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་ཀྲུང་གོའི་ཕུགས་འདུན་གྱི་ དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་བཏང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་ རིན་ཐང་ལྟ་བ་དེ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་དེ་བཞིན་ཁ་ ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྲོད་དུ་ཁྱབ་པ་དང་། ཡུལ་སྲོལ་དམངས་ཆིངས་དང་། ལས་རིགས་ཚད་ལྡན། དགོན་སྡེ་དོ་དམ་བཅས་ཀྱི་ནང་ཡོངས་སུ་ཁྱབ་པ། དམངས་སྲོལ་རིག་གནས་དང་། སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ། ཁྱིམ་ཚང་སློབ་གསོ་བཅས་ཀྱི་ནང་ཁྱབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་ བའི་རིན་ཐང་ལྟ་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རིན་ཐང་ལ་ ཁྲིད་སྟོན་དང་། བྱ་སྤྱོད་ཀྱི་ཚད་འཛིན། ཐུན་མོང་གི་བརྩོན་ལེན་བྱེད་ས་བཅས་སུ་འགྱུར་བ་བྱ་རྒྱུ།

    ས་བཅད་གཉིས་པ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་རྒྱུ།

    མང་ ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དང་དམངས་ ཡོངས་ཀྱི་དཔེ་དེབ་ལྟ་ཀློག་དང་། དམངས་ཡོངས་ཀྱི་ལུས་སྦྱོང་། དམངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བཅས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས་མང་ཚོགས་ ཀྱིས་རིག་རྩལ་ཚོགས་པ་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ་དང་། གཞོན་ནུ་ལོ་ཆུང་གི་རིག་གནས་བརྩམས་བྱ་འཛུགས་སྤེལ་གང་མགྱོགས་བྱེད་པ་དང་སྤྱི་ ཚོགས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱས་ནས་རྒན་ རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ། དཔལ་ཡོན་གྲོང་ཁྱེར་གཏོད་པའི་བྱེད་སྒོ་མུ་མཐུད་སྤེལ་ཏེ་དཔལ་ཡོན་ཚན་པ་གཏོད་ རྒྱུ་དེ་སྤྱི་ཚོགས་རྩ་འཛུགས་གསར་པ་དང་དཔལ་འབྱོར་རྩ་འཛུགས་གསར་པའི་ཕྱོགས་སུ་ རྒྱ་སྐྱེད་གཏོང་རྒྱུ། གཞི་རིམ་གྱི་དཔལ་ཡོན་དར་སྤེལ་ཤུགས་ཆེ་བཏང་ནས་རིག་གནས་གཤམ་སྤེལ་བྱེད་སྒོ་ གཏིང་ཟབ་སྤེལ་རྒྱུ་དང་། གྲོང་གསེབ་ཀྱི་རིག་གནས་བྱེད་སྒོའི་སྤེལ་སྐྱོང་ཆུ་ཚད་མཐོ་རུ་བཏང་ཐོག་མི་ རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་དམངས་ཁྲོད་རིག་གནས་ཐོན་ཁུངས་ལ་བརྟེན་ནས་མང་ ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པའི་གཞི་རིམ་གྱི་རིག་གནས་བྱེད་སྒོ་ཤུགས་ཆེ་ སྤེལ་རྒྱུ། བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་གྲོང་ ཚོ་གྲོང་རྡལ་དང་། ཁྲོམ་གཞུང་། སྡེ་ཁུལ། ཚན་པ་བཅས་ཀྱི་བསམ་པའི་དཔལ་ཡོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཁུལ་ཁག་གཅིག་ འཛུགས་རྒྱུ། ཡིད་རྟོན་གྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དང་ཡིད་རྟོན་དྲིལ་བསྒྲགས་དང་ཁྱབ་ གདལ་གཏོང་བའི་སློབ་གསོ་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ།

    ས་བཅད་གསུམ་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ཤུགས་ཆེར་གཏོང་རྒྱུ།

    མཚན་ ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དར་རྒྱས་གོང་འཕེལ་གཏོང་རྒྱུ་དང་བོད་རིག་པའི་ ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་རིག་མཛོད་གསར་པ་འཛུགས་པར་སྐུལ་འདེད་གཏོང་ རྒྱུ་དང་། དྲ་རྒྱའི་དྲང་ནུས་སྒྲོག་སྤེལ་བྱེད་ནུས་ཆེ་རུ་བཏང་སྟེ་བོད་འབྲེལ་གླེང་ཕྱོགས་ ཐད་འཐབ་རྩོད་བྱེད་པའི་སྐད་ཆ་ཤོད་དབང་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་ བྱེད་པ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཧུར་བརྩོན་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་གོང་འཕེལ་གཏོང་བ་བཅས་བྱས་ནས་མེས་ རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དང་མི་རིགས་མཐུན་སྒྲིལ་གྱི་ བསམ་བློའི་རྨང་གཞི་བརྟན་པོ་འཛུགས་རྒྱུ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་ འདེད་གཏོང་བ་དང་། སྨྱན་སྦྱོར་གྱི་གྲངས་གཞི་ཅན་གང་མགྱོགས་བཟོ་བ། རླུང་འཕྲིན་བརྙན་འཕྲིན་དྲ་རྒྱའི་སྨྱན་སྦྱོར་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ རིག་གནས་སྒྲོག་སྤེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་གཏོང་རྒྱུ།

    ལེ་ཚན་བདུན་པ། མཉམ་ལས་གཉིས་ཕན་བྱས་ཏེ་གོ་རིམ་ལྡན་པའི་ངང་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་རྒྱུ།

    ཕྱི་ ཕྱོགས་སུ་སྒོ་དབྱེ་བའི་རྒྱལ་ཁབ་ཀྱི་སྤྱིའི་ཐབས་ཇུས་དོན་འཁྱོལ་དང་སྒོ་ དབྱེའི་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སྒྱུར་གྱིས་ས་བབ་ཀྱི་བཟང་ཆ་འདོན་སྤེལ་གང་ ལེགས་བྱས་ཏེ་ནེ་པ་ལ་དང་། རྒྱ་གར། འབྲུག་པ། འབར་མ་བཅས་དང་ཚོང་དོན་འགྲོ་འོང་དང་རིག་གནས་སྤེལ་རེས་བྱ་རྒྱུར་སྐུལ་འདེད་ གཏོང་རྒྱུ་དང་། ཉེ་འཁོར་ཞིང་ཆེན་ལྗོངས་དང་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ སྟེ་ནང་ཁུལ་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་སྒོ་མོ་དབྱེ་རྒྱ་ ཆེར་འབྱེད་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུ།

    ལེའུ་ཉེར་བདུན་པ། རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་མོ་འབྱེད་པའི་གལ་ཆེའི་བགྲོད་ལམ་བསྐྲུན་རྒྱུ།

    རང་ འགུལ་ངང་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་སྤེལ་རྒྱུད་དང་“བྷང་ཀྲུང་ཧིན་འབར་ བཞིའི་དཔལ་འབྱོར་ཁྱམས་རིང”ནང་ཧུར་ཐག་ཞུགས་ཐོག“ཧེ་མ་ལ་ཡའི་མཐའ་འཁོར་གྱི་དཔལ་ འབྱོར་མཉམ་ལས་ཁུལ”བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་མཉམ་མཐུད་མཉམ་འབྲེལ་བྱས་ཏེ་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ རྒྱ་སྐྱེད་བཏང་ཐོག རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་མོ་འབྱེད་རྒྱུའི་གལ་ཆེའི་ བགྲོད་ལམ་བསྐྲུན་རྒྱུ་དང་། རྒྱལ་ཁབ་ཀྱིས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཁྲོད་རང་ལྗོངས་ཀྱི་འཐབ་ཇུས་གནས་ བབ་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    འགྲིམ་ འགྲུལ་རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ སྟེ་འགག་རྩའི་བགྲོད་ལམ་དང་། འགག་རྩའི་སྦྲེལ་ཚིགས། འགག་རྩའི་ལས་གྲྭ་བཅས་ལ་དམ་འཛིན་བྱས་ཐོག ཆད་ལུས་ཐེབས་པའི་གཞུང་ལམ་དུམ་མཚམས་སྔོན་ལ་བཟོ་བ་དང་། བཅུར་འགག་ཐེབས་པའི་གཞུང་ལམ་དུམ་མཚམས་ཤར་གཏོང་ཐུབ་པ་བྱ་རྒྱུ། འགག་སྒོའི་གཞུང་ལམ་དང་འགག་སྒོའི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ གཏོང་རྒྱུ་དང་། ཤར་སྐྱོད་ཐུབ་ཚད་མཐོ་རུ་གཏོང་རྒྱུ། ནེ་པ་ལའི་མཁའ་འགྲུལ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ལྗོངས་མཁའ་ འགྲུལ་ཀུང་སི་དང་ཧེ་མ་ལ་ཡའི་མཁའ་འགྲུལ་ཀུང་སིར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ སྤྱིའི་མཁའ་ལམ་རྒྱ་ཆེར་བཏོད་ནས་ནེ་པ་ལ་བརྒྱུད་རྒྱལ་ཁབ་གཞན་དག་ལ་མཁའ་ཐོག་ ཁྱམས་རིང་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུ། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ་ དང་། སྐྱིད་རོང་འགག་སྒོ་གཙོ་གནད་དུ་འཛུགས་སྐྲུན་དང་། འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན། ལྷ་སའི་མཁའ་འགྲུལ་འགག་སྒོའི་བྱེད་ནུས་བརྟན་པོའི་ངང་མཐོར་གཏོང་། སྤུ་ཧྲེང་འགག་སྒོ་གོང་འཕེལ་མགྱོགས་པོ་བཅས་གཏོང་རྒྱུ། གྲོ་མོའི་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོའི་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་ ཧུར་ཐག་གཏོང་རྒྱུ། མཐའ་མཚམས་ཚོང་དོན་བགྲོད་ལམ་དང་མཐའ་མིའི་ཚོང་འགྲུལ་བྱེད་སའི་སྒྲིག་བཀོད་ ལེགས་གཏོང་། ཞིང་ལས་ཐོན་རྫས་དང་། ཤ་རིགས། སྲོག་ཆགས་གསོན་རིགས་སོགས་གནས་གཏན་འཁེལ་གྱིས་རྒྱལ་ཁོངས་སུ་འཛུལ་བའི་འགག་སྒོ་ འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། འགག་སྒོར་རྒྱལ་སྤྱིའི(རྒྱལ་མཚམས་གྲོལ་བ)ཟོག་འགྲུལ་གཏོད་རྒྱུ། ནུས་རྒྱུ་རྒྱལ་གྲོལ་སྐྱེལ་འདྲེན་ལམ་ཐིག་གང་མགྱོགས་བསྣུར་བསྲིང་བྱ་རྒྱུ་དང་། ནེ་པ་ལ་དང་གློག་ཤུགས་དྲ་སྦྲེལ་ལ་སྐུལ་འདེད་གཏོང་རྒྱུ། ཀྲུང་ནེའི་རྒྱལ་མཚམས་གྲོལ་བའི་འོད་འཁྲིད་ཚི་སྐུད་སོགས་འཕྲིན་གཏོང་མ་ལམ་ འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་འཕྲིན་གཏོང་སྦྲེལ་མཐུད་བྱེད་ཚད་ཤུགས་ཆེར་ གཏོང་རྒྱུ། རྒྱལ་མཚམས་གྲོལ་སའི་རྨང་གཞིའི་སྒྲིག་བཀོད་འཆར་གཞི་འགོད་རྒྱུ་དང་ཚད་ལྡན་ལག་ རྩལ་མཐུད་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐོ་གསར་ལག་རྩལ་གྱི་ཁེ་ལས་ལ་ བརྟེན་ནས་ཀྲུང་གོ་འདི་ཉིད་ཚད་ལྡན་རྒྱལ་སྤྱི་ཅན་དུ་གྱུར་རྒྱུར་རྒྱབ་སྐྱོར་ བྱེད་དགོས་ལ་ཚན་རྩལ་དང་། སྒྲིག་ཆས། ལས་གྲྭ ཐོན་རྫས། དེ་བཞིན་ཞབས་ཞུ་ཕྱིར་སྐྱོད་བྱ་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས“ཨེ་ཤེ་ཡ་ལྷོ་ མའི་རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི(བོད་ལྗོངས)ཞིབ་འཇུག་ལྟེ་གནས”གྲབས་འཛུགས་ཧུར་ ཐག་བྱ་རྒྱུ།

    ས་བཅད་གཉིས་པ། ཉེ་འཁོར་ཞིང་ལྗོངས་དང་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།

    ཉེ་ འཁོར་ཞིང་ལྗོངས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་མཉམ་ལས་ བྱེད་ཤུགས་ཆེ་རུ་བཏང་སྟེ། ཤིན་ཅང་ནས་སེང་གེ་ཁ་འབབ་བརྒྱུད་སྤུ་ཧྲེང་དང་སྐྱིད་རོང་བར་དང་། མཚོ་སྔོན་ནས་ལྷ་ས་དང་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་བརྒྱུད་གྲོ་མོ་དང་སྐྱིད་ རོང་བར། སི་ཁྲོན་དང་ཡུན་ནན་ནས་ཆབ་མདོ་དང་ཉིང་ཁྲི་བརྒྱུད་གྲོ་མོ་དང་སྐྱིད་རོང་བར་ སོགས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གཞུང་ལམ་གྱི་བགྲོད་ལམ་ཆེ་མོ་ བསྐྲུན་རྒྱུ། ཁྲོན་བོད་བགྲོད་ལམ་ཆེ་མོ་བསྐྲུན་རྒྱུའི་སྤྱིའི་འཆར་གཞི་ལག་བསྟར་བྱ་རྒྱུ་ དང་། ཁྲོན་བོད་ལྕགས་ལམ་དང་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་གང་མགྱོགས་བྱས་ཏེ་ཡུན་ བོད་བགྲོད་ལམ་གསར་པ་བསྐྲུན་རྒྱུ། མཚོ་བོད་གཞུང་ལམ་གྱི་སྤུས་རིམ་མཐོ་རུ་གཏོང་རྒྱུ་དང་། ཤིན་བོད་གཞུང་ལམ་གྱི་སྐྱེལ་འདྲེན་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་རྒྱུ། མཚམས་འབྲེལ་གྲོང་ཁྱེར(ཀྲོའུ)དབར་གནམ་གྲུ་འཕུར་སྐྱོད་ཀྱི་མཁའ་ལམ་གཏོད་རྒྱུར་ སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། ཕྱི་ཕྱོགས་སུ་དཔལ་འབྱོར་ཚོང་དོན་དང་རིག་གནས་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ།

