དབུ་ཤོག>སྲིད་དོན།
  • ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་ཐབས་ལམ་གསར་པ་གཏོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    ཉིན་ཤས་བསྟུད་མར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས(འཆར་ཟིན)》དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་དང་སྤྱི་ཚོགས་ལས་རིགས་ཁག་གིས་དེར་དོ་ཁུར་ཆེན་པོ་བྱས་ཤིང་། “ཇི་ལྟར་བྱས་ནས་དགེ་སྒྲུབ་བྱ་གཞག་ལ་བསྟུན་སའི་སྒྲིག་ལམ་ཡོད་པ་བྱ་རྒྱུ”དང“ཇི་ལྟར་བྱས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི”ཐད་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཐབས་འདོན་ཇུས་འདོན་གནང་བའི་ཐོག་རང་གི་ལྟ་སྟངས་ཀྱང་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ཁྲིམས་འཛུགས་པ་དང་། ཁྲིམས་འཛིན་ནན་པོ། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱི་ཁྲིམས་སྲུང་བཅས་ཀྱི་ལས་དོན་སྤེལ་བར་བརྟེན་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་སོང་བ་དང་འབྲེལ་མི་སེར་དེ་བས་མང་བ་ཞིག་གིས་ཁྲིམས་སྐྱོང་ལས་བྱུང་བའི་མངོན་གསལ་དོད་པོའི་འགྱུར་ལྡོག་ཚོར་ཐུབ་པ་བྱུང་ཡོད།

    “མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་པ་དང་ཏང་གིས་མི་དམངས་ལ་འགོ་ཁྲིད་གནང་སྟེ་རང་ཐག་རང་གཅོད་དང་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་ཆབ་སྲིད་རྩ་འཛུགས་ཀྱི་བྱེད་ཐབས་ཡག་ཤོས་ཤིག་ཡིན། རྒྱལ་ཁབ་ཀྱི་འདྲི་གཅོད་ལས་ཁུངས་ཤིག་ཡིན་པའི་མི་དམངས་ཁྲིམས་ཁང་དེ་མི་དམངས་འཐུས་ཚོགས་ནས་ཐོན་པ་དང་། མི་དམངས་འཐུས་ཚོགས་ལ་འགན་འཁུར་བ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ནི་རང་རྒྱལ་གྱི་རྩ་ཁྲིམས་ནང་གཏན་འཁེལ་བྱས་པའི་རྩ་དོན་གལ་ཆེན་ཞིག་ཡིན”རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བསོད་དར་གྱིས་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་དགོས་ན། ང་ཚོས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་དེ་བས་རང་རྟོགས་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ལྟ་སྐུལ་དང་ལས་ཀའི་ལྟ་སྐུལ་དང་ལེན་བྱས་ནས་ཁྲིམས་འཛིན་ལ་ཀུན་གྱི་ཡིད་ཆེས་བྱེད་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་གསུངས་བྱུང་།

    “མི་སེར་ལ་ཁྲིམས་སྐྱོང་གི་ཐོབ་སེམས་ཐོབ་པ་བྱེད་དགོས་ན། ཁོང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཁྲིམས་འཛུགས་གཟབ་ནན་བྱེད་དགོས་པ་སྟེ། བཅའ་ཁྲིམས་བཟོ་བ་དང་བཟོ་བཅོས་རྒྱག་རྒྱུ་ཚུད་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་བསྟན་པས་དེ་ལྟར་གསུངས་བྱུང་།

    2015ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད(2013ལོ་ནས་2017ལོ་བར)》ལེགས་སྒྲིག་བྱས་པར་བརྟེན་ཁྲིམས་འཛུགས་དང་སྒྱུར་འཕེལ་བརྟན་གསུམ་གྱི་འཐབ་ཇུས་སྔར་བས་སྦྲེལ་མཐུད་ཡག་པོ་བྱུང་ཡོད།

