དབུ་ཤོག>སྲིད་དོན།
  • བུད་མེད་ལས་རིགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་57འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-31

    ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་ཨང་དང་པོ་དང་ལྗོངས་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁེ་གསུམ་གྲོང་མི་ཨུ་ལྷན་དུ་བུད་མེད་ལས་རིགས་ཀྱིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་57འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ལྷན་དུ་ཕེབས་ཡོད་པ་རེད།

    ཅང་ཅེས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་གོ་སྐབས་དམ་འཛིན་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས། རང་ངོས་ཀྱི་བྱང་ཚད་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ། བློ་བརྟན་འགྱུར་མེད་ངང་གཅིག་གྱུར་སྲུང་སྐྱོང་དང་། ཁ་ཕྲལ་ལ་ངོ་རྒོལ་བྱས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་བྱ་གཞག་ཆེད་སྤྱང་གྲུང་གི་བློ་གྲོས་སྐྱེས་སུ་འབུལ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས། བུད་མེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་དང་ཁྱིམ་ཚང་ཁྲོད་ཀྱི་བུད་མེད་ཀྱི་ཁྱད་འཕགས་ནུས་པ་མངོན་པ་བྱེད་དགོས་པ་དང་རང་བཀུར་དང་། རང་ལ་ཡིད་ཆེས། རང་ཚུགས། རང་འབད་བཅས་ཐུབ་པ་བྱས་ཏེ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    བྱེད་སྒོ་སྤེལ་རིང་། ཅང་ཅེ་དང་སྐལ་བཟང་ཚེ་རིང་སོགས་ཀྱིས་ཁེ་གསུམ་གྲོང་མི་ཨུ་ལྷན་གྱི་སྐྱེད་མ་དབུལ་པོ་དང་། ཏང་ཡོན་དབུལ་པོ། ཏང་ཡོན་རྒན་གྲས་ཀྱི་འཐུས་མི་བཅས་ལ་འཚམས་འདྲིའི་དངོས་པོ་གནང་བ་དང་། ཁེ་གསུམ་གྲོང་མི་ཨུ་ལྷན་གྱི་བུད་མེད་ཀྱི་འཐུས་མི་ཚེ་རིང་སྒྲོལ་མས་རང་ཉིད་ཀྱི་མྱོང་བ་དངོས་བརྒྱུད་བོད་གསར་རྙིང་བསྡུར་བའི་སྐོར་གླེང་ནས། སྡུག་དྲན་སྐྱིད་བསམ་སྒོས་གཞོན་ནུ་ཚོར་འདས་སོང་བརྗེད་མི་རུང་བ་དང་ལོ་རྒྱུས་བློ་ལ་བརྟན་པོ་ངེས་ནས་མིག་སྔའི་དུས་བབ་བཟང་པོ་དང་བདེ་སྐྱིད་འཚོ་བར་གཅེས་སྤྲས་ལྷག་པར་བྱེད་དགོས་པའི་སློབ་གསོ་བརྒྱབ་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།