    དངོས་ ཟོག་དང་ཞབས་ཞུ་ཚོང་དོན་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་འཛུགས་སྐྱོང་ཤུགས་ཆེ་ བྱས་ཏེ་རང་བརྟེན་ཤེས་བྱའི་བདག་དབང་དང་རང་བརྟེན་གྲགས་རྟགས་ཐོན་རྫས་ཕྱིར་ གཏོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། འཛད་སྤྱོད་དགོས་མཁོ་ཆེ་བའི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱེད་ཤུགས་ཆེ་རུ་ གཏོང་རྒྱུ། ཕྱི་ཕྱོགས་ཚོང་དོན་གོང་འཕེལ་གྱི་དུས་བབ་གསར་པ་དང་འཚམ་པ་བྱས་ཏེ་ཕྱི་ཕྱོགས་ ཚོང་དོན་ལ་བརྟེན་ནས་ལེགས་སྒྱུར་རིམ་སྤོར་གྱི་དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་ དང་། ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་རྒྱལ་སྤྱིའི་ཚོང་གཉེར་དྲ་རྒྱ་འཛུགས་རྒྱུར་རྒྱབ་ སྐྱོར་བྱས་ཏེ་ཚོང་དོན་གྱི་གཙོ་རྐང་ཁེ་ལས་ཁག་གཅིག་འཛུགས་སྤེལ་བྱ་རྒྱུ། རང་ལྗོངས་ཀྱི་ཁེ་ལས་ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་རོགས་སྐྱོར་ རྣམ་གྲངས་ནང་ཞུགས་ཏེ་ལས་གྲྭ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཕྱི་ཕྱོགས་སུ་ངལ་ནུས་ཕྱིར་གཏོང་བྱ་རྒྱུ། དེ་བཞིན་དངུལ་རྩ་དང་། ཁོར་ཡུག་སྲུང་སྐྱོང་། དྭངས་གཙང་ནུས་རྒྱུ་སོགས་ཀྱི་ཁྱབ་ཁོངས་སུ་མ་འཇོག་མཉམ་ལས་བྱ་ཐབས་འཚོལ་ཞིབ་ བྱས་ནས་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། “རིག་གནས་ཕྱིར་སྐྱོད”འཐབ་ཇུས་ལག་བསྟར་བྱས་ནས།“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པའི་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་ཀྱི་གྲགས་རྟགས་ མཚན་སྙན་གཏོད་རྒྱུ། རིམ་རིགས་ཁག་གི་སློབ་ཆེན་དང་། སྤྱི་ཚོགས་ཚོགས་པ། དམངས་ཁྲོད་རྩ་འཛུགས་བཅས་ནས་ཕྱི་ཕྱོགས་སུ་རིག་གནས་དང་། སྒྱུ་རྩལ། ཆོས་ལུགས་སྤེལ་རེས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་བོད་རིག་པའི་ཞིབ་འཇུག་ལས་ ཁུངས་དང་བོད་རིག་པ་མཁས་ཅན་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་སྤེལ་རེས་ མཉམ་ལས་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱས་ནས་བོད་ཀྱི་རིག་གནས་ ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ། ཨེ་ཤེ་ཡ་ལྷོ་མའི་གནད་དོན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་གར་ སྲིད་གཞུང་དབར་ཉོ་ཚོང་གྲོས་མོལ་བྱ་རྒྱུའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་ གཏོང་རྒྱུ་དང་། རྒྱ་གར་དང་སྐམ་ཐོག་ཏུ་ཉོ་ཚོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རྒྱ་གར་གཞུང་ཕྱོགས་ཀྱི་གནས་སྐོར་བ་རྣམས་རྣ་ཐོས་ལ་བརྒྱུད་བོད་དུ་གནས་མཇལ་དུ་ ཡོང་ལམ་བཟོ་རྒྱུ་དང་། གནས་མཇལ་བར་སྟབས་བདེའི་ལམ་སྲོལ་འཛུགས་ཐོག ཀྲུང་ཧིན་དམངས་ཁྲོད་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་ གཏོང་རྒྱུ།

    ལེའུ་ཉེར་དགུ་པ། སྒོ་དབྱེའི་ལས་སྟེགས་བསྐྲུན་རྒྱུར་ཤུགས་རྒྱག་རྒྱུ།

    “བོད་ལྗོངས་འགྲེམས་ཚོགས”འཛིན་ཐབས་གལ་ཆེན་དུ་བྱས་ཏེ་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུའི་མཐུན་རྐྱེན་ཆེན་མོ་སྐྲུན་རྒྱུ་དང་། དེའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་སྟེ་ཕྱི་ཕྱོགས་སུ་སྒོ་དབྱེའི་སྲིད་ཇུས་སྔར་བས་ལག་བསྟར་ཧུར་ཐག་བྱས་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ།

    ས་བཅད་དང་པོ། “བོད་ལྗོངས་འགྲེམས་ཚོགས”ཀྱི་ཕྱོགས་བསྡུས་བག་ཆགས་འཇོག་ཤུགས་རྒྱ་ཆེར་གཏོང་རྒྱུ།

    ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་ནུས་པ་ཆེ་རུ་བཏང་སྟེ་འགྲེམས་ཚོགས་ཆེ་མོའི་ནང་དོན་གཏོད་རྒྱུ་དང་། ཚོང་ཟོག་འགྲེམས་སྟོན་དང་། མ་འཇོག་འཕྲད་མོལ། ལག་རྩལ་མཉམ་ལས། རིག་གནས་སྤེལ་རེས་སོགས་ཀྱི་ལས་སྟེགས་ནུས་པ་རྒྱ་ཆེར་བཏང་ཐོག ལས་རྣམ་མཉམ་འདྲེས་བྱ་ཤུགས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་ཡུལ་སྐོར་དང་། བཟའ་བཏུང་། གནས་སྡོད། སྤྲོ་གསེང་། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ། དྲ་སྦྲེལ་ལག་རྩལ་བེད་སྤྱད་དེ་རྒྱལ་ནང་དུ་སྐད་གྲགས་ཆེ་བའི་གློག་རྡུལ་ཚོང་དོན་དང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་སྟེ་དྲ་ཐོག་དང་དྲ་མེད་ཟུང་འབྲེལ་གྱིས“དྲ་རྒྱའི་བོད་ལྗོངས་འགྲེམས་ཚོགས”བཟོ་དགོས། “བོད་ལྗོངས་འགྲེམས་ཚོགས”དང་། ཞོ་སྟོན། ཇོ་མོ་གླང་མའི་རིག་གནས་དུས་ཆེན། ཡར་ཀླུང་རིག་གནས་དུས་ཆེན་སོགས་ལྗོངས་ནང་ཁུལ་གྱི་དུས་སྟོན་བྱེད་སྒོའི་རིགས་ཁག་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནང་དོན་འགྲེམས་སྟོན་དང་མི་གཡང་བསྡུ་འགུགས་སོགས་ཀྱི་ཐད་མཉམ་ཤུགས་ཆགས་པ་བྱ་རྒྱུ། མཐའ་འཁོར་ཞིང་ལྗོངས་དང་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ཐོག ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་ནང་ཞུགས་རྒྱུར་འདྲེན་འགུགས་ཧུར་ཐག་བྱས་ནས“བོད་ལྗོངས་འགྲེམས་ཚོགས”རྒྱལ་ཡོངས་སུ་བག་ཆགས་ཆེ་ཤོས་ལྡན་པའི“བོད་ཅེས་ཡིག་མགོར་འཁོད་པའི”གྲགས་རྟགས་འགྲེམས་སྟོན་གྱི་ལས་སྟེགས་ཤིག་ཏུ་བསྐྲུན་རྒྱུ། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག རྒྱལ་ནང་གི་ཕུལ་བྱུང་ཁེ་ལས་འགྲེམས་སྟོན་དུ་ཞུགས་པའམ་ཡང་ན་རྣམ་གྲངས་མ་འཇོག་ཐད་ངོ་འཕྲད་གྲོས་མོལ་བྱ་རྒྱུར་འདྲེན་འགུགས་བྱས་ཏེ“བོད་ལྗོངས་འགྲེམས་ཚོགས”དེ་བཞིན་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་རྒྱལ་ནང་གི་ཕུལ་བྱུང་ཐོན་རྫས་དང་སྔོན་ཐོན་ལག་རྩལ་འགྲེམས་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ། ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་དང་བོད་ལུགས་གསོ་རིག་སྨན་རྫས་གླེང་སྟེགས་མཉམ་དུ་སྤེལ་ཐོག ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་ནེ་པ་ལའི་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲེམས་སྟོན་ངོ་འཕྲད་ཚོགས་འདུ་དང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་དང་རྩ་འཛུགས་ལས་ཁུངས་དེ་བས་མང་བ་ཞུགས་རྒྱུར་བསྡུ་འགུགས་ཧུར་ཐག་བྱས་ནས་རྒྱལ་སྤྱིའི་ཐོག་བག་ཆགས་འཇོག་ཤུགས་ཆེ་བ་དང་ཁུལ་ཁོངས་སུ་སྐུལ་ཁྲིད་བྱེད་ནུས་ལྡན་པའི་ཕྱོགས་བསྡུས་འགྲེམས་ཚོགས་སྤེལ་རེས་ཀྱི་ལས་སྟེགས་ཤིག་རིམ་བཞིན་བསྐྲུན་རྒྱུ།

    ས་བཅད་གཉིས་པ། ཕྱི་ཕྱོགས་སུ་སྒོ་དབྱེའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ།

    བོད་སྐྱོད་ཆོག་མཆན་ཡི་གེ་སྤྲོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གནམ་ཐང་ནས་ཐོན་དུས་རྒྱལ་གྲོལ་མཆན་འགོད་མི་དགོས་པ་དང་། གནམ་ཐང་དུ་བབས་རྗེས་ཐོངས་མཆན་ལག་ཁྱེར་དགོས་པའམ་ཡང་ན་ཐོངས་མཆན་མི་དགོས་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ། རྒྱལ་ནང་གི་སྤྱི་དམངས་མཐའ་མཚམས་ཁུལ་དུ་སྐྱོད་རྒྱུའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ། གློག་རྡུལ་འགག་སྒོ་འཛུགས་སྐྲུན་བྱས་ཏེ་ཕྱིར་གཏོང་ནང་འདྲེན་ཚོང་དོན་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཐོག“སྙན་སེང་ཐེངས་གཅིག་ལ་དཔྱད་བཤེར(བརྟག་བཤེར་དང་ནད་ཡམས་བརྟག་ཞིབ)ཐེངས་གཅིག་དང་། ཐོངས་སྒྲོལ་ཐེངས་གཅིག་བྱ་རྒྱུའི”འགག་བཤེར་མཉམ་ལས་འགག་སྒྲོལ་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ། སྟབས་བསྟུན་བྱེད་སྟངས་སྤྱད་ནས་བཀག་རྒྱ་གསལ་ཐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་རྒྱལ་ཕྱིའི་མ་རྩ་འཇུག་འཁྲོལ་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་རྒྱུ། མཐའ་འཁོར་རྒྱལ་ཁབ་དབར་དངུལ་རྩ་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་གྲོལ་མི་དམངས་ཤོག་སྒོར་གྱི་དུས་རྩིས་རྒྱག་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། འགག་སྒོའི་མི་སྒེར་གྱི་རང་དངུལ་དང་ཕྱི་དངུལ་བརྗེས་རེས་དམིགས་འཁྲོལ་ཆོག་པའི་དམིགས་བཙུགས་ཚན་པ་འཇུག་འཁྲོལ་གྱི་སྒོ་ཐེམ་དམའ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཐོག ཨ་སྒོར་དང་། ནེ་སྒོར། རུ་པི་སོགས་བརྗེ་རེས་ཀྱི་ཞབས་ཞུ་བསྒྱུབ་རྒྱུ། ལྷ་ས་དང་གཞིས་རྩེར་ཕྱོགས་བསྡུས་ཁྲལ་མེད་ས་ཁུལ་འཛུགས་རྒྱུའི་འཚོལ་ཞིབ་བྱ་རྒྱུ་དང་། སྐྱིད་གྲོང་དུ་མཐའ་མཚམས་ཀྱི་དཔལ་འབྱོར་མཉམ་ལས་ཁུལ་གང་མགྱོགས་བསྐྲུན་རྒྱུ། ཕྱི་སྡོད་གཞུང་ཚབ་ཁང་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་ལྗོངས་ཀྱི་ཁེ་ལས་ལ་ཕྱི་རྒྱལ་དུ་མ་དངུལ་འཇོག་པའི་བློ་འདྲི་དང་ཁྲིམས་ཀྱི་བློ་འདྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུ།

    ལེ་ཚན་བརྒྱད་པ། སྲུང་བཅད་བརྟན་པོ་བཙུགས་ནས་ཐཱན་ཉུང་འབྱུང་འཕྲོད་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུ།

    སྲུང་སྐྱོང་དང་གོང་འཕེལ་གལ་ཆེ་མཉམ་འཛིན་དང་། སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་སླར་གསོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། འབྱུང་ཁམས་བདེ་འཇགས་ཀྱི་རྨང་གཞིའི་ཐོག་གོང་འཕེལ་ཡོང་བ་བྱ་རྒྱུ་དང་། ས་མཐོའི་འབྱུང་ཁམས་སྲུང་བཅད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། འབྱུང་འཕྲོད་ཀྱི་གོང་འཕེལ་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱི་ཐོག་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཐོག་འབྱུང་ཁམས་ཀྱི་ཁོར་ཡུག་བཟང་པོ་འགན་ལེན་དང་རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་འགན་སྲུང་བྱ་རྒྱུ།

    ལེའུ་སུམ་ཅུ་པ། རང་བྱུང་འབྱུང་ཁམས་ཀྱི་མ་ལག་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུ།

    སྲུང་སྐྱོང་གཙོ་བོར་བྱེད་པ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་བོད་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་འཆར་འགོད་གང་མགྱོགས་ལག་བསྟར་བྱས་ནས་ནགས་ཚལ་དང་། ཐང་རྒོད། རྩྭ་ཐང་། གཙང་ཆུ་དང་མཚེའུ། གཤེར་ས་སོགས་རང་བྱུང་འབྱུང་ཁམས་རྒྱུན་གནས་ཐུབ་པ་བྱས་ནས་འབྱུང་ཁམས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ།

    ས་བཅད་དང་པོ། “སྲུང་བཅད་གསུམ་དང་ཁུལ་ལྔ”གཙོ་རྐང་དུ་བྱས་པའི་འབྱུང་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་རྒྱུ།

    གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ། ས་གནས་དང་རྫོང་གི་གཙོ་ནུས་ཐོན་ཁུལ་ལྟར་གནས་གཏན་འཁེལ་བཟོ་རྒྱུར་སྐུལ་སྤེལ་བཏང་ནས་གོང་འཕེལ་གཏོང་ཕྱོགས་དང་གོང་འཕེལ་གཏོང་བའི་གཙོ་གནད་གཏན་འཁེལ་བཟོ་རྒྱུ། གཙོ་གནད་འབྱུང་ཁམས་ཀྱི་གཙོ་ནུས་ཐོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་འབྱུང་ཁམས་ཀྱི་གཙོ་ནུས་ཐོན་ཁུལ་ཀྱི་ཐོན་ལས་འཛུལ་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོའི་ལམ་ལུགས་ལག་བསྟར་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་འབྱུང་ཁམས་ཁོར་ཡུག་གིས་ཐེག་ཐུབ་པའི་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་ནས“སྲུང་བཅད་གསུམ་དང་ཁུལ་ལྔ”14གཙོ་བོའི་འདེགས་སྐྱོར་དུ་བྱས་པའི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་བཅད་བསྐྲུན་རྒྱུ། ཞིང་ལས་ཐོན་རྫས་གཙོ་བོ་ཐོན་ཁུལ་དང་གཙོ་གནད་འབྱུང་ཁམས་ཀྱི་གཙོ་ནུས་ཐོན་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྫོང་རིམ་པའི་སྲིད་འཛིན་ཁུལ་སྡེ་ཚན་དུ་བྱས་ཏེ། བར་སྟོང་འཆར་འགོད་དང་། སྤྱོད་སྒོ་སྟངས་འཛིན། འགོ་ཁྲིད་ལས་བྱེད་པའི་ལས་གནས་ལས་སྒྱུར་བྱེད་སྐབས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་བྱེད་པ་དང་། ཁྱད་པར་ཡོད་པའི་ལས་ཕྱོད་དཔྱད་ཞིབ་བྱ་རྒྱུ་སོགས་ཀྱི་བར་སྟོང་བཅོས་སྐྱོང་མ་ལག་འཛུགས་རྒྱུ། ཚན་རིག་དང་མཐུན་པའི་ངང་ཞིང་ལས་སྤེལ་གཞི་དང་འབྱུང་ཁམས་ཀྱི་བར་སྟོང་སྲུང་སྐྱོང་བྱེད་པའི་དམར་ཐིག་གཏན་འཁེལ་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་ས་ཆ་བེད་སྤྱོད་དང་། དཔལ་འབྱོར་ཁྱབ་ཚུལ། ཁུལ་ཁོངས་གོང་འཕེལ་བཅས་གཅིག་གྱུར་འཆར་འགོད་བཟོ་རྒྱུ། ལྷོ་ཁ་དང་། ཉིང་ཁྲི། གཞིས་རྩེ་སོགས་རྒྱལ་ཁབ་རིམ་པའི་འབྱུང་ཁམས་ཤེས་དཔལ་གྱི་སྔོན་སྤེལ་དཔེ་མཚོན་ཁུལ་འཛུགས་རྒྱུ། འབྱུང་ཁམས་སྲུང་སྐྱོང་དང་དོ་དམ་བྱེད་ཐབས་ལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་རིགས་འདྲ་མིན་གྱི་རང་བྱུང་སྲུང་སྐྱོང་ཁུལ་ཚད་ལྡན་བཟོ་རྒྱུ་དང་། གནས་ཡུལ་འབྲེལ་བ། དོ་སྙོམས་རང་བཞིན་ཆེ་བ། སྲུང་སྐྱོང་བྱ་ཡུལ་གཅིག་མཚུངས་ཡིན་པའི་གསར་སྤེལ་བཀག་སྡོམ་ཁུལ་ཟླ་སྒྲིལ་གཏོང་རྒྱུ།

    1.jpg

    ས་བཅད་གཉིས་པ། ཕྱོགས་ཡོངས་ནས་ཐོན་ཁུངས་གྲོན་ཆུང་དང་ཕྱོད་ཆེའི་སྒོ་ནས་བེད་སྤྱོད་བྱ་རྒྱུ།

    གཅུན་འདོམས་རང་བཞིན་གྱི་དམིགས་ཚད་དོ་དམ་ཤུགས་ཆེ་བྱས་ནས་ནུས་ཁུངས་དང་། ཆུའི་ཐོན་ཁུངས་ཀྱི་ཟད་གྲོན། འཛུགས་སྐྲུན་ས་ཆ་སོགས་ཀྱི་སྤྱི་འབོར་དང་ཤུགས་ཚད་གཉིས་ཚོད་འཛིན་བྱེད་པའི་བྱ་སྤྱོད་སྤེལ་རྒྱུ། དམངས་ཡོངས་ཀྱིས་ནུས་རྒྱུ་བསྲི་ཚགས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ། ཆུ་དང་། རྒྱུ་ཆ། ས་ཆ། གཏེར་ཁ་བཅས་གྲོན་ཆུང་བསྲི་ཚགས་བྱ་རྒྱུའི་ལག་རྩལ་ཁྱབ་གདལ་ཤུགས་ཆེ་བཏང་ནས་ཐོན་ཁུངས་གྲོན་ཆུང་ཐོག བེད་སྤྱོད་བྱེད་ཚད་དང་ཕྱོགས་བསྡུས་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ། ཆེས་ནན་ཤོས་ཀྱི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་བཟོས་ནས་ཆུ་གྲོན་ཆུང་གི་ཞིང་ལས་གོང་འཕེལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཆུང་བྱ་རྒྱུར་ཤུགས་སྣོན། ཁེ་ལས་ཀྱིས་ཆུ་གྲོན་ཆུང་བྱ་རྒྱུར་སྒྱུར་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་ཆུ་གྲོན་ཆུང་བྱེད་པའི་སྤྱི་ཚོགས་རྣམ་པ་བསྐྲུན་རྒྱུ། རྨོ་ཞིང་གི་དམར་ཐིག་དང་གཞི་རྩའི་རྩྭ་རའི་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ཏེ། ས་ཆ་བེད་སྤྱོད་བྱེད་པའི་འཆར་འགོད་ལ་ལྟ་སྡོམ་དང་། ཁྲོམ་ར་སྙོམ་སྒྲིག ཚད་གཞི་ཚོད་འཛིན། འབྱུང་འཕྲོད་གཏེར་ལས་གོང་འཕེལ་དང་། འབྱུང་འཕྲོད་གཏེར་འདོན་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ། དཔྱད་ཞིབ་ལྟ་སྡོམ་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ས་ཆ་བེད་སྤྱོད་ཐད་དོ་དམ་ནན་པོ་བྱ་རྒྱུ། གཏེར་ཁའི་ཐོན་ཁུངས་ཕྱོད་ཆེའི་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གཏེར་ཁའི་ཐོན་ཁུངས་སྔོག་འདོན་སྐྱེལ་འདྲེན་བྱེད་ཚད་དང་། གཏེར་སྒྲུག་བསྡུ་ཚད། ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད་བཅས་མཐོ་རུ་གཏོང་རྒྱུ། ཐོན་ཁུངས་སྤྱོད་དབང་དང་། ཆུ་སྤྱོད་དབང་། སྦགས་བཙོག་གཙང་གསིང་དབང་ཆ་བཅས་བགོ་འགྲེམས་དོ་དམ་ལམ་ལུགས་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    1.jpg

    3.jpg

    ས་བཅད་གསུམ་པ། རྒྱལ་ཁབ་ས་ཆ་སྔོ་ལྗང་དུ་སྒྱུར་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    རང་བྱུང་རྩྭ་ཐང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མུ་མཐུད་སྐྱས་སྤོས་རྩྭ་གསོ་དང་། རྩྭ་འདེབས་པ། རྩྭ་ཐང་གི་ཨ་བྲ་དང་འབུ་སྐྱོན། རྩྭ་ངན་བཅས་འགོག་བཅོས་བྱ་རྒྱུ། རང་བྱུང་ནགས་ཚལ་དང་གཙོ་གནད་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རང་བྱུང་ནགས་ཚལ་དང་གཙོ་གནད་ཀྱི་སྤྱི་ཕན་ནགས་ཚལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཚོང་ཟོག་རང་བཞིན་གྱི་ཤིང་གཅོད་མཚམས་བཞག་ཏེ་རང་བྱུང་ནགས་ཚལ་ཐོན་ཁུངས་བདག་སྐྱོང་བྱ་རྒྱུ་ཁྱོན་ཡོངས་ལ་ཁེབས་པ་བྱ་རྒྱུ། རྨོ་སྐྱུར་ནགས་བཟོ་བྱེད་ཐེངས་གསར་པ་ལག་བསྟར་དང་། “གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་ལྗང་ལས་གཞི་གང་མགྱོགས་ལག་བསྟར་བྱས་ནས། ས་ཆུ་སྲུང་འཛིན་ནགས་ཚལ་དང་། ཆུ་འཁྱིལ་གསོག་ནགས་ཚལ། ཆུ་རགས་ནགས་ཚལ་བཅས་ཀྱིས་གཙོ་བོ་བྱས་པའི་སྔོ་ལྗང་སྲུང་བཅད་བསྐྲུན་རྒྱུ། ནགས་ཚལ་ཐོན་ཁུངས་དོ་དམ་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས། གཞུང་ཁོངས་ནགས་ཚལ་སྒྱུར་བཅོས་ཏན་ཏིག་བྱ་རྒྱུ་དང་། ཕྱོགས་ཁག་གི་མ་དངུལ་ཤིང་འཛུགས་ནགས་བཟོའི་ཐོག་གཏོང་རྒྱུར་སྣེ་ཁྲིད་བྱ་རྒྱུ། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྔོ་ལྗང་ལས་ཁུངས་དང་། སྔོ་ལྗང་སློབ་གྲྭ། སྔོ་ལྗང་སྒོ་ར། སྔོ་ལྗང་ཞིང་ཁྱིམ་བཅས་གཏོད་རྒྱུ།

    ས་བཅད་བཞི་པ། ཆུའི་འབྱུང་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    གཙང་ཆུའི་ཆུ་འགོའི་ཁུལ་དང་། གཙོ་གནད་ས་མཐོའི་མཚེའུ་དང་ཆུ་རྩ་གསོག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “གཙང་པོ་གཅིག་དང་ཆུ་བོ་བཞི”རྒྱུག་ཁུལ་དང་བོད་ཤར་རྒྱུད་ཀྱི“ཆུ་བོ་གསུམ”རྒྱུག་ཁུལ། ཡིད་འོང་མཚོ་བཅས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཙང་ཆུ་དང་མཚེའུ་ཡི་ཆུ་ཁུངས་མ་ལག་ཆ་ཚང་མི་ཉམས་རྒྱུན་འཁྱོངས་ཀྱིས་འབྱུང་ཁམས་ནུས་པ་སླར་གསོ་ཐུབ་པ་བྱ་རྒྱུ། བེད་མེད་དུ་སྐྱུར་བའི་གཏེར་ཁ་དང་། ས་སྦོལ་རྩྭ་ར། གཤེར་ས་བཅས་ཀྱི་འབྱུང་ཁམས་ཁོར་ཡུག་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡར་ཀླུང་གཙང་པོའི་དཀྱིལ་རྒྱུད་ཀྱི་ས་ཆ་བྱེ་འགྱུར་དང་། བོད་ནུབ་བྱང་ཁུལ་གྱི་ས་ཆ་ཐང་རྒོད་དུ་འགྱུར་བ། བོད་ཤར་ལྷོའི་ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་དང་ཆུ་ཕྲན་རྒྱུག་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཨར་ལས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ས་ཆུ་སྲུང་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་ལྔ་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ།

    སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་འཐབ་ཇུས་དང་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱས་ནས་གལ་ཆེའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཁུལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྟོངས་ཉེར་ཡོད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱ་རྒྱུ་དང་། གཙོ་གནད་དུ་སྲུང་སྐྱོབ་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་ཁྱུ་ཆུང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་ལས་གཞི་ལག་བསྟར་བྱ་རྒྱུ། རིགས་རྒྱུད་ཀྱི་གཞི་རྒྱུའི་མཛོད་དང་སྲོག་སྐྱོབ་རྒྱུད་འཕེལ་ལྟེ་གནས་བཙུགས་ཏེ། ལྟ་ཞིབ་ཚོད་སྐོར་དང་ཉེན་ཟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་རྒྱུད་ཐོན་ཁུངས་སྟོངས་འགྲོ་བ་དང་ཕྱིའི་རིགས་རྒྱུད་ཀྱིས་བཙན་གནོད་བྱེད་པར་སྔོན་འགོག་ནན་པོ་བྱས་ཐོག་རྩ་མེད་དུ་འགྲོ་ཉེན་ཡོད་པའི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་དང་། དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་འཚོང་བྱེད་པར་རྡུང་རྡེག་ཚ་ནན་གཏོང་རྒྱུ།

    5.jpg

    6.jpg

    ས་བཅད་དྲུག་པ། འབྱུང་ཁམས་ཕྱོགས་བསྡུས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་དང་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོང་སྐྱོང་གསབ་ལམ་སྲོལ་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྱུང་ཁམས་སྐྱོང་གསབ(ཁ་གསབ)ཀྱི་ཚད་གཞི་སྤར་རྒྱུ། ཚོད་ལྟའི་རྨང་གཞིའི་ཐོག་གཤེར་སའི་འབྱུང་ཁམས་ཕན་འབྲས་ཀྱི་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་དང་། གཤེར་ས་སྲུང་སྐྱོང་གི་བྱ་དགའ་དང་། ཆུའི་འབྱུང་ཁམས་སྐྱོང་གསབ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། དེ་བས་མང་བའི་རང་སྐྱོང་ལྗོངས་རིམ་པའི་གསར་སྤེལ་བཀག་སྡོམ་ཁུལ་དེ་རྒྱལ་ཁབ་ཀྱི་གཙོ་གནད་འབྱུང་ཁམས་བྱེད་ནུས་ཁུལ་གྱི་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒྱུར་སྤྲོད་བྱེད་ཁོངས་སུ་འཇུག་ཐུབ་པ་བྱ་རྒྱུ། གསར་སྤེལ་བཀག་སྡོམ་ཁུལ་དང་། གཙོ་གནད་འབྱུང་ཁམས་བྱེད་ནུས་ཁུལ་གྱི་ཐད་ལྗོངས་ནོར་སྲིད་ནས་མ་དངུལ་སྒྱུར་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཐོན་ཁུངས་བེད་སྤྱོད་བྱས་པར་རིན་པ་སྤྲོད་པ་དང་། ཁོར་ཡུག་སྦགས་བཙོག་བཟོས་པར་རིན་པ་སྤྲོད་པ། འབྱུང་ཁམས་གཏོར་སྐྱོན་བཏང་བར་རིན་པ་སྤྲོད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གུན་གསབ་སྤྲོད་པའི་གཙོ་འགན་འཁུར་མཁན་ཁ་གསལ་བཟོ་བ་དང་། གཏེར་ཁའི་ཁོར་ཡུག་བཅོས་སྐྱོང་དང་འབྱུང་ཁམས་བསྐྱར་གསོའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་བཙུགས་ནས་འབའ་དངུལ་འཇོག་ལམ་ལག་བསྟར་ནན་པོ་བྱ་རྒྱུ། ཐོན་ཁུངས་རྣམ་པའི་ཁེ་ལས་རྒྱུན་མཐུད་ངང་གོང་འཕེལ་གཏོང་རྒྱུའི་གྲབས་དངུལ་འཇོག་ལམ་ཁྱབ་སྤེལ་བཏང་ནས། གཏེར་ཁུལ་གྱི་ས་གཤིས་ཁོར་ཡུག་བསྐྱར་གསོ་བཅོས་སྐྱོང་དང་གཏེར་ཁུལ་གྱི་ས་ཞིང་བསྐྱར་སྦོལ་བྱ་རྒྱུ།

