དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-20

    ཚེས་18ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་བསྒྱུར་རྒྱུ་ལག་བསྟར་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གི་ལས་དོན་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་བསྒྱུར་རྒྱུ་ལག་བསྟར་གྱི་ཆེད་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཙུང་ལི་ལི་ཁེ་ཆང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ཕྱོགས་ཡོངས་ནས་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་བསྒྱུར་རྒྱུ་ལག་བསྟར་གྱི་ཚོད་ལྟ་བྱེད་པ་ནི་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་དོན་ཆེན་ཞིག་ཀྱང་ཡིན་པས་ཀྲུང་དབྱང་ནས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུར་ཕན་པ་ཡོད་ལ་ས་གནས་ཀྱི་ཧུར་སེམས་ཆེ་རུ་གཏོང་རྒྱུ་དང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་རྒྱུ་ལའང་ཕན་པ་ཡོད། ཀྲུང་དབྱང་གིས་དབུས་ནུབ་ཁུལ་དང་། མཐའ་མཚམས་མི་རིགས་ས་ཁུལ། ས་ཁུལ་དབུལ་པོ་བཅས་ལ་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱས་ཡོད།

    ང་ཚོས་ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་བསྒྱུར་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ལས་གཉེར་དཔྱ་ཁྲལ་དེ་རིན་ཐང་འཕར་མའི་དཔྱ་ཁྲལ་དུ་བསྒྱུར་རྒྱུའི་སྐུལ་འདེད་དོན་འཁྱོལ་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གྱི་ནོར་སྲིད་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་དགོས་པ་བསྟན་པ་རེད།

    ཚོགས་འདུའི་ཐོག་འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ང་ཚོས“དམ་འཛིན་བྱ་གཞི་ཆ་དྲུག”མཐའ་འཁྱོངས་དང་། “སྐུལ་འདེད་དྲུག”ཤུགས་སྣོན། “མཐའ་ཚད་གསུམ”བརྟན་སྲུང་བཅས་བྱས་ཏེ་འཕར་རྒྱུ་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག འདེགས་སྐྱོར་ནུས་ལྡན། སྒྱུར་བཅོས་སྐུལ་འདེད། དམངས་འཚོར་ཕན་འདོགས། བརྟན་ལྷིང་འགན་ལེན། ཉེན་ཁ་སྔོན་འགོག་བཅས་བྱས་ནས་དཔལ་འབྱོར་གཙོ་བོའི་དམིགས་ཚད་དེ་སྔོན་དཔག་ལས་ཡག་པ་ཡོང་བ་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་དེ་བས་བརྟན་པ་དང་། མགྱོགས་པ། ཡག་པ་བཅས་ཡོང་བ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་དང་བརྟན་ལྷིང་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་ཞེས་བསྟན་པ་རེད།

    དེའི་ཐོག་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལེགས་ལ་མྱུར་བའི་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གསོན་ཤུགས་གསར་པ་སྦྱིན་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་བཅུ་དོན་འཁྱོལ་བྱས་འབྲས་མངོན་གསལ་དོད་པ་དང་སྤྱི་ཚོགས་དུས་བབ་རྒྱུན་མཐུད་དང་ཁྱོན་ཡོངས་ནས་བརྟན་པོ་ཡོང་བའི་དུས་སུ་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཁོར་ཡུག་ཡག་པོ་བཏོད་པ་མཚོན་ཡོད་པ་རེད།

