དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཐད་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-03-30

     ཚེས་28ཉིན་གྱི་སྔ་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱོད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་ཐད་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་ཁག་གིས་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་བླང་བྱ་དང་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཟམ་མི་ཆད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་འཛུགས་ཕྱིར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་ཚུལ་བཀོད་སྒྲིག་གནང་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་འདས་ཟིན་པའི་ལོ་གཅིག་རིང་གི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་ཕྱིར་དྲན་ཕྱོགས་སྡོམ་དང་2016ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ནས་ཚོགས་འདུའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཏན་ཏིག་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ་སྟེ།

    གཅིག་ནས་སློབ་སྦྱོང་གཏིང་ཟབ་བྱས་ནས་དགོངས་དོན་གྱི་ངོ་བོར་གོ་བ་ཏན་ཏིག་ལེན་དགོས་ཤིང་། ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་སྐབས་བརྒྱད་པའི་ལྗོངས་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གནང་བའི“ཕྱོགས་བརྒྱད”ཀྱི་བླང་བྱ་དང་བཀོད་སྒྲིག་དང་ཟུང་འབྲེལ་བྱེད་པ། སྲིད་གཞུང་གི་ལས་ཀའི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཞིབ་ཅིང་ཕྲ་བའི་སྒོ་ནས་གོ་བ་ལེན་པ་བཅས་ཀྱི་ཐོག་ནས་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། ནང་སེམས་སུ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་མངོན་པར་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་ལས་དོན་དམ་འཛིན་ཡག་པོ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཏན་ཏིག་ངང་ཆེ་རུ་གཏོང་དགོས་པ་དང་།

    གཉིས་ནས་རྒྱུན་སྲིང་ལྷོད་མེད་དང་ལྕགས་རྡུང་བར་ཐོ་བ་མཁྲེགས་པོ་དགོས་ཤིང་། འགན་འཁྲི་ཁུར་སེམས་ཏན་ཏིག་ངང་ཆེ་རུ་བཏང་ནས་ཁྲིམས་ལྟར་སྲིད་འཛིན་དང་། དམངས་ཆེད་སྲིད་འཛིན། སྲིད་བརྩོན་ལས་སྒྲུབ། སྲིད་གཙང་འགན་འཁུར་བཅས་མཐའ་འཁྱོངས་བྱེད་པ་དང་། ཚད་གཞི་མཐོ་པོ་དང་། བླང་བྱ་ནན་པོ། མཐའ་ཚད་སྲུང་བ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། སྲིད་གཙང་འཛུགས་སྐྱོང་དང་སྤྱོད་གཙང་རང་འདོམས་ཐད་ཀྱི་བླང་བྱར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་དང་ཚད་གཞི་དམའ་རུ་གཏན་ནས་མི་གཏོང་བར་སྔ་ཕྱི་བར་གསུམ་དུ་དམ་འཛིན་དཔྱིས་ཕྱིན་པ་བྱས་ནས་ཆབ་སྲིད་ཀྱི་ལམ་ཕྱོགས་བརྟན་པ་དང་། སྤྱོད་གཙང་གཞུང་དྲང་། སྤྱོད་ཚུལ་ལེགས་པ། དམག་འཐབ་རྒྱག་ཐུབ་པ། འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་པ། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེན་པོ་ལྡན་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་དེ་སྤྱོད་གཙང་ནུས་ཆེའི་སྲིད་དོན་ཁོར་ཡུག་དང་། གཞུང་དྲང་དང་ཕྱི་གསལ་ནང་གསལ་གྱི་ཁྲིམས་ལུགས་ཁོར་ཡུག གཞུང་དྲང་དང་ཁ་དན་ཚིག་གནས་ཀྱི་ཁྲོམ་རའི་ཁོར་ཡུག་བཅས་ཡག་པོ་བསྐྲུན་དགོས་པ།

    གསུམ་ནས་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་གྱི་ཚོགས་འདུ་གྲ་སྒྲིག་ནན་ཏན་བྱེད་དགོས་ཤིང་། ཁྲིམས་སྐྱོང་སྲིད་གཞུང་དང་། གསར་གཏོད་སྲིད་གཞུང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུའི་རྣམ་པའི་སྲིད་གཞུང་བཅས་འཛུགས་སྐྱོང་ལ་གཙོ་གནད་དུ་དམིགས་ཏེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ལྗོངས་ཏང་ཨུད་བཅས་ཀྱི་བླང་བྱ་དང་ཟུང་འབྲེལ་དང་བོད་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དམིགས་ཚད་ཁ་གསལ་བཟོ་བ་དང་། གཙོ་གནད་མངོན་གསལ་དོད་དུ་གཏོང་བ། བྱ་ཐབས་སྤྱོད་ཤུགས་ཆེ་རུ་གཏོང་བ། དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་སྲིད་གཞུང་གི་སྲིད་གཙང་ལས་དོན་ཚོགས་འདུའི་གྲ་སྒྲིག་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་མུ་མཐུད་སྐུལ་སྤེལ་བཏང་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་མ་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་སློབ་སྦྱོང་དང་གོ་བ་ལེན་རྒྱུའི་ཐད་འབད་བརྩོན་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་བྱ་རྒྱུའི་ཐད་འབད་བརྩོན་བྱེད་པ། དོན་འཁྱོལ་དམ་འཛིན་ནན་པོ་བྱ་རྒྱུའི་ཐད་འབད་བརྩོན་བྱེད་པ་བཅས་ཀྱི་ཐོག་ནས་འདི་ལོའི་སྲིད་གཞུང་ཁོངས་གཏོགས་ཀྱི་སྲིད་གཙང་ལས་དོན་ཚོགས་འདུའི་གྲ་སྒྲིག་ཚགས་ཚུད་པོ་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱོད་གཙང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་དམིགས་སར་དོན་འཁྱོལ་ཏན་ཏིག་ཐུབ་པ་དང་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕན་འབྲས་གསར་པ་སྔར་བས་ཆེ་བ་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།