    ལེའུ་སོ་གཅིག་པ། ཕྱོགས་ཡོངས་ནས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ།

    ཁོར་ཡུག་གི་སྤུས་ཚད་རྒྱུན་འཁྱོངས་དང་ལེགས་བཅོས་བྱ་རྒྱུ་ལྟེ་བར་བྱས་ནས། ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་བསྟར་བྱས་ཏེ་སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་ཐུན་མོང་ཐོག་དོ་དམ་བྱེད་པའི་ཁོར་ཡུག་ལྟ་སྐུལ་དང་བཅོས་སྐྱོང་གི་མ་ལག་ཅིག་གྲུབ་པ་བྱ་རྒྱུ།

    ས་བཅད་དང་པོ། སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    རླུང་ཁམས་ཆེ་མོ་དང་ས་ཆུ་བཅས་གསུམ་གྱི་སྦགས་བཙོག་འགོག་བཅོས་བྱེད་པའི་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་བྱས་པའི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་པའི་ལས་དོན་དམ་འཛིན་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གཙང་གསིང་སྒྲིག་བཀོད་ཀུན་ལ་ཁྱབ་པ་བྱ་རྒྱུ་དང་། གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཆུ་སྙིགས་གཙང་གསིང་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་མ་ཟད་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་བྱ་རྒྱུ། གཏན་འཇགས་ཀྱི་སྦགས་བཙོག་ཡོ་ཁུངས་ཀུན་ལ་ཁྱབ་པའི་ཁེ་ལས་ཀྱི་བཙོག་འབུད་ཆོག་འཐུས་ལམ་ལུགས་འཛུགས་རྒྱུ། བཟོ་ལས་སྦགས་བཙོག་ཕྱོགས་ཡོངས་ནས་གཙང་སེལ་ཚད་མཐུན་འཆར་གཞི་ལག་བསྟར་བྱ་རྒྱུ། ཟེར་འགྱེད་ཁོར་ཡུག་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཕྲོ་ཁུངས་དང་འཕྲོ་ཐིག་གི་སྒྲིག་ཆས་ལ་ལྟ་སྡོམ་ཡག་པོ་བྱ་རྒྱུ།

    ས་བཅད་གཉིས་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    འཐུང་ཆུའི་ཆུ་རྩ་དང་། གལ་ཆེའི་ཡུལ་སྐོར་གནས་ལྗོངས། འགྲིམ་འགྲུལ་ལམ་རྒྱུད་གཙོ་བོ་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་སྤེལ་རྒྱུ། གཙང་ཆུ་དང་མཚོ་མཚེའུ་ཉེ་འགྲམ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བྱ་སྤྱོད་སྤེལ་ནས་རང་བྱུང་འབྱུང་ཁམས་མ་ལག་ལ་གནོད་སྐྱོན་ཡོད་པའི་གསར་སྦོལ་བྱེད་པ་དང་དེ་བཞིན་ཆུ་ངོགས་དང་། གཤེར་ས། ནགས་ཚལ། བྱེ་ས། རྩྭ་ར་བཅས་ཧམ་བཟུང་གིས་ཞིང་ལས་གསར་སྤེལ་བྱེད་རིགས་ནན་འགོག་བྱ་རྒྱུ། ཞིང་ལས་ཀྱི་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ས་ཞིང་གི་སྦགས་བཙོག་བཅོས་སྐྱོང་དང་བསྐྱར་གསོའི་དཔེ་མཚོན་ཚོད་ལྟ་སྤེལ་རྒྱུ།

    ས་བཅད་གསུམ་པ། ཁོར་ཡུག་བཅོས་སྐྱོང་གི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    གཏེར་ཁ་བསྔོག་འདོན་དང་གསར་སྤེལ་བྱ་རྒྱུའི་རང་སྐྱོང་ལྗོངས་སྲིད་གཞུང་ གི“སྨྱུག་གཅིག་མའི”ཆོག་མཆན་སྤྲོད་པའི་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོང་ཐད་ཀྱི“སྤ་སེ་གཅིག་གིས་ཕྲུ་སློག་གཏོང་བའི”ལམ་ལུགས་ལག་ བསྟར་ནན་པོ་བྱས་ནས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་བཀག་རྒྱ་གསལ་ཐོའི་དོ་དམ་ ལམ་ལུགས་ལག་བསྟར་བྱ་རྒྱུ། འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་ བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ། ལྗོངས་ཡོངས་སུ་གཅིག་གྱུར་གྱི་འབྱུང་ཁམས་ཁོར་ཡུག་ལྟ་དཔྱད་དྲ་རྒྱ་དང་དུས་ བསྟུན་དྲ་ཐོག་གི་ཁོར་ཡུག་ལྟ་སྡོམ་མ་ལག་བཙུགས་ནས་ཁོར་ཡུག་ཆ་འཕྲིན་ཡོངས་ བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ལྗོངས་ཡོངས་སུ་ཁོར་ཡུག་གི་ལྟ་དཔྱད་དང་ལྟ་བཤེར་ཁྲིམས་སྒྱུར་བཅས་ཀྱི་ཐད་ཀའི་ དོ་དམ་དང་ས་གནས་གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཁུངས་སྒྱུར་བཅོས་བྱ་ རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྡོམ་དང་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པའི་ ཁྲིམས་སྒྱུར་ལས་ཁུངས་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་ཐད་ཕྱོགས་ཡོངས་ནས་དཔྱད་ ཞིབ་བྱ་རྒྱུ་དང་། ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    ལེའུ་སོ་གཉིས་པ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ།

    གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུ་དེ་འབྱུང་ཁམས་ཤེས་དཔལ་འཛུགས་ སྐྱོང་བྱེད་པའི་གལ་ཆེའི་ཐབས་ཇུས་ཤིག་ལ་བརྩིས་ནས་གནམ་གཤིས་འཕྲོད་སྦྱོར་བྱ་ རྒྱུར་དམིགས་སུ་བཀར་བ་དང་། འབྱུང་འཕྲོད་ངང་གོང་འཕེལ་གཏོང་རྒྱུ། དམངས་ཡོངས་ཞུགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་གིས་ནུས་ཁུངས་གྲོན་ཆུང་དང་། འབྱུང་ཁམས་འཛུགས་སྐྱོང་། ཁོར་ཡུག་སྲུང་སྐྱོང། གནོད་འགོག་གེགས་སེལ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གནམ་གཤིས་འཚམ་ འཕྲོད་རང་བཞིན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ།

    ས་བཅད་དང་པོ། གནམ་གཤིས་འགྱུར་ལྡོག་དང་འཕྲོད་པའི་ནུས་པ་ཆེ་རུ་གཏོང་རྒྱུ།

    བོད་ལྗོངས་ས་མཐོའི་གནམ་གཤིས་འགྱུར་ལྡོག་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱ་ རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞི་རིམ་གནམ་གཤིས་ལས་ཁུངས་དང་ཕྱོགས་བསྡུས་ལྟ་དཔྱད་དྲ་རྒྱ་འཐུས་ཚང་བཙུགས་ནས་ གནམ་གཤིས་འགྱུར་ལྡོག་ལ་ལྟ་དཔྱད་བྱ་རྒྱུ་དང་ཁ་གཏད་གཅོག་པའི་ཞབས་ཞུའི་ནུས་པ་ ཆེ་རུ་གཏོང་རྒྱུ། མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་བ་གཏོང་བའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ དང་། ཆུའི་ཐོན་ཁུངས། ནགས་ཚལ་ཁེབས་ཚུལ། མིའི་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་པའི་ཤུགས་རྐྱེན་ལ་ཚོད་སྐོར་བྱ་རྒྱུར་ ཤུགས་སྣོན་རྒྱག་རྒྱུ། འཁྱགས་ས་དང་། འཁྱགས་རོམ། དེ་བཞིན་ཡུན་རིང་གི་གངས་གསོག འཁྱགས་མཚོ་སོགས་གལ་ཆེའི་འབྱུང་ཁམས་བརླན་གཤེར་ནུས་ཁུལ་ལ་ལྟ་དཔྱད་བྱ་རྒྱུར་ ཤུགས་སྣོན་རྒྱག་རྒྱུ། ཐོན་སྐྱེད་ནུས་ཤུགས་ཁྱབ་ཚུལ་དང་། རྨང་གཞིའི་སྒྲིག་བཀོད། གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བཅས་ཀྱི་ཁྲོད་གནམ་གཤིས་ཤུགས་རྐྱེན་ལ་བསམ་ གཞིགས་གང་ལེགས་དང་འཛུགས་སྐྲུན་འཆར་བཀོད་ཀྱི་ཚད་གཞི་ལེགས་བཅོས་དང་ཞིབ་འཇུག་ བྱ་རྒྱུ། དམིགས་བསལ་གནམ་ངན་དང་གནམ་གཤིས་དོན་རྐྱེན་ལ་ལྟ་དཔྱད་དང་། སྔོན་བརྡ། སྔོན་འགོག་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འཚམ་འཕྲོད་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བཏང་ནས་གྲོང་ཁྱེར་དང་གྲོང་ གསེབ་ཀྱི་འཛུགས་སྐྲུན་དང་། ཞིང་ལས། འབྲོག་ལས། ནགས་ལས། ཆུའི་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་དང་འབྱུང་ཁམས་ཉམས་ཞན་ས་ཁུལ་གྱི་གནམ་ གཤིས་འགྱུར་བར་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཐཱན་ཉུང་རྒྱུན་འཁོར་གྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་རྒྱུ།

    ནུས་རྒྱུ་བསྲི་ཚགས་ཀྱི་ཐཱན་ཉུང་འཛུགས་སྐྱོང་ལས་གཞི་ཤུགས་ཆེན་སྤེལ་ནས་རྒྱལ་ ཁབ་ཀྱི་ཐག་ཉེ་སར་ཐཱན་རྒྱུ་གཙང་འབུད་ཁུལ་གྱི་དཔེ་མཚོན་ལས་གཞི་ལག་བསྟར་བྱ་ རྒྱུ། དྲོད་ཁང་གི་རླུང་ཁམས་བཤེར་རྩིས་དང་བསྡོམས་རྩིས་རྒྱག་པའི་མ་ལག་འཛུགས་པ་དང་ འཐུས་སྒོ་ཚང་དུ་གཏོང་རྒྱུ། འཛུགས་སྐྲུན་རྒྱུ་ཆ་སོགས་ཐཱན་ཟད་ལས་རིགས་དྭངས་གཙང་ཐོན་སྐྱེད་བྱ་རྒྱུར་སྐུལ་ འདེད་ཧུར་ཐག་བཏང་ནས་སྦགས་བཙོག་ཉུང་དུ་འགྲོ་བ་བྱ་རྒྱུ། ནུས་རྒྱུ་བསྲི་ཚགས་ཀྱི་ཁྲིམས་སྲོལ་དང་ཚད་གཞི་ནན་པོ་བཟོས་ཏེ་ནུས་རྒྱུ་བསྲི་ ཚགས་ཀྱི་ཚོད་སྐོར་དང་ནུས་རྒྱུ་བསྲི་ཚགས་ཀྱི་ལྟ་བཤེར་ལ་ཤུགས་སྣོན་རྒྱག་རྒྱུ། འབྱུང་འཕྲོད་དང་དྭངས་གཙང་གི་ཐོན་སྐྱེད་བྱ་རྒྱུ་ཕྱོགས་ཡོངས་སུ་ཁྱབ་སྤེལ་བཏང་ ནས། ཟད་གྲོན་ཆེ་ཞིང་བཙོག་སྐྱོན་ཆེ་བའི་རྣམ་གྲངས་ནང་འདྲེན་བྱེད་པར་བཀག་འགོག་དང་། རྗེས་ལུས་ཀྱི་ཐོན་ནུས་ཕན་མེད་དུ་བཏང་ནས་ཁེ་ལས་ཀྱི་བཟོ་རྩལ་སྒྲིག་ཆས་རིམ་ སྤོར་སྒྱུར་བཀོད་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། གློག་ཤུགས་དང་ཨར་སྐྲུན་རྒྱུ་ཆའི་ལས་རིགས་ཁྲོད་ཐཱན་གྱི་བཙོག་སྐྱོན་ཚོད་འཛིན་ ནུས་ལྡན་བྱ་རྒྱུ། འབྱུང་འཕྲོད་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་སྦགས་བཙོག་ ཐེབས་རིགས་ཀྱི་བཙན་ཤེད་འགན་བཅོལ་ལམ་ལུགས་འཛུགས་རྒྱུ། རྒྱུན་འཁོར་དཔལ་འབྱོར་གྱི་དཔེ་མཚོན་བྱ་སྤྱོད་ལ་སྐུལ་སྤེལ་བཏང་ནས་ཁེ་ལས་ རྒྱུན་འཁོར་ཐོན་སྐྱེད་དང་། ཐོན་ལས་རྒྱུན་འཁོར་སྡེབ་སྒྲིག སྡེ་གླིང་རྒྱུན་འཁོར་གྱི་སྒྱུར་བཀོད་བཅས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཐོན་སྐྱེད་ཁོངས་གཏོགས་དང་འཚོ་བའི་ཁོངས་གཏོགས་རྒྱུན་འཁོར་སྦྲེལ་མཐུད་ཡོང་བར་ སྐུལ་འདེད་གཏོང་རྒྱུ། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་དང་ བསྐྱར་སྐྱེས་ཐོན་ཁུངས་བསྡུ་སྤྱོད་བྱ་རྒྱུ། དམངས་ཡོངས་ཀྱིས་ནུས་རྒྱུ་བསྲི་ཚགས་བྱེད་པའི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ ཏེ་ནུས་རྒྱུ་བསྲི་ཚགས་ལག་རྩལ་དང་ནུས་རྒྱུ་བསྲི་ཚགས་ཀྱི་ཐོན་རྫས་ཁྱབ་གདལ་ གཏོང་རྒྱུ། ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུར་རྒྱབ་སྐྱོར་ བྱས་ཏེ། གྲོང་མིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་རྒྱུ། འབྱུང་འཕྲོད་ཨར་སྐྲུན་བྱ་སྤྱོད་དང་དམངས་ཡོངས་ཀྱིས་གྲོན་ཆུང་བྱེད་པའི་བྱ་ སྤྱོད་འཆར་གཞི་ལག་བསྟར་བྱས་ནས་ཚང་མ་འབྱུང་འཕྲོད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་ ཁྲིད་སྟོན་གྱིས་ཐཱན་ཉུང་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་ རྒྱུ་དང་། ཐཱན་ཉོ་འཚོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཐཱན་འདུས་དཔལ་འབྱོར་གོང་འཕེལ་གཏོང་ རྒྱུ།

    1.jpg

    ལེའུ་སོ་གསུམ་པ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

    སྲིད་གཞུང་གི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་ཕྱོགས་ བསྡུས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཆེ་རུ་བཏང་ཐོག་མི་ དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་ རྒྱུ།