    “ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དོ་དམ་སྲོལ་ཡིག་བཟོས་ནས་དོ་དམ་འགན་འཁྲི་དང་། སྲུང་སྐྱོང་འཆར་འགོད། ཞིབ་འཇུག་བེད་སྤྱོད་སོགས་ཀྱི་ལམ་ལུགས་དང་བྱ་ཐབས་སྔར་བས་འཐུས་ཚང་དུ་སོང་བ་དང་། ཁྲག་འབུལ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཟོས་ནས་རིན་མེད་ཁྲག་འབུལ་ལ་སྐུལ་འདེད་བཏང་བ། ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་བཅའ་ཁྲིམས་ལག་བསྟར་བྱ་ཐབས་བཟོས་ནས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་སྔོན་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ། 《རྩྭ་ཐང་བཅའ་ཁྲིམས》ལག་བསྟར་བྱ་ཐབས་ཀྱི་འབྲེལ་ཡོད་དོན་ཚན་ལ་བཟོ་བཅོས་བརྒྱབ་ནས་སྲིད་གཞུང་གི་འགན་ནུས་སྒྱུར་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ཁྲིམས་འཛུགས་ཀྱི་སྤུས་ཚད་དེ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ལག་བསྟར་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་རྒྱབ་ལྗོངས་ཆེན་པོའི་འོག་ངེས་པར་དུ་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཁྲིམས་སྲོལ་གྱི་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ལག་བསྟར་ཆོག་པའི་རང་བཞིན་བཅས་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཚང་མ་ལག་ལེན་དང་མི་དམངས་ཀྱི་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས”ཞེས་བློ་བཟང་བསྟན་པས་དེ་ལྟར་གསུངས།

    “སླད་ཕྱིན་ང་ཚོས་སྒྱུར་བཅོས་གལ་ཆེན་གྱི་བྱེད་ཐབས་ཐད་ངེས་པར་དུ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱ་རྒྱུའི་བླང་བྱར་གཞིགས་ཏེ་ཁྲིམས་སྐྱོང་གི་སྒྲོམ་གཞིའི་ནང་དང་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་སྲིད་འཛིན་སྒྲིག་སྲོལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཁྲིམས་ལྟར་བོད་སྐྱོང་གི་རྩ་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། དམངས་ཆེད་ཁྲིམས་འཛིན་དང་གཞུང་དྲང་ཁྲིམས་འཛིན་བྱ་རྒྱུ་མཐའ་འཁྱོངས། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས། བརྒྱུད་རིམ་གཞུང་དྲང་དང་དངོས་མཚན་གཞུང་དྲང་གལ་ཆེ་མཉམ་འཇོག་མཐའ་འཁྱོངས་བཅས་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་གཞུང་དྲང་ངང་སྒྲུབ་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་གཞུང་དྲང་དྲང་བདེན་གྱི་ཁྲིམས་སྐྱོང་ཁོར་ཡུག་ཅིག་བསྐྲུན་དགོས། ལྗོངས་ཏང་ཨུད་ཀྱིས་སྤྱོད་ཡོན་གཉིས་ལྡན་གྱི་ཁྲིམས་སྐྱོང་དཔུང་ཁག་ཅིག་བསྐྲུན་རྒྱུའི་བླང་བྱ་གཞིར་བཟུང་ཁྲིམས་ཁང་དཔུང་ཁག་དེ་ལས་རིགས་ཅན་དང། ཚད་ལྡན་ཅན། ཆེད་ལས་ཅན་བཅས་སུ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་ཁྲིམས་སྐྱོང་དད་སེམས་དང་། ལས་གནས་བརྟན་སྲུང་གི་སྤྱོད་ཚུལ། ཁྲིམས་འཛིན་སྤྱོད་གཙང་འགན་ལེན་བཅས་བྱས་ཏེ་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་རྒྱུར་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན”ཞེས་བསོད་དར་གྱིས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།