དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་གྱི་འཐབ་ཕྱོགས་དང་པོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-04-18

    272395_yis_1460865074302.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་གྲོ་མོ་ཕུག་ལམ་གྱི་ལས་ཡུལ་དངོས་སུ་གནས་ཚུལ་མཁྱེན་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཉིན་ཤས་གོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་བརྟག་ཞིབ་གནང་སྐབས་འབྲེལ་ཡོད་ཕྱོགས་གསུམ་གྱིས་ལྷ་ཉིང་ལྕགས་ལམ་བསྐྲུན་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་ལམ་ཧྲིལ་པོ་སྔ་སྣུར་དུ་བསྐྲུན་པའི་དམིགས་ཚད་ལ་དམིགས་པ་དང་། སྐུལ་སྤེལ་མགྱོགས་སུ་གཏོང་བ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན། འགན་ལེན་ནུས་ལྡན་བྱེད་པ་བཅས་ཀྱི་སྒོ་ནས་སེམས་ཤུགས་གཅིག་སྒྲིལ་ངང་ལྷ་ཉིང་ལྕཌ་ལམ་གྱི་འགག་རྩ་ཡག་པོ་བསྐྲུན་ཏེ་བོད་ཀྱི་འབྱོར་འབྲིང་སྤྱི་ཚོཌ་ཕྱོཌ་ཡོངས་ནས་སྐྲུན་ཐུབ་པར་གཞོཌ་འདེཌ་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་བློ་བཟང་རྒྱལ་མཚན་གྱིས་ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཡིན་ལ་ལྷ་ཉིང་ལྕགས་ལམ་ཕྱོགས་ཡོངས་ནས་སྐྲུན་པ་དང་སྐུལ་སྤེལ་མགྱོགས་སུ་གཏོང་བའི་ལས་སྒྲུབ་ཆེན་པོའི་ལོ་ཞིག་ཀྱང་ཡིན། འབྲེལ་ཡོད་ཕྱོགས་གསུམ་གྱིས་ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རྒྱལ་ཁབ་འཆར་འགོད་ནང་བཅུག་པའི་གོ་སྐབས་ལ་དངོས་སུ་དམ་འཛིན་བྱེད་དགོས་པ་དང་།ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་ནི་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་ཡིན་པ་དང་། དེ་ནི་ཁྲོན་བོད་ཞིང་ཆེན་གཉིས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་པ་ཞིག་ཡིན་ལུགས་གང་ལེགས་རྟོགས་དགོས་ཤིང་། བསམ་བློའི་ངོས་འཛིན་དོན་འཁྱོལ་དང་། ལས་ཀའི་བྱེད་ཐབས་དོན་འཁྱོལ། འགན་འཁྲི་དོན་འཁྱོལ་བཅས་ཏན་ཏིག་བྱེད་ཐུབ་པ་བྱས་ནས་ལས་སྐྲུན་གྱི་དུས་ཚིགས་ཡག་པོར་དམ་འཛིན་གྱིས་གོ་རིམ་ལྡན་པའི་ངང་སྟོབས་ཤུགས་སྒྲིག་འཛུགས་དང་། སྤུས་ཚད་གཙོ་བོ་དང་། སྣོད་བཅུད་གལ་ཆེན། བདེ་འཇགས་ཨང་དང་པོར་འཇོག་པ་བཅས་མཐའ་འཁྱོངས་བྱས་ཏེ་འཛུགས་སྐྲུན་གང་མྱུར་བྱས་ནས་སྔ་སྣུར་དུ་སྐྲུན་ཐུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས“མི་ཡོངས་དང་། ཁྱོན་ཡོངས། བརྒྱུད་རིམ་ཆ་ཚང་”བཅས་ལྕགས་ལམ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་སྤྱིའི་བླང་བྱ་ལྟར། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པ་སྟེ།