    ས་བཅད་དང་པོ། གནོད་འཚེའི་འགོག་ཟོན་ནུས་ཤུགས་ཆེ་རུ་གཏོང་རྒྱུ།

    རང་བྱུང་གནོད་འཚེར་ལྟ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་གང་མགྱོ གས་འཛུགས་རྒྱུ་དང་། རང་བྱུང་གནོད་འཚེར་ལྟ་དཔྱད་ཚད་ལེན་བྱེད་པའི་དྲ་རྒྱ་འཛུགས་པ་དང་འཐུས་སྒོ་ཚང་ དུ་བཏང་སྟེ་གནམ་གཤིས་དང་། ཆུ་དཔྱད་དང་། ས་ཡོམ། ས་གཤིས། ཞིང་འབྲོག་ལས། བདག་མེད་སྲོག་ཆགས་ཀྱི་ནད་ཡམས་འབྱུང་ཁུངས་སོགས་ལ་ལྟ་དཔྱད་བྱ་རྒྱུ་དང་ཉེན་ ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གནོད་འགོག་གེགས་སེལ་གྱི་ཆ་འཕྲིན་ཐོབ་ལམ་དང་བྱ་ཐབས་རྒྱ་སྐྱེད་བཏང་སྟེ་གནོད་ འགོག་གེགས་སེལ་གྱི་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གནོད་འགོག་གེགས་སེལ་གྱི་ཆ་འཕྲིན་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ནུས་པ་ཆེ་རུ་ གཏོང་རྒྱུ། ཞོད་ཐན་འགོག་ཟོན་དང་། ས་ཡོམ་འགོག་ཟོན། གྲང་ངར་འགོག་ཟོན། ནགས་ཚལ་དང་རྩྭ་རའི་མེ་ཟོན། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་བྱེད་པའི་གནོད་འགོག་གེགས་སེལ་གྱི་གཙོ་ རྐང་ལས་གཞི་ལག་བསྟར་བྱས་ཏེ། རྒྱུག་ཆུ་འབྲིང་ཆུང་བཅོས་སྐྱོང་དང་ཉེན་ཆེའི་ཆུ་མཛོད་ཀྱི་ཉེན་ཁ་སེལ་རྒྱུ། གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱི་འབྱུང་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ བྱ་རྒྱུ་དང་། རང་བྱུང་གནོད་འཚེའི་རྐྱེན་རྩ་ཐོན་ཁུལ་བཅོས་སྐྱོང་དང་ཡུལ་མི་གནས་སྤོས་གཡོལ་ ཐབས་གང་མགྱོ གས་ལག་བསྟར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཨར་སྐྲུན་དང་སྤྱི་པའི་སྒྲིག་བཀོད་ཀྱི་གནོད་ འགོག་གེགས་སེལ་ནུས་པ་ཤུགས་ཆེར་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་བྲོས་ འགྲེམ་བྱེད་ས་དང་། ཉེན་གཡོལ་བྱེད་ས། གེགས་སེལ་དངོས་ཟོག་གྲབས་གསོག་བཅས་གང་མགྱོ གས་འཛུགས་སྐྲུན་བྱས་ཏེ་གེགས་སེལ་དངོས་ཟོག་དང་འཕྲལ་བསྟུན་མཁོ་ཆས་ཀྱི་འགན་ སྲུང་ཐུབ་ཚད་མཐོ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    རིམ་ཁག་སྲིད་གཞུང་གིས་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཕྱོགས་ བསྡུས་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། སྡེ་ཚན་གྱིས་མཉམ་སྒྲུབ་དང་གོང་འོག་མཉམ་འགུལ། སྤྱི་ཚོགས་ཐེ་ཞུགས། འགན་བགོས་མཉམ་ལས་བཅས་ཀྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འཐབ་ ཇུས་དང་འཁོར་རྒྱུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ཐད་མ་དངུལ་གཏོང་རྒྱུ་དང་། ཆ་འཕྲིན་མཉམ་སྤྱོད། བསྡུ་སྤྱོད་སྐྱོང་གསབ། སྤྱི་ཚོགས་སྐུལ་སློང་སོགས་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་ གཏོང་རྒྱུ། གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་བྱས་འབྲས་ལ་དཔྱད་ཞིབ་ཚོད་སྐོར་དང་ འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡུས་ཅན་ གྱི་གནོད་འཚེ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་སྒྲིག་སྲོལ་དང་ལམ་སྲོལ་ ཞིག་ཆགས་པ་བྱ་རྒྱུ། རིམ་རིགས་ཁག་གི་གེགས་འགོག་གེགས་སེལ་གྱི་སྔོན་ཇུས་བཟོ་རྒྱུའི(བཟོ་བཅོས)ལས་ ཀར་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེའི་འཕྲལ་སྡོམ་དང་ལེན་བྱེད་ནུས་ཆེ་རུ་གཏོང་ རྒྱུ། གནོད་འཚེའི་འགན་བཅོལ་ལམ་ལུགས་འཐུས་ཚང་བཟོས་ནས་གནོད་འཚེ་ཚབས་ཆེན་གྱི་འགན་ བཅོལ་ཚོད་ལྟ་སྤེལ་རྒྱུ། གནོད་འགོག་གེགས་སེལ་ཐད་ཀྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་ རྒྱུ་དང་། གནོད་འགོག་གེགས་སེལ་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ བྱུང་གནོད་འཚེའི་འཕྲལ་བསྟུན་ནང་སྦྱོང་བྱས་ནས། སྤྱི་དམངས་ཀྱི་གནོད་འགོག་གེགས་སེལ་བྱེད་སེམས་ཤུགས་ཆེར་གཏོང་རྒྱུ།

    ས་བཅད་གསུམ་པ། གནོད་འཚེ་ཕོག་ཁུལ་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    “4·25”ནེ་པ་ལར་ས་ཡོམ་རྒྱག་སྐབས་ཀྱི་བོད་ཀྱི་གནོད་འཚེ་ཕོག་ཁུལ་ལ་གནོད་འཚེའི་ རྗེས་ཀྱི་ཕྱོགས་ཡོངས་ནས་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ། གནོད་འཚེ་ཕོག་ཁུལ་ཉམས་གསོ་བསྐྱར་སྐྲུན་བྱ་རྒྱུ་དེ་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ དབྱེ་བའི་གལ་ཆེའི་བགྲོད་ལམ་སྐྲུན་རྒྱུ་དང་། རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་དབུལ་སྒྲོལ་འགག་སྒྲོལ་སོགས་བྱ་རྒྱུར་སྐུལ་ སྤེལ་གཏོང་རྒྱུ་སོགས་ཀྱི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་བར་མཐོངས་ཚན་རིག་དང་མཐུན་པའི་ སྒོ་ནས་འཆར་འགོད་བཟོ་རྒྱུ་དང་། གནོད་འཚེ་ཕོག་ཁུལ་གྱི་ཡུལ་མིའི་སྡོད་ཁང་གང་མགྱོགས་སླར་གསོ་བསྐྱར་སྐྲུན་ཐུབ་ པ་བྱ་རྒྱུ། འགྲིམ་འགྲུལ་དང་། འཕྲིན་གཏོང་། གློག་ཤུགས། དེ་བཞིན་ཚོང་དོན་སོགས་རྨང་གཞིའི་སྒྲིག་བཀོད་བསྐྱར་སྐྲུན་ལས་གཞི་ལག་བསྟར་ བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ གཏོང་རྒྱུ་དང་། གནོད་འཚེས་རྐྱེན་པས་རྨས་སྐྱོན་ཕོག་པ་དང་དབང་སྐྱོན་ཆགས་པའི་མི་སྣ་བཀོད་ སྒྲིག་ལུགས་མཐུན་བྱ་རྒྱུ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སླར་གསོ་དང་གོང་འཕེལ་བཏང་ཐོག་གནོད་འཚེ་ཕོག་པའི་རང་ བྱུང་འབྱུང་ཁམས་ཉམས་གསོ་ཐུབ་པ་བྱས་ནས་ལེགས་ཤིང་མྱུར་བའི་སྒོ་ནས་མཛེས་སྡུག་ བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྱར་སྐྲུན་བྱ་རྒྱུ།

    2.jpg

    3.jpg

    ལེ་ཚན་དགུ་པ། སེམས་ཤུགས་གཅིག་ཏུ་འགྲིལ་ནས་ཞི་མཐུན་གོང་འཕེལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ།

    མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ རྒྱག་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ སར་བརྩིས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་སྒྲིག་སྲོལ་གསར་གཏོད། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བཅས་བྱས་ཏེ་ཞི་མཐུན་བོད་ ལྗོངས་མཉམ་དུ་བསྐྲུན་རྒྱུ།

    ལེའུ་སོ་བཞི་པ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    མི་རིགས་མཐུན་སྒྲིལ་བྱ་རྒྱུ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ རྩར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་ལེགས་ སུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ།

    ས་བཅད་དང་པོ། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

    མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ ཕྱོགས་ཡོངས་ནས་ལག་བསྟར་དང་མི་རིགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱས་ཏེ་བཅའ་ ཁྲིམས་ཚད་བཅད་ནང་དང་ཁྲིམས་སྐྱོང་བགྲོད་ལམ་ཐོག་མི་རིགས་ཀྱི་རྐྱེན་རྩ་དང་ འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དང་། མི་རིགས་ཁག་གི་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་སྲུང་གང་ལེགས་བྱས་ཏེ་མི་ འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁར། མི་རིགས་ཀྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་ སྣོན་བརྒྱབ་སྟེ་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་གོང་འཕེལ་བཅས་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་གཉིས་པ། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ཚོགས་པ་ཞིག་ཡིན་པའི་འདུ་ཤེས་སྲ་བརྟན་དང་ཟབ་ཏུ་གཏོང་རྒྱུ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་སྐྱོང་བྱེད་ སྒོ་རྒྱ་ཁྱབ་སྤེལ་ནས་ལས་ཁུངས་དང་། ཤང་གྲོང་། སྡེ་ཁུལ། སློབ་གྲྭ། ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་ འཛུགས་སྐྱོང་བྱེད་སྒོ་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྱོང་ བྱེད་སྒོའི་དཔེ་སྟོན་ཚན་པ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ཕན་ཚུན་བསྒར་རྒྱན་ལྟ་བུའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་ རྒྱ་ཁྱབ་སྐྲུན་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི“སྐད་གཉིས”སློབ་གསོར་ཤུགས་སྣོན་ རྒྱག་རྒྱུ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་ཆེ་ རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སྟོབས་ཤུགས་དང་བློ་རིག་གཅིག་ཏུ་འདུས་ ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ།

    ལེའུ་སོ་ལྔ་པ། ཏང་གི་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ།

    ཆོས་ལུགས་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་ལས་དོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ཞི་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་འཆམ་མཐུན་བཅས་ཡོང་རྒྱུར་སྐུལ་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་ སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་དང་པོ། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་བྱ་རྒྱུ།

    ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་དང་རྒྱལ་ཁབ་ཀྱིས་ཆོས་དོན་ལ་ དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས། རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་ཁྲིམས་བཞིན་སྲུང་སྐྱོང་བཅས་བྱས་ཏེ་ཆོས་ ལུགས་ཚོགས་པ་དང་། ཆོས་ལུགས་བྱེད་སྒོ་སྤེལ་གནས། དེ་བཞིན་ཆོས་ཕྱོགས་མི་སྣ་དང་དད་ལྡན་མང་ཚོགས་བཅས་ཀྱི་ལུགས་མཐུན་ཁེ་དབང་སྲུང་ སྐྱོང་བྱ་རྒྱུ།

    ས་བཅད་གཉིས་པ། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ།

    དགོན་སྡེའི“འཛུགས་སྐྱོང་དྲུག”གི་ཆུ་ཚད་གོང་མཐོར་བཏང་ནས་དགོན་སྡེ་དོ་དམ་ཨུ་ ལྷན(ཁུལ་ཁོངས་དོ་དམ་ཨུ་ལྷན)གང་སར་ཁྱབ་ཐུབ་པ་དང་ལས་བྱེད་པ་དགོན་སྡེར་བཅའ་ སྡོད་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་ཐུབ་པ་བྱས་ཏེ་དགོན་སྡེར་དོ་དམ་བྱེད་ པའི་ཕུགས་ཕན་ལམ་སྲོལ་ཞིག་འཛུགས་རྒྱུ། དགོན་སྡེའི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་དགོན་སྡེའི“ཡོད་པ་ དགུའི”ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དང་རྒྱ་སྐྱེད་བཏང་ནས་ཆ་རྐྱེན་ཡོད་པའི་ དགོན་སྡེར་ལམ་དང་། གློག ཆུ། འཕྲིན་གཏོང་བཅས་རིམ་བཞིན་བཟོ་འཁྲིད་བྱེད་པའི་ཁར། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན་རིམ་བཞིན་ཁྱབ་ཐུབ་པ་བྱ་རྒྱུ། དགོན་སྡེའི་གྲྭ་ཤག་ཉམས་གསོ་བྱ་རྒྱུ་དེ་འགན་སྲུང་སྡོད་ཁང་གི་འཛུགས་སྐྲུན་ འཆར་འགོད་ནང་འཇུག་རྒྱུ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་རིག་དངོས་སྲུང་སྐྱོབ་བྱེད་པའི་ འཆར་འགོད་ནང་འཇུག་རྒྱུ། དགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྒྲིག་ཚུད་ གྲྭ་བཙུན་རྣམས་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ནང་བཅུག་ནས་སྒྲིག་ཚུད་གྲྭ་བཙུན་ ཡོངས་ཀྱི་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བ་འགན་སྲུང་། བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་བཅས་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ་དང་ སྦྲགས། རིན་མེད་ཐོག་གཟུགས་པོར་བརྟག་དཔྱད་བྱ་རྒྱུ། གྲྭ་བཙུན་གྱི་སློབ་གསོའི་ཞབས་ཞུ་གཏིང་ཟབ་ཏུ་བཏང་སྟེ“གཅིག་བྱས་པ་དྲུག”གི་ བྱེད་སྒོ་དང་། ཞི་མཐུན་དཔེ་མཚོན་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་བཀུར་གྱི་སྔོན་ཐོན་གྲྭ་བཙུན་ འཛུགས་སྐྱོང་དཔྱད་འདེམས་བྱེད་སྒོ། སྐྱེས་ཆེན་དམ་པ་རིམ་བྱུང་གི“རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བརྩེ་ཁྲིམས་བཀུར། སྡིག་སྤོང་དགེ་སྒྲུབ། ཞི་མཐུན་གོང་བཀུར། ཞི་བདེ་ཡོང་རེ”བཅས་དར་སྤེལ་གཏོང་རྒྱུ་བརྗོད་བྱ་གཙོ་བར་བྱེད་པའི་ཁྲིམས་ལུགས་ དྲིལ་བསྒྲགས་སློབ་གསོ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གྲོང་ གསེབ་ཏུ་སྤེལ་བའི་བྱེད་སྒོ་བཅས་གཏིང་ཟབ་སྤེལ་རྒྱུ། བོད་ལྗོངས་ནང་བསྟན་སློབ་གླིང་དང་ཡན་ལག་སློབ་གླིང་གི་འཛུགས་སྐྲུན་ལ་ཤུགས་ སྣོན་བརྒྱབ་སྟེ་དགོན་སྡེའི་ཆོས་སྦྱོང་སྒྲིག་ལམ་ཚད་ལྡན་བཟོས་ནས་སྐྱེས་ཆེན་ དམ་པ་བརྒྱ་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་གྱིས་ཆོས་ཕྱོགས་ལས་རིགས་ཀྱི་ རྒྱལ་གཅེས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ།

