རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཚོགས་འདུ་ཐེངས་ཉེར་གསུམ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་སྒྲིག་བྱུང་ནས་ཚེས་30ཉིན་གྱི་ཕྱི་དྲོ་གྲོལ་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་ནས་འདེམས་བསྐོའི་བཅའ་ཁྲིམས་ལག་བསྟར་ཞིབ་སྲོལ་དང་།འཐུས་མིའི་བཅའ་ཁྲིམས་ལག་བསྟར་བྱ་ཐབས། མི་དོན་བསྐོ་འཐེན་བྱ་ཐབས། ཤང་དང་གྲོང་རྡལ་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྲོལ་ཡིག་བཅས་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་གསུམ་ལ་གྲོས་འཆམ་བྱུང་བ་དང་།《ལྷ་ས་གྲོང་ཁྱེར་གྱི་གནའ་གྲོང་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གཏན་འབེབས་དང་། ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུའི་སྐོར་གྱི་གཏན་འབེབས་གསུམ་དང་དེ་བཞིན་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་འབྲེལ་ཡོད་གཏན་འབེབས་བཅས་ལ་ཆོག་མཆན་ཐོབ་པ། ལིའུ་ཅང་དང་།དབང་ཧའེ་ཀྲོའུ་རྣམ་གཉིས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས་པ་དང་། གོ་གནས་བསྐོ་འཐེན་གྱི་དོན་ཚན་གཞན་དག་ལའང་གྲོས་འཆམ་བྱུང་ནས་གོ་གནས་བསྐོ་གཞག་ཡི་གེ་སྤྲད་པ་དང་།རྩ་ཁྲིམས་ཀྱི་དམ་བཅའི་མཛད་སྒོའང་གཉེར་བ་རེད།(ཚེ་ཆོས་ཀྱིས་སྒྱུར་ཞུས་བྱས)