དབུ་ཤོག>སྲིད་དོན།
  • ཅང་ཅེ་ཡིས་ལྷོ་ཁ་ས་ཁུལ་གྱི་2016ལོའི“ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོར་གཟིགས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-03-24

    ཚེས་21ཉིན་གྱི་སྔ་དྲོ། ལྷོ་ཁ་ས་ཁུལ་གྱིས་རྩེད་ཐང་གྲོང་རྡལ་དུ་2016ལོའི“ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་དྲིལ་བསྒྲགས་ས་ཚིགས་ཁག་ཏུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཆེད་མངགས་ཕེབས་པ་མ་ཟད། ལས་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ལྗོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་བཅས་ཡིན་པའི་སྐལ་བཟང་ཚེ་རིང་གཟིགས་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།

    ཅང་ཅེ་ཡིས་དྲིལ་བསྒྲགས་ས་ཚིགས་རེར་ཕེབས་རིམ་བཞིན་ལས་དོན་མི་སྣར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། དྲིལ་བསྒྲགས་ཡིག་རིགས་གཟིགས་གནང་སྟེ་ཚན་པ་ཁག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱིས་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། བརྟན་ལྷིང་ལས་དོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། “དུས་བདེའི་ལྷོ་ཁ”འཛུགས་སྐྱོང་གཏིང་ཟབ་བྱེད་པ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཅང་ཅེ་ཡིས་ཁྲིམས་སྐྱོང་དྲིལ་བསྒྲགས་ནི་སྤྱི་ཚོགས་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ལས་དོན་ཞིག་རེད། དེར་བརྟེན་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ལས་རིགས་ཁག་ཉམས་འགོག་ཉམས་བཅོས་ནང་ཞུགས་རྒྱུར་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་མཐའ་དག་ལ་སྔོན་འགོག་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དུ་གཏོང་བ་དང་། མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་མི་སེམས་སུ་ཟུག་པ་བྱེད་པ། མང་ཚོགས་ཚོར་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་དྲིལ་བསྒྲགས་བཅས་བྱས་ཏེ། ཁྱོན་ཡོངས་སྐུལ་སློང་དང་དམངས་ཡོངས་ཞུགས་པའི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གྱི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།