    ལེའུ་སོ་དྲུག་པ། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ།

    སྤྱི་ཚོགས་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུ་དང་བྱ་ཐབས་ཞིབ་ཚགས་ཅན་ དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དང་། བཅོས་སྐྱོང་གཙོ་རྐང་སྣ་མང་ཐེ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཡིད་རྟོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྤྱི་པའི་བདེ་འཇགས་ཡག་ཏུ་གཏོང་རྒྱུ། བཅོས་སྐྱོང་གི་ནུས་པ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་སོ།

    ས་བཅད་དང་པོ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    དྲ་མིག་ཅན་གྱི་དོ་དམ་རྣམ་པ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། དམངས་བདེ་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་དམངས་བདེའི་ཞབས་ཞུའི་ནུས་པ་ཕུན་སུམ་ ཚོགས་སུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་དོ་དམ་ཕྱོགས་བསྡུས་གྲངས་མཛོད་འཛུགས་རྒྱུ་དང་སྤྱི་ ཚོགས་ཀྱི་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་འཕྲིན་སྟེགས་འཐུས་སྒོ་ ཚང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞི་རྩའི་ཆ་འཕྲིན་མཉམ་དུ་སྤྱོད་པའི་ མཐུན་འགྲིག་ལམ་སྲོལ་འཛུགས་རྒྱུ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་བྱེད་སྒོ་དང“སྔོན་ཐོན་གཉིས་ལྡན་དུད་ སྦྲེལ”འཛུགས་སྐྱོང་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་དང“ཏང་ཡོན་ལས་བྱེད་ པ་གྲོང་ཚོ་དང་ཁྱིམ་དུ་བསྐྱོད་ནས་སྤུན་གྲོགས་སྒྲིག་པའི”བྱེད་སྒོ་གཏིང་ཟབ་ སྤེལ་ཏེ་ཤང་གི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཐད་ཀར་ཞབས་ ཞུ་སྒྲུབ་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། སྡེ་ཁུལ་ཡོ་བསྲང་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་ བཏང་ནས་སྡེ་ཁུལ་གྱི་དམངས་བདེ་དམངས་ཕན་དང་། འགལ་ཟླ་འདུམ་འགྲིག སློབ་གསོར་རོགས་སྐྱོར། ཞི་མཐུན་ལ་སྐུལ་འདེད་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱ་རྒྱུ། སྤྱི་ཚོགས་བཅོས་སྐྱོང་བྱེད་པའི་རང་ནུས་སྐྱོང་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་རྩ་ འཛུགས་ཁྲིམས་བཞིན་གོང་འཕེལ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་ཚོགས་ བཅོས་སྐྱོང་ནང་ཞུགས་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱས་ཐོག གྲོང་མི་རང་སྐྱོང་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། མི་འབོར་གྱི་ཆ་འཕྲིན་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ལྗོངས་ཡོངས་སུ་ ཁྱབ་པ་དང་བདེ་འཇགས་བློས་བཀལ་ཆོག་པའི་མི་འབོར་གྱི་ཕྱོགས་བསྡུས་འཕྲིན་མཛོད་ དང་ཆ་འཕྲིན་སྤེལ་རེས་བྱེད་པའི་ལས་སྟེགས་བཙུགས་ཏེ་སྡེ་ཚན་དང་ས་ཁུལ་བརྒལ་བའི་ ཆ་འཕྲིན་སྒྲིལ་བཅོས་དང་མཉམ་སྤྱོད་བྱ་རྒྱུ། འགལ་ཟླ་དང་རྩོད་རྙོག་འདུམ་འགྲིག་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་ དུ་གཏོང་རྒྱུ། ཡིག་འབུལ་ཞུ་བཅར་དང་འདུམ་འགྲིག་ལས་དོན་སྤེལ་རྒྱུར་ཤུགས་སྣོན་དང་འཐུས་ལེགས་ སུ་བཏང་སྟེ་མང་ཚོགས་ཀྱིས་རེ་ཞུ་དང་གསལ་ཞུ་བྱེད་ལམ་ཤར་གཏོང་དང་རྒྱ་ཆེར་བཏང་ ནས་བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ལུགས་མཐུན་རེ་ཞུ་ཐག་གཅོད་གང་འཚམ་ བྱེད་དགོས།

    ས་བཅད་གཉིས་པ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུ།

    “ཡིད་རྟོན་བོད་ལྗོངས”གཏོད་རྒྱུར་ཤུགས་བརྒྱབ་སྟེ་སྲིད་དོན་ཡིད་རྟོན་དང་། ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། སྲིད་འཛིན་སྤྱི་མོས་བཅས་འཛུགས་སྐྱོང་བྱ་རྒྱུ་གཙོ་བོར་བཟུང་བའི་ཡིད་རྟོན་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་དང་སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་ཉམས་ཞིབ་མ་ལག་བཙུགས་ཐོག ཡིད་རྟོན་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་སྟེགས་བསྐྲུན་རྒྱུ་དང་། ཡིད་རྟོན་ཆ་འཕྲིན་བསྡུ་སྒྲིལ་དང་། འདེང་འཇོག ཁྱབ་བསྒྲགས་བཅས་ཀྱི་ཡིད་རྟོན་ཆ་འཕྲིན་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྡེ་ཚན་མང་པོ་དང་། ས་གནས་བརྒལ་བ། ཁྱབ་ཁོངས་བརྒལ་བའི་ཆ་འཕྲིན་མཉམ་སྤྱོད། ཡིད་རྟོན་མཉམ་དཔྱད། དེ་བཞིན་ཐུན་མོང་ཐོག་ཡིད་རྟོན་རུང་བར་བྱ་དགའ་སྤྲོད་པ་དང་། དམ་བཅའ་ཤོར་བར་ཆད་པ་གཅོད་པའི་སྤྱི་ཚོགས་ཀྱི་ཡིད་རྟོན་ལྟ་འདོམས་མ་ལག་ཞིག་རིམ་བཞིན་འཛུགས་རྒྱུ། སྲིད་དོན་ཆ་འཕྲིན་ཁྱབ་བསྒྲགས་དང་། ཞིང་འབྲོག་ཁུལ་གྱི་ཡིད་རྟོན། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཡིད་རྟོན་ཁྱབ་ཁོངས་བཅས་ལ་གཙོ་བོར་དམིགས་ནས་འགག་རྩའི་ལྷུ་ཚིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་དཔེ་སྟོན་དུ་བྱས་ནས་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་དང་ཁྱབ་སྤེལ་གཏོང་རྒྱུ། ཡིད་རྟོན་རུང་བར་སྐུལ་ལྕག་གཏོང་བ་དང་དམ་བཅའ་ཤོར་བར་ཆད་པ་གཅོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཡིད་རྟོན་ཐོ་འགོད་ལེགས་པའི་ཁེ་ལས་དང་། ཚན་པ། མི་སྒེར་བཅས་ལ་སྲིད་ཇུས་ཐད་ཀྱི་གཟིགས་སྐྱོང་དང་ཞབས་ཞུའི་ཐད་སྟབས་བདེ་སྐྲུན་ནས་དམ་བཅའ་ཤོར་བའི་བྱ་སྤྱོད་ཡོངས་བསྒྲགས་དང་མཉམ་འབྲེལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཡིད་རྟོན་ཁོར་ཡུག་བཟང་པོ་ཞིག་སྐྲུན་རྒྱུ། ཡིད་རྟོན་ཞབས་ཞུའི་ཁྲོམ་ར་འཛུགས་སྐྱོང་དང་ཚད་ལྡན་བཟོས་ཏེ་ཡིད་རྟོན་ཞབས་ཞུའི་ཕྱོགས་གསུམ་པའི་ལས་ཁུངས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་ཡིད་རྟོན་ཞབས་ཞུའི་ལས་རིགས་ཀྱི་རང་བཅུན་དང་ལས་གཉེར་བྱ་སྤྱོད་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཡིད་རྟོན་ཐོན་རྫས་སྤྱི་ཚོགས་ཅན་དུ་བཀོལ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    ས་བཅད་གསུམ་པ། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    བདེ་འཇགས་གོང་འཕེལ་གྱི་ལྟ་བ་དང་དམར་ཐིག་འདུ་ཤེས་བརྟན་པོ་བཙུགས་ཏེ་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོ་ཤུགས་ཆེ་སྤེལ་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད་དོན་འཁྱོལ་གང་ལེགས་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་རྐང་འགན་འཁྲི་ཤུགས་ཆེར་བཏང་སྟེ་ཏང་སྲིད་ཀྱིས་འགན་མཉམ་འཁུར་དང་གནས་གཅིག་འགན་གཉིས་ལག་བསྟར་བྱས་ཐོག དམིགས་ཚད་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་ནན་པོ་བཏང་ནས་བདེ་འཇགས་ལ་གནོད་པའི་རྐྱེན་རྩ་ཆེ་རིགས་ལ་རིམ་པ་སྟར་ཆགས་ཀྱིས་མིང་སྦྱར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གཞུང་ལམ་འགྲིམ་འགྲུལ་དང་། མེ་ཟོན་བདེ་འཇགས། ནགས་ཚལ་མེ་ཟོན། བཟོ་སྐྲུན་ཨར་ལས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། རྡོ་སོལ་གཏེར་རི་མ་ཡིན་པ། དམིགས་བསལ་སྒྲིག་ཆས། ཉེན་ཆེའི་དངོས་རྫས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་མངོན་ཆེར་བཟུང་ནས་ཉེན་མེད་ཐོན་སྐྱེད་ཀྱི་རྒྱུན་ལྡན་འཚོ་བར་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་མེད་པའི་བྱུར་རྐྱེན་ཚབས་ཆེན་མི་ཐོན་བཀག་འགོག་མཐའ་གཅིག་ཏུ་བྱ་རྒྱུ། སྒོར་དུང་ཕྱུར་ལོན་པའི་GDPཐོན་སྐྱེད་བདེ་འཇགས་ཀྱི་བྱུར་རྐྱེན་གྱི་ཤི་རྨས་བྱུང་ཚད་40%ཆག་ཐུབ་པ་བྱ་རྒྱུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དོ་དམ་ཁྲིམས་བཞིན་ཚད་ལྡན་བཟོས་ཏེ་ལྟ་འདོམས་བྱེད་སྟངས་ལེགས་འགྱུར་དང་། ལྟ་འདོམས་ཞབས་ཞུའི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ། འཕྲལ་སྡོམ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་བདེ་འཇགས་དང་ཉེན་མེད་ཐོན་སྐྱེད་ཀྱི་འཕྲལ་སྡོམ་རོགས་སྐྱོབ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་ལ་གནོད་གཞི་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུ།

    ལེ་ཚན་བཅུ་པ། བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་བོད་ལྗོངས་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ།

    ཁྲིམས་བཞིན་བོད་ལྗོངས་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་སྐྱོང་བསམ་པ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་གོང་འཕེལ་ལ་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་ཡོངས་བརྟན་ལྷིང་ཡོང་བའི་མཐའ་ཚད་བརྟན་པོར་བསྲུངས་ཏེ་མཐའ་སྲུང་འགན་འཁྲི་ལག་བསྟར་བྱེད་པའི་ཁར། ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་ཤུགས་ཆེ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་རྒྱུ།

    ལེའུ་སོ་བདུན་པ། ཁྲིམས་སྐྱོང་འཛུགས་སྐྲུན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ།

    ཁྲིམས་སྐྱོང་ལྟ་བ་བརྟན་པོ་བཙུགས་ཏེ་ཁྲིམས་སྐྱོང་སྲིད་གཞུང་དང་། ཁྲིམས་སྐྱོང་བོད་ལྗོངས། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐུན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་བཞིན་སྲིད་འཛིན་སྐྱོང་རྒྱུར་སྐུལ་སྤེལ་དང་། ཁྲིམས་འཛིན་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲིམས་སྐྱོང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་ཁྲིམས་སྐྱོང་ལམ་བུའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    ས་བཅད་དང་པོ། ཁྲིམས་བཞིན་སྲིད་འཛིན་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་རྒྱུ།

    ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཁྲིམས་བཞིན་སྲིད་གཞུང་གི་འགན་ནུས་བསྒྲུབས་ཏེ་ལས་ཁུངས་དང་། འགན་ནུས། དབང་ཚད། ལས་རིམ། འགན་འཁྲི་བཅས་ཁྲིམས་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། ཁྲིམས་བཞིན་ཇུས་ཐག་གཅོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་ཁྲིམས་ལུགས་བློ་འདྲིའི་ལམ་ལུགས་བཙུགས་ནས་ཚབས་ཆེའི་གནད་དོན་མཉམ་སྡེབ་ཐོག་ཇུས་ཐག་གཅོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རིམ་ཁག་ལས་བྱེད་པས་ཁྲིམས་བཞིན་སྲིད་སྐྱོང་དང་ཁྲིམས་བཞིན་ལས་དོན་སྒྲུབ་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་རྒྱུ། བཟོ་འཛུགས་བྱེད་པ་དང་། བསྒྱུར་བཅོས་བྱེད་པ། མེད་པ་བཟོ་བ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁྲིམས་བཟོའི་ལས་དོན་ནང་སྤྱི་ཚོགས་ཕྱོགས་ཁག་གིས་ཐེ་ཞུགས་བྱེད་པའི་ཐབས་ལམ་དང་བྱ་ཐབས་གསར་གཏོད་བྱས་ཏེ་སྲིད་གཞུང་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་གང་མགྱོགས་བཟོ་རྒྱུ། ནན་པོ་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ཀྱི་ཁྲིམས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་ནས་སྲིད་འཛིན་ཁྲིམས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁྲིམས་སྐྱོང་གི་ལྟ་འདོམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། སྲིད་འཛིན་བསྐྱར་གྲོས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་འཛིན་བསྐྱར་གྲོས་གྱོད་གཞི་བདག་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་འཛིན་བསྐྱར་གྲོས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