    གཅིག་ནི་འཛུགས་སྐྲུན་ཁོར་ཡུག་ལ་དམ་འཛིན་བྱེད་དགོས་ཤིང་། མི་རིགས་སྲིད་ཇུས་ཀྱི་སློབ་གསོ་སྤེལ་ཤུགས་ཟབ་ཏུ་བཏང་ནས་ཡུལ་དེ་གའི་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་བྱེད་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་དང“སུས་འཛུགས་སྐྲུན་དང་སུས་འགན་འཁུར་བའི”རྩ་དོན་ལྟར་དུས་ཐོག་ཏུ་འགལ་བ་སྣ་ཚོགས་ཐག་གཅོད་གང་ལེགས་བྱས་ཏེ་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་སྔོན་འགོག་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལས་དོན་ཞིབ་ཚགས་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་གྱིས་ལྕགས་ལམ་འཛུགས་སྐྲུན་ནང་རྒྱབ་སྐྱོར་ཧུར་ཐག་དང་གོ་རིམ་ལྡན་པའི་ངང་ཞུགས་སུ་འཇུག་པ་དང་། ས་ཆ་བསྡུ་ལེན་དང་བཤིག་སྤོ་དང་། ངལ་ནུས་ལས་མི་སྤྱོད་པ། རྡོ་ཟེགས་སྔོག་འདོན། འཁོར་རིགས་ཀྱི་དབོར་འདྲེན་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཞི་མཐུན་གྱི་འཛུགས་སྐྲུན་ཨར་རྒྱག་ཁོར་ཡུག་ཅིག་བསྐྲུན་དགོས། ལས་སྐྲུན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་འབྲེལ་གཏུག་དང་འབྲེལ་འདྲིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གྲྭ་འཛུགས་སྐྲུན་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་མ་གཏོང་རྒྱུའི་འགན་ལེན་བྱེད་དགོས།

    གཉིས་ནི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་ལ་དམ་འཛིན་བྱེད་དགོས་ཤིང་། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་དངོས་འབྲེལ་གཅིག་གྱུར་ཡོང་བ་བྱས་ནས་ས་མཐོའི་ལྕགས་ལམ་རྩེ་གྲ་བསྐྲུན་རྒྱུ་དེ་རང་འགན་དུ་བརྩིས་ནས་སོ་སོའི་འགན་འཁྲི་དང་འོས་འགན་ལག་བསྟར་གང་ལེགས་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འགན་ནུས་དང་འགན་འཁྲི་ཁག་བགོས་ལ་ནན་ཏན་གཞིགས་ཏེ། རང་འགན་གཙང་སྒྲུབ་དང་རང་འགན་རང་འཁུར་གྱིས་ཕན་ཚུན་མཉམ་འགུལ་དང་ཕན་ཚུན་གཞོགས་འདེགས་བྱས་ཐོག་ལྕགས་ལམ་འཛུགས་སྐྲུན་ཤུགས་ཆེན་བྱེད་དགོས། འབྲེལ་ཡོད་ཕྱོགས་གསུམ་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་ལྕགས་ལམ་འཛུགས་སྐྲུན་ཁྲོད་ཐོན་པའི་གནད་དོན་དུས་ཐོག་ཏུ་གྲོས་མོལ་དང་ཐག་གཅོད་བྱས་ཏེ་ལྕགས་ལམ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

    གསུམ་ནི་འབྲེལ་ཡོད་ཕྱོགས་མཉམ་སྐྲུན་ལ་དམ་འཛིན་བྱེད་དགོས་ཤིང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ལ་སྣང་ཆེན་བྱེད་པ་དང་དུས་མཚུངས་ཀྲུང་དབྱང་ཁེ་ལས་ཀྱིས་སྤྱི་ཚོགས་འགན་འཁྲི་ཧུར་ཐག་འཁུར་ནས་འཛུགས་སྐྲུན་བརྒྱུད་རིམ་ནང་གནད་སྨིན་དབུལ་སྐྱོར་གྱི་ལས་འགན་འཁུར་བ་དང་རང་སའི་ཐོན་ཁུངས་གང་ལེགས་སྤྱད་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་དེ་གའི་ཞིང་འབྲོག་པའི་འབབ་འཕར་ལ་ཞབས་འདེགས་ཞུ་དགོས། ལྕགས་ལམ་རྒྱུད་ཀྱི་རིམ་ཁག་སྲིད་གཞུང་གིས་སྒྲིག་འཛུགས་ཞིབ་ཚགས་དང་དོ་དམ་ཞིབ་ཚགས་བྱས་ཏེ་ལམ་རྒྱུད་ཀྱི་ཞིང་འབྲོག་མང་ཚོགས་ཉིད་གོ་རིམ་ལྡན་པའི་ངང་ལས་གྲྭ་འཛུགས་སྐྲུན་ནང་སྔར་བས་ཞུགས་ཐུབ་པར་བྱས་ནས་ལྕགས་ལམ་འཛུགས་སྐྲུན་གྱི་དམངས་ཕན་དང་། དམངས་ཁེ། དམངས་ཕྱུག་བཅས་ཀྱི་ནུས་པ་གང་ལེགས་འདོན་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།