    ཚོགས་འདུའི་ཐོག་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཐད་གོ་སྐབས་མང་པོ་ཡོད་པས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་དུས་ཚིགས་གཉིས་པ་དང་གསུམ་པ་དམ་འཛིན་ཡག་པོ་བྱས་ཐོག་དམིགས་ཚད་ཀྱི་སྟོན་ཕྱོགས་དང་། གནད་དོན་སྟོན་ཕྱོགས། སྟོན་ཕྱོགས་གལ་ཆེན་བཅས་མུ་མཐུད་མཐའ་འཁྱོངས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    གཅིག་ནས་རྣམ་གྲངས་མ་འཇོག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ལས་ཆོད་རེའུ་མིག་ཡག་པོ་བཟོ་བ་དང་། ནུས་ཤུགས་གང་ཡོད་འདོན་པ། ཆེ་སྒྲུབ་མྱུར་སྤེལ་བཅས་བྱས་ཏེ་རྣམ་གྲངས་གཙོ་བོ་ཁག་གི་འཛུགས་སྐྲུན་འཕེལ་རིམ་མགྱོགས་སུ་གཏོང་དགོས། སྔོན་རྩིས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ཐད་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་བྱས་མེད་པའི་ལས་དོན་དང་མི་དམ་འཛིན་བྱེད་པ་དང་། དོན་འཁྱོལ་མི་བྱེད་མཁན་གྱི་འགན་འཁྲི་བདའ་འདེད་བཏང་ནས་ལས་ཀ་མགྱོགས་མྱུར་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཁོར་ཡུག་ཆེད་དོན་བཅོས་སྐྱོང་ལས་དོན་ཏན་ཏིག་སྤེལ་བ་དང་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ཁོར་ཡུག་ཡག་པོ་བསྐྲུན་དགོས་པ་དང་། གཉིས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་ངོས་འཛིན་མཐོར་གཏོང་དང་། གཙོ་གནད་ཁོང་དུ་ཆུད་པ། གཅིག་སྡུད་ཚད་བརྒལ། སྲིད་ཇུས་གང་ལེགས་སྤྱོད་པ། ཟུང་འབྲེལ་ཡག་པོ་བྱེད་པ། འགན་འཁྲི་དོན་འཁྱོལ་བྱེད་པ། རྒྱུན་སྲོལ་ལས་བརྒལ་བའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཐོག སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་པ། གསུམ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། དམ་འཛིན་ནན་པོ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི“ཆ་ཚང་བའི་ཡིག་ཆ་གཉིས”གང་མགྱོགས་བཏོན་ཐུབ་པའི་བརྩོན་ལེན་བྱས་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”དང་། ཐ་ན་དུས་ཡུན་དེ་བས་རིང་བའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ། བཞི་ནས་སྲིད་གཞུང་གི་འགན་ནུས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སོགས་ཀྱི་ཚོགས་འདུ་འཚོགས་ཏེ་ཐོན་ལས་འཕེལ་རྒྱས་དང་། ཚོང་འགུགས་མ་འདྲེན། ལས་གྲྭ་འཛུགས་སྐྲུན་བཅས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས་པ། ལྔ་ནས་འཐབ་ས་དང་པོར་བསྐྱོད་དེ་གཙོ་གནད་རྣམ་གྲངས་དང་། དབུལ་སྒྲོལ་འགག་སྒྲོལ། ཐོན་ལས་འཕེལ་རྒྱས། གེགས་བར་རྗེས་ཀྱི་བསྐྱར་སྐྲུན་སོགས་གཙོ་གནད་ལས་དོན་ཐད་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་ངོ་འཕྲད་གདོང་ཐུག་གིས་གནད་དོན་ཐག་གཅོད་བྱས་ནས་གཙོ་གནད་ལས་འགན་ཁག་ལག་བསྟར་དོན་འཁྱོལ་སྔར་བས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲུག་ནས“མཐའ་ཚད་གསུམ”བརྟན་སྲུང་དང་ལྷོད་གཡེང་མི་གཏོང་བར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་རྒྱུར་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་པ། བདུན་ནས“ནན་གསུམ་དྲང་གསུམ”དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”ལག་བསྟར་གཏིང་ཟབ་བྱས་ཏེ་བློ་ཐག་ཆོད་པོས་གསར་གཏོད་བྱེད་པའི་སྙིང་སྟོབས་དང་། སྔོན་ལ་བྱེད་ཕོད་པའི་ངར་ཤུགས། ཡར་ངོའི་ཟླ་ལྟར་འཕེལ་བའི་སྐྱེ་སྟོབས་བཅས་འཕེལ་བ་བྱས་ཐོག་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་འཁྱེར་སོའི་ཐོག་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག《“4·25”ནེ་པ་ལའི་ས་ཡོམ་ཁྲོད་བོད་ཀྱི་གེགས་ཁུལ་གྱི་གེགས་བར་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ས་གཤིས་གནོད་འཚེ་འགོག་བཅོས་ཆེད་དོན་འཆར་འགོད》དང《“4·25”ནེ་པ་ལའི་ས་ཡོམ་ཁྲོད་བོད་ཀྱི་གེགས་ཁུལ་གྱི་ཐོན་ཁུངས་ཁོར་ཡུག་ཐེག་ནུས་གདེང་འཇོག་སྙན་ཞུར》གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཡོད། ཚོགས་འདུའི་ཐོག་ད་དུང《སྐབས་གསུམ་པའི་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་སྤྱིའི་ཇུས་གཞི》དང《ཨེ་ཤེ་ཡ་ལྷོ་མར་ཕྱོགས་ཏེ་སྒོ་དབྱེ་བའི་བགྲོད་ལམ་གཙོ་བོ་གང་མགྱོགས་བསྐྲུན་རྒྱུའི་སྐོར་གྱི་སྤྱིའི་བསམ་གཞིག》སོགས་དོན་ཚན་ལ་ཞིབ་འཇུག་བྱས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།