    ས་བཅད་གཉིས་པ། ཁྲིམས་འཛིན་དྲང་གཞག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    དམ་ནན་དྲང་གཞག་གིས་ཁྲིམས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འགན་དབང་ཁ་གསལ་དང་། འཁོར་སྐྱོད་ཚད་ལྡན། སྒོ་དབྱེ་གསལ་པོ། དབང་འགན་གཅིག་གྱུར་བཅས་ཀྱི་འདྲི་གཅོད་ལྟ་སྐུལ་ལམ་སྲོལ་དང་སྲིད་གཙང་ལྟ་སྐུལ་ལམ་སྲོལ་བཙུགས་ཏེ་རང་ཚུགས་ཀྱི་བཅའ་ཁྲིམས་ལྟ་སྐུལ་ཚང་སྒྲིག་གི་སྒྲིག་སྲོལ་ལམ་ལུགས་བཟོས་ནས་འདྲི་གཅོད་སྤུས་ཚད་དང་ཕན་ནུས་འགན་ལེན་དང་དྲང་པོ་དྲང་གཞག་ཡོང་ཐུབ་པ་བྱ་རྒྱུ། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱ་རྒྱུར་སྔར་བས་སྣང་ཆེན་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་འཐུས་ལེགས་སུ་བཏང་ཁར། བཅའ་ཁྲིམས་ཀྱི་རོགས་སྐྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་སོགས་ལ་ཁྲིམས་ལུགས་ཀྱིས་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག བཅའ་ཁྲིམས་ཀྱི་རོགས་སྐྱོར་སྤུས་ཚད་ལེགས་སུ་གཏོང་རྒྱུ་མ་ཟད། འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུ། རྫོང་ཁོངས་ཀྱི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་ཁྱོན་ཡོངས་ནས་ཁྱབ་པ་བྱ་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ་ཁྲིམས་འཛིན་གྱི་དོ་དམ་དང་ཁེ་དབང་འཁོར་སྐྱོད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་བཞིན་རང་ཚུགས་དྲང་གཞག་གིས་འདྲི་གཅོད་བྱེད་དབང་དང་ཞིབ་དཔྱོད་བྱེད་དབང་སྤྱོད་རྒྱུ། ཁྲིམས་འཛིན་དཔུང་ཁག་ཚད་ལྡན་ཅན་དང་། ཆེད་ལས་ཅན། ལས་རིགས་ཅན་བཅས་སུ་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྐྱོང་དང་ལས་གཉེར་བྱེད་སྤྱོད་ཚད་ལྡན་བཟོས་ནས་གཞི་རིམ་དཔུང་ཁག་གི་ལས་སྒོའི་བྱང་ཚད་དང་ཁྲིམས་འཛིན་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།

    ས་བཅད་གསུམ་པ། རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ།

    རྩ་ལག་མཉམ་བཅོས་དང་། ཕྱོགས་བསྡུས་བཅོས་སྐྱོང་། ཆད་འགོག་ཟུང་འབྲེལ། སྔོན་འགོག་གཙོར་བཟུང་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྲིད་གཙང་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུ། སྤྱོད་གཙང་རང་འདོམས་སློབ་གསོ་ཤུགས་ཆེ་སྤེལ་ནས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་སྲ་བརྟན་དང་ཆེ་རུ་བཏང་ཐོག རང་རྟོགས་ངང“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་དང་། ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ” “བླང་བྱ་ཁག་དགུ”བཅས་ལག་བསྟར་ནན་པོ་བྱས་ཏེ་རྒྱུན་འཁྱོངས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱས་ནས་སྤྱོད་གཙང་རང་འདོམས་ཀྱི་ཚད་འཛིན་ས་དམ་པོར་བསྲུངས་ཏེ་སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་བྱེད་པའི་བསམ་བློ་ཀུན་སྤྱོད་ཀྱི་ཉེན་ཟོན་བསམ་པ་བརྟན་པོ་འཛུགས་རྒྱུ། སྒྲིག་ཁྲིམས་དང་སྒྲིག་སྲོལ་གཙོ་བོར་བཟུང་ནས་སྤྱོད་གཙང་སྲིད་སྐྱོང་གི་གཏན་འབེབས་ཁག་ཁ་གསལ་བཟོས་ཏེ་ཐོག་མཐའ་བར་གསུམ་དུ་རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་བརྟན་སྲུང་གིས་ཁྲིམས་འགལ་སྒྲིག་དཀྲུག་གི་གྱོད་དོན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། ལམ་ལུགས་ལ་བརྟེན་ནས་མི་དང་། དབང་ཆ། ལས་དོན་བཅས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། མི་བྱེད་པ། བྱེད་མི་འདོད་པའི་ནུས་ལྡན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་སྲིད་དོན་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ།

    ས་བཅད་བཞི་པ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ།

    རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་རྒྱ་ཁྱབ་སྤེལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་གཏོང་རྒྱུ། བང་རིམ་མང་བ་དང་ཐབས་ལམ་མང་བའི་སྒོ་ནས་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་ཁྲིམས་ལུགས་ལ་བརྩི་འཇོག་དང་། སློབ་སྦྱོང་། བརྩེ་སྲུང་། བེད་སྤྱོད་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཁྲིམས་སྲུང་བྱས་ན་གཟི་བརྗིད་དང་ཁྲིམས་དང་འགལ་ན་ཞེ་ཁྲེལ་དགོས་པའི་ཁྲིམས་སྐྱོང་རྣམ་པ་ཞིག་ཆགས་པ་བྱ་རྒྱུ། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་སློབ་གསོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དྲིལ་བསྒྲགས་ཀྱི་གཞི་རྟེན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་དམངས་སློབ་གསོའི་མ་ལག་དང་བསམ་པའི་དཔལ་ཡོན་གཏོད་པའི་ནང་དོན་ནང་ཁྲིམས་སྐྱོང་སློབ་གསོ་བཅུག་ནས་ཁྲིམས་ལུགས་བདུན་སྤེལ་བྱེད་སྒོ་གཏིང་ཟབ་ཏུ་གཏོང་རྒྱུ། “ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བྱེད་སྒོ་ཏན་ཏིག་སྤེལ་ནས་ཁྲིམས་ལུགས་ཁྱབ་གདལ་ཁྲོད་སྨྱན་སྦྱོར་གསར་པའི་ནུས་པ་་ཆེ་རུ་བཏང་སྟེ་ཁྲིམས་ལུགས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ།

    ལེའུ་སོ་བརྒྱད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ།

    ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རང་འགུལ་དབང་ཆ་རང་ལག་ཏུ་དམ་པོར་བཟུང་ཐོག སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་གཏིང་ཟབ་ཏུ་སྤེལ་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། དམག་དམངས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་བརྟན་ལྷིང་བཅས་ཡོང་བ་བྱ་རྒྱུ།

    ས་བཅད་དང་པོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་རྒྱུ།

    ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་གལ་ཆེའི་རྩ་དོན་གྱི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ངོས་འཛིན་གཅིག་མཐུན། ཁ་ཞེ་གཉིས་མེད། རྣམ་འགྱུར་བརྟན་པོ། གོམ་སྟབས་གཅིག་མཐུན་བཅས་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་བདག་དབང་བརྟན་པོར་འཛིན་རྒྱུ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྟེན་ནས་ཁ་ཕྲལ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་ཅི་རིགས་ལ་འགོག་ཟོན་དམ་ནན་དང་རྒོལ་རྡུང་དྲག་པོ་གཏོང་རྒྱུ། འཐབ་ཕྱོགས་གཅིག་གྱུར་གྱིས་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ་བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་བ། ཁ་ཕྲལ་ལ་ངོ་རྒོལ་འཐབ་རྩོད་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་གཅིག་གྱུར་སྲུང་སྐྱོང་བྱེད་པའི་འགྲིལ་ཤུགས་ཆེན་པོ་ཆགས་པ་བྱ་རྒྱུ། མཐའ་མཚམས་ལྟ་སྡོམ་བྱེད་པའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཁྲིམས་འགལ་གྱིས་རྒྱལ་ཁབ་ནས་འཛུལ་ཐོན་བྱེད་པའི་རིགས་ལ་ཁྲིམས་ལྟར་རྒོལ་རྡུང་ནན་པོ་གཏོང་རྒྱུ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་འབེབས་དང་འཐུས་ཚང་དུ་གཏོང་རྒྱུ་བཅས་ཡིན།

    ས་བཅད་གཉིས་པ། སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ།

    གནས་རྒྱུད་ཁུལ་གསུམ་ཟུང་འབྲེལ་དང་། དྲ་ཐོག་དྲ་འོག་ཟུང་འབྲེལ། མི་རྒྱུ་རྩལ་གསུམ་ཟུང་འབྲེལ། འགོག་རྡུང་ལྟ་སྡོམ་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱ་རྒྱུ་དང་། ཕྱོགས་ཡོངས་རང་བཞིན་གྱི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་ལྟ་སྡོམ་མ་ལག་འཐུས་ཚང་དུ་གཏོང་རྒྱུ། གཏུམ་སྤྱོད་ཀྱིས་བྱས་ཉེས་བསགས་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་འགོག་ཟོན་དམ་ནན་དང་རྡུང་རྡེག་དྲག་པོ་གཏོང་རྒྱུ། སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ། གཞི་རིམ་གྱི་སྲིད་དབང་དང་། སྲིད་ཁྲིམས་ཀྱི་གཞི་རིམ་མངགས་གཏོང་ལས་ཁུངས། ཕྱོགས་བསྡུས་ཞབས་ཞུའི་དོ་དམ་ལས་སྟེགས་བཅས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུ།

    ལེའུ་སོ་དགུ་པ། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ།

    རྒྱལ་སྲུང་ཀྱི་དགོས་མཁོ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་མ་ལག་ནང་འཇུག་པ་དང་། རྒྱལ་སྲུང་ནང་དམངས་སྤྱོད་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་ལྟ་རྟོག རྒྱལ་སྲུང་དང་དྲག་ཆས་ཉེན་རྟོག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བཅས་བྱས་ཏེ། རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་གཉིས་ཕན་ཚུན་སྐུལ་འདེད་དང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱ་རྒྱུ།

    ས་བཅད་དང་པོ། དམག་དམངས་མཉམ་འདྲེས་ངང་གོང་འཕེལ་གཏོང་རྒྱུ།

    དམག་དམངས་མཉམ་འདྲེས་ངང་གོང་འཕེལ་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་མཉམ་འདྲེས་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཉམ་འདྲེས་ཁྱབ་ཁོངས་ཆེ་རུ་གཏོང་བ། མཉམ་འདྲེས་ཀྱི་བང་རིམ་མཐོ་རུ་གཏོང་བ་བཅས་བྱས་ནས་གཙོ་རྒྱུ་ཀུན་འཛོམས་དང་། ཁྱབ་ཁོངས་མང་པོ། ཕན་འབྲས་ཆེ་བ་བཅས་ཀྱི་དམག་དམངས་མཉམ་འདྲེས་ཀྱི་གོང་འཕེལ་འགྲོ་བའི་རྣམ་པ་གསར་པ་ཞིག་ཆགས་པ་བྱ་རྒྱུ། དམག་དམངས་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱ་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད་དང་། ཆ་འཕྲིན་ཐོན་ཁུངས། སྤྱི་ཚོགས་ཞབས་ཞུ། ཤེས་ལྡན་པ་གསོ་སྐྱོང་། ཐོན་ལས་གོང་འཕེལ་སོགས་ཀྱི་ཁྱབ་ཁོངས་གཙོ་གནད་དུ་བཟུང་སྟེ་མཐའ་སྲུང་གཞུང་ལམ་འཛུགས་སྐྲུན་གང་མགྱོགས་བྱས་ནས་རི་བོ་ཧི་མ་ལ་ཡའི་མཐའ་མཚམས་ཀྱི་འཕྲེད་ཕྱོགས་འགྲོ་ལམ་སྤྱིའི་ཆ་ནས་ཤར་གཏོང་ཐུབ་པ་བྱ་རྒྱུ། དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་དང་ལག་རྩལ་མཉམ་སྐྱོང་མཉམ་སྤྱོད་བྱ་རྒྱུ་དང་། འགྲིམ་འགྲུལ་དང་། འཕྲིན་གཏོང་། ནུས་ཁུངས་སོགས་གལ་ཆེའི་རྨང་གཞིའི་སྒྲིག་བཀོད་ནང་རྒྱལ་སྲུང་གི་དགོས་མཁོ་དོན་འཁྱོལ་བྱ་རྒྱུ། དམངས་སྤྱོད་ཁྱབ་ཁོངས་ནང་དམག་སྤྱོད་ལག་རྩལ་ཁྱབ་གདལ་གཏོང་རྒྱུ། རྩ་འཛུགས་དོ་དམ་དང་། ལས་ཀ་བྱེད་པ། སྲིད་ཇུས་ཀྱི་ལམ་ལུགས་བཅས་ཚགས་ཚུད་དུ་གཏོང་རྒྱུ་དང་། དམག་དམངས་གཉིས་སྐྱོང་གཉིས་བཀུར་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་དམག་སྲིད་དང་དམག་དམངས་ཀྱི་མཐུན་སྒྲིལ་སྲ་བརྟན་དུ་གཏོང་རྒྱུ།

    ས་བཅད་གཉིས་པ། རྒྱལ་སྲུང་སྐུལ་སློང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    “འཐབ་དུས་གདོང་ལེན་དང་། འཕྲལ་དོན་མྱུར་སྒྲུབ། རྣམ་ཀུན་ཞབས་ཞུ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་། རྒྱལ་སྲུང་སྐུལ་སློང་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དམག་དཔུང་དང་ས་གནས་ཀྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། ཆ་འཕྲིན་ཅན་དང་། ཁྲིམས་འཛིན་ཅན། གཞི་གཅིག་ཅན་བཅས་ཀྱི་ཕྱོགས་སུ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། རྒྱལ་སྲུང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། དོ་དམ་གྱི་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ། དུས་བཅད་བཟོས་ནས་དངོས་འཐབ་རང་བཞིན་གྱི་སྦྱོང་བརྡར་སྤེལ་ནས་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ཆེད་ལས་འགན་སྲུང་རུ་ཁག་གི་ལས་འགན་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ། ཁུལ་ཁོངས་ཀྱི་བྱེད་ནུས་མངོན་གསལ་དོད་པའི་རྗེས་གྲབས་སྟོབས་ཤུགས་གཞི་རྩའི་ཆར་ཁྱབ་པ་བྱ་རྒྱུ།

    ལེ་ཚན་བཅུ་གཅིག་པ། ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ་གོང་འཕེལ་གྱི་དམིགས་ཚད་མངོན་འགྱུར་ཡག་པོ་ཡོང་བ་བྱ་རྒྱུ།

    དམིགས་ཚད་བཟོས་ཟིན་པས་གཙོ་གནད་ནི་ལག་བསྟར་བྱ་རྒྱུ་ཡིན། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་འགན་འཁྲི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། སྲིད་ཇུས་ཀྱིས་ཁྲོད་སྟོན་དང་སྒྲིག་འཛུགས་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། འཆར་འགོད་འདི་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བར་སྐུལ་སྤེལ་བཏང་སྟེ། དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ།

