ཟླ་4ཚེས་19ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་སྙན་སེང་གསན་པ་དང་། མིག་སྔའི་དཔལ་འབྱོར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་2016ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཚུགས་ལོ་ཡིན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་བསམ་བློ་གལ་ཆེན་དང་། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱིས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ཁག་ལེགས་གྲུབ་ཐུབ་པ་བྱས་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”དམིགས་ཚད་ལས་འགན་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་སྟེ།
གཅིག་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་འདུ་ཤེས་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ། འགྱུར་ལྡོག་ཁྲོད་གསར་གཏོད་ཡོང་ཐབས་དང་གསར་གཏོད་ཁྲོད་ཡར་རྒྱས་ཡོང་ཐབས། ཡར་རྒྱས་ཁྲོད་ཚད་བརྒལ་ཡོང་ཐབས་བཅས་མཐའ་འཁྱོངས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། སྤྱི་ཁོག་སྲིད་ཇུས་བརྟན་པོ་ཡོང་བ་བྱེད་པ། ཐོན་ལས་སྲིད་ཇུས་གནད་ལ་འཁེལ་བ་བྱེད་པ། བྱེ་བྲག་སྲིད་ཇུས་སྟབས་བསྟུན་སྤྱོད་ཐུབ་པ། སྒྱུར་བཅོས་སྲིད་ཇུས་ཏན་ཏིག་ཡོང་བ། སྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་ཐུབ་པ་བཅས་ཀྱི་སྤྱིའི་བསམ་ཕྱོཌ་ལག་བསྟར་བྱས་ཏེ་དཔལ་འབྱོར་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་བརྟན་པོ་བྱེད་དགོས་པ་དང་།གཉིས་ནས་གོ་སྐབས་དམ་འཛིན་གྱིས་འདུ་ཤེས་ཟབ་ཏུ་གཏོང་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་རྩེའི་ཐུགས་ཁུར་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པའི་ལེགས་ཆ་ཁོང་དུ་ཏན་ཏིག་ཆུད་པ་དང་གང་ལེགས་སྤྱོད་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་པའི་ལེགས་ཆ་གང་ལེགས་སྤྱོད་པ། རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་དང་། བར་མཐོངས་ཧ་ཅང་ཆེན་པོ་ལྡན་པའི་ལེགས་ཆ་གང་ལེགས་སྤྱོད་པ། ལྗོངས་ཡོངས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་དང་། སྒྱུར་བཅོས་ཀྱི་ཁེ་སྤོགས་རྒྱུན་ཆད་མེད་པར་སྤྲོད་པའི་ལེགས་ཆ་གང་ལེགས་སྤྱོད་པ། རང་ལྗོངས་ཀྱི་སྲིད་ཇུས་ཀྱི་ལེགས་ཆ་དང་རྗེས་ཀྱི་ལེགས་ཆ་གཅིག་སྡུད་ཐོག་འདོན་པའི་ལེགས་ཆ་གང་ལེགས་སྤྱོད་པ་བཅས་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།
གསུམ་ནས་གཙོ་གནད་དམ་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཕྱོགས་གཅིག་ནས་ཐོན་ལས་གསུམ་པ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་དང་པོ་ཆུ་ཚད་ཐོག་སླེབས་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ས་མཐོའི་འདེབས་འཛུགས་དང་གསོ་ཚགས་ལས་སྣོན་འཕེལ་རྒྱས་མགྱོགས་སུ་བཏང་ནས་འབྲུ་རིགས་བདེ་འཇགས་ཡོང་བ་དང་། འབྲོག་ལས་ཀྱི་ཆུ་ཚད་གོང་མཐོར་བཏང་སྟེ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཐོན་ལས་གཉིས་པ་གཙོ་གནད་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་བྱུང་འཐུང་ཆུའི་ཐོན་ལས་དང་། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། འཛུགས་སྐྲུན་རྒྱུ་ཆ་དང་། དྭངས་གཙང་ནུས་རྒྱུ། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་ཁྱད་ལྡན་བཟའ་བཅའ་སོགས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་སུ་དང་རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་སྐྱེད་སྲིང་དང་རྒྱ་ཆེར་གཏོང་དགོས། ཕྱོགས་གཞན་ཞིག་ནས་གཙོ་གནད་ཀྱི་ལས་དོན་ཁག་གསུམ་ལ་དམ་འཛིན་ནན་པོ་བྱེད་དགོས། དབུལ་སྐྱོར་འགག་སྒྲོལ་ཐད་ལྷོད་གཡེང་མི་བྱེད་པར“གནད་སྨིན་དྲུག་དང་། ཁག་ཐེངས་ལྔ། དོན་འཁྱོལ་བརྒྱད”མཐའ་འཁྱོངས་བྱས་ཏེ་2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས་པ་དང་། གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ“4·25”ས་ཡོམ་གྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཆར་འགོད་ལག་བསྟར་ནན་པོ་བྱེད་པ། ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤུས་ཚད་འགན་ལེན། མྱུར་ཚད་མགྱོགས་པོ། ཆུ་ཚད་མཐོར་གཏོང་བཅས་བྱས་ཏེ་གེགས་ཁུལ་མང་ཚོགས་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་བྱེད་རོགས་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཐད་འཇུར་མིག་གི་ཚད་ལས་བརྒལ་བ་བྱས་ཏེ་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་། གྲོང་རྡལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་དཔལ་འབྱོར་འཕར་གཞི་གསར་པ་ཞིག་ཆགས་པ་བྱེད་དགོས།
བཞི་ནས་གསོན་ཤུགས་དམ་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། སྒྱུར་བཅོས་གཏིང་ཟབ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཀྲུང་དབྱང་གིས་བཏོན་གནང་བའི་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་སྦྲེལ་མཐུད་དང་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། སྲིད་ཇུས་གང་ལེགས་སྤྱད་དེ་སྦྲེལ་མཐུད་ཧུར་ཐག་དང་། སྦྲེལ་མཐུད་ལེགས་པོ། སྒྲུབ་སྐུལ་ལ་དམ་འཛིན། རྗེས་བསྙེགས་དོན་འཁྱོལ་བཅས་བྱས་ཏེ་ལས་ཀའི་འགན་འཁྲིའི་ལམ་ལུགས་བཟོས་ནས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བ་བྱེད་དགོས་པ། དགོས་མཁོའི་གཞི་ཁྱོན་ཆེ་རུ་ཡག་པོ་བཏང་སྟེ་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སེམས་ཆེ་རུ་གཏོང་དགོས་པ།
ལྔ་ནས་ལེགས་ཆར་དམ་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
བརྟན་ལྷིང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དེ་སྔ་བར་ཕྱི་གསུམ་དུ་ལས་འགན་གཙོ་བོ་དང་འགན་འཁྲི་ཨང་དང་པོར་བརྩིས་ནས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་མཐའ་འཁྱོངས་དང་སྔ་ཙམ་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་སྔར་ལས་ལྷག་པའི་སྒོ་ནས་འཐུས་ཚང་དང་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འབད་བརྩོན་བྱེད་དགོས།
དྲུག་ནས་དོན་འཁྱོལ་ལ་དམ་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ། ནུས་པ་ཆེ་རུ་གཏོང་བ་དང་། ཆབ་སྲིད་དཔལ་འབྱོར་རིག་པ་ཡག་པོ་སྦྱངས་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པ། ངར་ཤུགས་འཕེལ་བ་བྱེད་པ། ཕན་འབྲས་དངོས་ཐོན་ཐབས་བྱེད་པ་བཅས་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཧུར་ཐག་ཞུགས་ནས་ལས་དོན་ཁག་ལ་དངོས་གནས་དྲང་གནས་ཀྱི་གྲུབ་འབྲས་ཐོབ་པ་བྱེད་དགོས། ཁོར་ཡུག་ལེགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་མུ་མཐུད་བྱེད་པ། གཟིགས་སྐྱོང་གི་སྲིད་ཇུས་གང་ལེགས་སྤྱོད་པ། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་དངོས་ཡོད་ཀྱི་དཀའ་ངལ་སེལ་རོགས་བྱེད་པ་བཅས་བྱས་ཏེ“སྲིད་ཇུས་ཀྱི་གཤོང་ས”དང“ཞབས་ཞུའི་མཐོ་ས”གཏོད་དགོས། སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། ལས་ཀའི་སྒྲིག་ཁྲིམས་ནན་པོ་སྲུང་བ། ལས་གནས་བརྟན་སྲུང་དང་ལས་བཀུར་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་ལས་གནས་ཐོག་ཡོད་ཚད་དང་བོད་དུ་སྡོད་ཡུན་མཐོ་རུ་གཏོང་བ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་པར་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་རིམ་ཁག་སྡེ་ཚན་ཁག་གིས་ལེགས་ཆ་འདོན་སྤེལ་གང་ལེགས་དང་གཞོགས་འདེགས་ཧུར་ཐག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ནུས་ཤུགས་མཉམ་འདོན་ངང་སྐུལ་འདེད་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་མི་བྱེད་པའི་རིགས་ཀྱི་བྱ་བ་དང་མི་སྣར་དམ་པོར་དམིགས་ཏེ་དོན་འཁྱོལ་མི་ཐུབ་པའི་མིའི་འགན་འཁྲི་བདའ་འདེད་བཏང་ནས་ལས་དོན་ཁག་ཏན་ཏིག་དང་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་དང་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།