    ལེའུ་བཞི་བཅུ་པ། ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུ།

    ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འགོ་ཁྲིད་བྱེད་པའི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཆར་འགོད་བདེ་བླག་ངང་ལག་བསྟར་ཡོང་ཆེད་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྩ་འཛུགས་ཀྱི་འགན་སྲུང་མཁོ་འདོན་བྱ་རྒྱུ། རིམ་ཁག་ཏང་རྩ་འཛུགས་ཀྱི་འཐབ་འཛིང་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་ཀྱི་གསར་གཏོད་ཡར་བརྩོན་དང་། དཀའ་སེལ་འགག་སྒྲོལ་བྱ་རྒྱུར་སྐུལ་སློང་བཏང་ཐོག མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་ཚོགས་པའི་རྩ་འཛུགས་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཐོག ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་རྒྱུ་དང་། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། སྤྱི་ཚོགས་ཡོངས་ཀྱིས་གོང་འཕེལ་དང་བསྒྱུར་བཅོས་བྱ་རྒྱུ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་བའི་གཅིག་མཐུན་ངོས་འཛིན་དང་གཅིག་འགྲིལ་སྟོབས་ཤུགས་ཆགས་གང་ཐུབ་བྱས་ནས། གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ལེའུ་ཞེ་གཅིག་པ། འཆར་འགོད་ལག་བསྟར་བྱེད་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    འཆར་འགོད་མ་ལག་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་འགོད་ལག་བསྟར་བྱེད་པའི་ཚང་སྒྲིག་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐུལ་སྤེལ་གཏོང་བའི་ནུས་ཐོན་ལམ་སྲོལ་ནུས་ལྡན་ཞིག་ཆགས་པ་བྱ་རྒྱུ།

    ས་བཅད་དང་པོ། འཆར་འགོད་མ་ལག་ཚགས་ཚུད་དུ་གཏོང་རྒྱུ།

    རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་འཆར་འགོད་བཟོ་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། གཙོ་ནུས་ཐོན་ཁུལ་གྱི་འཆར་འགོད་བཟོ་རྒྱུ་རྨང་གཞིར་བྱེད་པ། ཆེད་དམིགས་འཆར་འགོད་འདེགས་སྐྱོར་དུ་བྱེད་པ་བཅས་བྱས་སྟེ། གནས་ཁ་གསལ་དང་ནུས་པ་གསབ་རེས། གཅིག་གྱུར་འབྲེལ་མཐུད་བཅས་འཆར་འགོད་མ་ལག་འཛུགས་རྒྱུ། ས་གནས(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་གོང་འཕེལ་གཏོང་ཕྱོགས་དང་སྤྱིའི་བླང་བྱ་གཞིར་བཟུང་། ཚན་རིག་ལུགས་མཐུན་གྱི་སྒོ་ནས་ཆེད་དམིགས་འཆར་འགོད་དང་། ཁུལ་ཁོངས་འཆར་འགོད། ས་གནས(གྲོང་ཁྱེར)ཀྱི་འཆར་འགོད་བཅས་བཟོ་སྒྲིག་བྱས་སྟེ། ཆེད་དམིགས་འཆར་འགོད་དང་ས་གནས(གྲོང་ཁྱེར)ཀྱི་འཆར་འགོད་དེ་འཆར་འགོད་འདི་དང་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་བགོས་ལག་བསྟར་བྱ་རྒྱུ། རྫོང(ཆུད)ཁག་ཏུ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་། གྲོང་ཁྱེར་གྲོང་གསེབ་འཆར་འགོད། ས་ཆ་བེད་སྤྱོད་འཆར་འགོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་བཅས“གཞི་གཅིག་ཅན”ཆགས་པ་བྱ་རྒྱུ།

    ས་བཅད་གཉིས་པ། སྲིད་ཇུས་ཀྱི་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་དང་གལ་ཆེའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་ནས་རང་ལྗོངས་ལ་གཏན་འཁེལ་བྱས་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག ཤེས་ལྡན་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་རོགས་སྐྱོར་བྱ་ཐབས་ཁག་བེད་སྤྱོད་གང་ལེགས་བྱ་རྒྱུ་དང་། རང་འགུལ་ངང་རྒྱལ་ཁབ་པུའུ་ཨུད་ཁག་དང་བོད་སྐྱོར་ཞིང་ཆེན་(གྲོང་ཁྱེར) ཀྲུང་དབྱང་ཁེ་ལས་བཅས་དང་སྦྲེལ་མཐུད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག སྲིད་ཇུས་དང་རྣམ་གྲངས་ཁག་རེ་རེ་བཞིན་རིམ་བཞིན་དོན་འཁྱོལ་ཐུབ་པ་བྱ་རྒྱུ། འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་འཆར་འགོད་ལག་བསྟར་བྱེད་པའི་འབྲེལ་ཡོད་ཚང་སྒྲིག་སྲིད་ཇུས་ཞིབ་འཇུག་བཟོ་འབེབས་བྱས་ནས། སྤྱི་པའི་ཐོན་ཁུངས་ལུགས་མཐུན་བགོ་སྒྲིག་དང་། སྤྱི་ཚོགས་ཐོན་ཁུངས་ཁྲིད་སྟོན་ནུས་ལྡན་བྱ་རྒྱུ། སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་ལོ་འཁོར་འཆར་གཞི་བཟོ་རྒྱུ་དང་། དུས་ཐུང་སྙོམས་སྒྲིག་བྱ་ཐབས་དང་དུས་ཡུན་རིང་འབྲིང་གི་གོང་འཕེལ་འཆར་འགོད་ཟུང་འབྲེལ་ནུས་ལྡན་བྱས་ཏེ། སྲིད་ཇུས་ཁག་གིས་མཐུན་སྦྱོར་ངང་འཆར་འགོད་དོན་འཁྱོལ་བྱེད་པར་སྐུལ་སྤེལ་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུ།

    ས་བཅད་གསུམ་པ། འཆར་འགོད་རྣམ་གྲངས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་འཆར་འགོད་ཀྱི་ཇུས་གཞི་ལག་བསྟར་གང་མགྱོགས་བྱས་ནས། རྣམ་གྲངས་ཀྱི་དུས་འགོའི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་། རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཆ་རྐྱེན་དོན་འཁྱོལ་ཧུར་ཐག་བྱས་ཏེ་རྣམ་གྲངས་སྐྲུན་རྗེས་ཕན་ནུས་ཐོན་རྒྱུར་འགན་ལེན་བྱ་རྒྱུ། འཆར་འགོད་ནང་བཅུག་པའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་ལམ་སྟབས་བདེ་རུ་བཏང་སྟེ་ས་ཆ་འདོན་སྤྲོད་དང་མ་དངུལ་བསྡུ་རྒྱུ་བཀོད་སྒྲིག་སོགས་སྔོན་དུ་འགན་སྲུང་བྱ་རྒྱུ། གཞི་རྩའི་འཛུགས་སྐྲུན་ཐད་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། སྲིད་གཞུང་ནས་མ་འཇོག་བྱས་པའི་རྣམ་གྲངས་ཀྱི་ཚབ་འཛུགས་ལམ་ལུགས་ལ་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། འཆར་འགོད་རྣམ་གྲངས་རྗེས་འདེད་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཆར་འགོད་རྣམ་གྲངས་ཀྱི་དུས་དཀྱིལ་ལེགས་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ། གཙོ་གནད་རྣམ་གྲངས་ཞིབ་བཤེར་དང་རྩིས་བཤེར་ལམ་ལུགས་ནན་པོ་བཟོ་རྒྱུ་དང་། གཙོ་གནད་རྣམ་གྲངས་ལ་དྲ་ཐོག་ནས་ལྟ་འདོམས་བྱ་རྒྱུ་ཚགས་ཚུད་དུ་གཏོང་རྒྱུ། ལས་གྲྭ་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་གྱི་བློ་འདྲི་དང་ཚོད་སྐོར་རིགས་སྒྲུབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། མ་འཇོག་རྣམ་གྲངས་དང་། སྤྱི་ཚོགས་བརྟན་ལྷིང་། ཉེན་ཁའི་དོ་དམ་བཅས་ལ་ཤུགས་སྣོན་རྒྱག་རྒྱུ།

    ས་བཅད་བཞི་པ། སྤྱི་ཚོགས་ཡོངས་ཀྱི་ཧུར་སེམས་ལ་སྐུལ་སློང་གཏོང་རྒྱུ།

    འཆར་འགོད་འདི་དྲིལ་བསྒྲགས་གསལ་འགྲེལ་ཡག་པོ་བྱས་ཏེ་ཚགས་པ་དང་དུས་དེབ་དང་། རྒྱང་བསྒྲགས། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བརྒྱུད་དེ་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས། འཆར་འགོད་འདིའི་བསམ་གཞི་དང་། དམིགས་ཚད། ལས་འགན། བྱ་ཐབས་བཅས་ཁྱིམ་ཚང་ཚང་མས་ཤེས་པ་དང་མི་སེམས་ལ་ཟུག་པ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱི་བདག་པོའི་འདུ་ཤེས་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སྣང་ཆེན་པོས་ཞུགས་པ་དང་། སྐུལ་སྤེལ་ཧུར་ཐག རྒྱ་ཁྱབ་ངང་ལྟ་སྐུལ་བཅས་བྱ་རྒྱུར་སྐུལ་སློང་གཏོང་རྒྱུ། ས་གནས(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་རང་ས་གནས་དང་ལས་རིགས་དེ་གའི་དོན་དངོས་ དང་ཟུང་འབྲེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལས་དོན་བསྒྲུབ་ཐོག འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་རྣམས་ཞིབ་ཕྲའི་བྱ་ཐབས་ ཁག་ནང་དོན་འཁྱོལ་ཐུབ་པ་བྱ་རྒྱུ། ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་ཤུགས་ཆེ་གཏོང་རྒྱུ་དང་འཆར་འགོད་ལག་བསྟར་བྱེད་ པའི་ཁྲོད་ཁྲོམ་ར་གཉེར་མཁན་གྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་ སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་ཐོག་འཆར་འགོད་ལག་ བསྟར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་རྒྱུ།

    ལེའུ་ཞེ་གཉིས་པ། འཆར་འགོད་ཀྱི་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

    འཆར་འགོད་ལག་བསྟར་བྱས་ཚུལ་ལ་ཚོད་སྐོར་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། རྗེས་འདེད་ལྟ་ཞིབ་ཚད་ལེན་དང་མཇུག་འབྲས་བེད་སྤྱོད་ཤུགས་ཆེ་བྱས་ནས། འཆར་འགོད་ལག་བསྟར་གྱི་ཕན་འབྲས་ཆེ་རུ་བཏང་ཐོག སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་འགྲོ་བ་བྱ་རྒྱུ།

    ས་བཅད་དང་པོ། ཚོད་སྐོར་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་བྱས་རྗེས་ལ་གདེང་འཇོག་བྱེད་པའི་མ་ལག་བཙུགས་ཐོག འཆར་འགོད་འདིའི་ནང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་གཞིགས་ཏེ་འགན་འཁྲི་ འཁུར་མཁན་དང་ལག་བསྟར་བྱེད་ཚད་ཀྱི་བླང་བྱ་ཁ་གསལ་བཟོ་རྒྱུ་དང་། རིགས་དབྱེ་གདེང་འཇོག་བྱས་ནས་གཙོ་གནད་དུ་དཔལ་འབྱོར་གོང་འཕེལ་དང་། དམངས་ཀྱི་བདེ་རྩ། གསར་གཏོད་ཀྱིས་འདེད་སྒུལ། འབྱུང་ཁམས་ཤེས་དཔལ་ལྡན་པ་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས། ས་གནས(གྲོང་ཁྱེར)སྲིད་འཛིན་ཀུང་ཧྲུའུ་(སྲིད་གཞུང)དང་སྡེ་ཚན་ཁག་གིས་འཆར་ འགོད་འདིའི་དམིགས་ཚད་ལས་འགན་ལེགས་གྲུབ་བྱས་ཚུལ་ལ་ཕྱོགས་བསྡུས་གདེང་འཇོག་དང་ ཞིབ་དཔྱད་བྱ་རྒྱུ། ས་གནས(གྲོང་ཁྱེར)དང་སྡེ་ཚན་ཁག་གིས་འཆར་འགོད་ལག་བསྟར་བྱ་རྒྱུ་སྒྲིག་འཛུགས་ དང་། མཐུན་སྦྱོར། ལྟ་སྐུལ་མཛུབ་ཁྲིད་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། འཆར་འགོད་ལག་བསྟར་བྱས་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་ པའི་ལས་དོན་སྤེལ་ཐོག ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱས་འབྲས་དེ་སྲིད་གཞུང་གི་ལས་དོན་ལེགས་བཅོས་དང་ ལས་རྗེས་ཞིབ་དཔྱད་ཀྱི་གལ་ཆེའི་གཞི་འཛིན་ས་ཞིག་ཏུ་བརྩི་རྒྱུ།

    ས་བཅད་གཉིས་པ། འཆར་འགོད་ཀྱི་རྗེས་འདེད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་རྒྱུ།

    ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་པའི་ནུས་པ་འཛུགས་སྐྱོང་དང་སྡོམ་རྩིས་ལས་ཀར་ ཤུགས་སྣོན་བརྒྱབ་ནས། འཆར་འགོད་ལག་བསྟར་བྱས་ཚུལ་རྗེས་འདེད་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ དང་ཕྱོགས་གསུམ་པས་ཚོད་སྐོར་བྱེད་དུ་འཇུག་རྒྱུ། སྡེ་ཚན་ཁག་གིས་འཆར་འགོད་ཀྱི་འབྲེལ་ཡོད་ཁྱབ་ཁོངས་སུ་ལག་བསྟར་བྱས་ཚུལ་ལ་ཚོད་ སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལྟ་སྐུལ་ ཞིབ་བཤེར་དང་ལེན་བྱེད་རྒྱུ། འཆར་འགོད་ལག་བསྟར་བྱེད་པའི་དུས་དཀྱིལ་ཚོད་སྐོར་བྱས་ནས་རང་སྐྱོང་ལྗོངས་མི་ དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་འབུལ་ རྒྱུ། རྩ་གནད་འདིར་བཟོ་སྒྲིག་བྱེད་དགོས་བྱུང་ཚེ་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་རྒྱུ།

    “ལོ་ལྔ་ཚན་བཅུ་གསུམ་པའི”གོང་འཕེལ་དམིགས་ཚད་མངོན་གྱུར་ཡོང་བའི་མདུན་ལྗོངས་ ནི་འོད་ཟེར་དང་མཛེས་སྡུག་ལྡན་པ་དང་། ལས་འགན་ནི་ལྕི་ལ་དཀའ་ཚེགས་ཆེ་བ་ཞིག་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་དེ་བས་ མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམངས་སེམས་གཅིག་སྒྲིལ་དང་། གསར་འབྱེད་གསར་གཏོད། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཐོག དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་ཤུགས་ ཆེ་གཏོང་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་འབད་ འཐབ་ལྷོད་མེད་བྱས་ཐོག ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ ལེའུ་གསར་པ་རྩོམ་དགོས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང་)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།