དབུ་ཤོག>སྲིད་དོན།
  • ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་ཕྱིན་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགྲོ་ཤུགས་ལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན། མ་དངུལ་སྒོར་དུང་ཕྱུར་2.23བཏང་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭའི་དུད་ཚང་11570བསྐྲུན་ནས་མི་ཁྲི་5.87ལ་ཕན་པ་ཐོབ་པ་དང་། ཡོམ་འགོག་བརྟན་གཏོང་གི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་མ་དངུལ་སྒོར་དུང་ཕྱུར་2.75བཏང་ནས་ཉེན་ཡོད་སྡོད་ཁང་5404སྒྱུར་བཀོད་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་2.24བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གྲོང་ཚོ་489བསྐྲུན་ནས་སྲིད་འཛིན་གྲོང་ཚོ་ཡོངས་ལ་ཁྱབ་པ་བྱས་པ་དང་། རྒྱལ་ཁབ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.87བསྡུ་སྒྲིལ་བྱས་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་111བསྐྲུན་པ་དེས་སྲིད་འཛིན་གྲོང་ཚོའི་བསྡོམས་འབོར་གྱི་25.55%བཟུང་ཡོད། “བརྒྱད་འཛོམས་ཞིང་དུད”འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་མི་ཁྲི་5.59ཡི་འཐུང་ཆུའི་བདེ་འཇགས་དང་མི་ཁྲི་1.2ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པས། གྲོང་ཁྱེར་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་བདེ་འཇགས་འཐུང་ཆུ་ཤར་གཏོང་ཐུབ་ཚད་དང་གློག་ཤར་གཏོང་ཐུབ་ཚད་ཚང་མ་100%ཟིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་1158གསར་དུ་བསྐྲུན་པས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་ལམ་ཐག་རིང་ཚད་བསྡོམས་འབོར་སྤྱི་ལེ་6029ཟིན་པ་དང་། ཤང(གྲོང་རྡལ)2དང་། སྲིད་འཛིན་གྲོང་ཚོ་60 དགོན་སྡེ་47བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཤང(གྲོང་རྡལ)13དང་། སྲིད་འཛིན་གྲོང་ཚོ་121ཏུ་གཞུང་ལམ་ཤར་བགྲོད་ཀྱི་གནད་དོན་ཐག་གཅོད་བྱས་ཡོད་པས་གྲོང་ཁྱེར་དེ་ཡོངས་ཀྱི་ཤང(གྲོང་རྡལ)དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་དང་ཤར་བགྲོད་ཐུབ་ཚད་100% དང་85.18%སོ་སོར་ཟིན་པ་དང་། སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་དང་ཤར་བགྲོད་ཐུབ་ཚད་100%དང་50.92%སོ་སོར་ཟིན་པ། དགོན་སྡེར་ཤར་གཏོང་ཐུབ་ཚད་92.47%ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ད་དུང་ཞིང་འབྲོག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་དུ་ལག་ལེན་བསྟར་བའི་དཔེ་སྟོན་ཁུལ་ནང་བཅུག་པ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་ལྟར་ན། གཙོ་གནད་ས་ཁོངས་སུ་ནགས་བཟོ་དང་། བྱེ་འགོག་བྱེ་བཅོས། རྨོ་བསྐྱུར་ནགས་གསོ་སོགས་མུའུ་ཁྲི་101.3བྱས་པ་དང་གྲོང་ཁྱེར་དེ་ཡོངས་ཀྱི་རྩྭ་ཕྱུགས་དོ་སྙོམས་རྒྱ་ཁྱོན་མུའུ་ཁྲི་2811.26ཟིན་པ། སྤྱི་ཕན་ནགས་ཤིང་བདག་སྐྱོང་བྱེད་ཁྱོན་མུའུ་ཁྲི་4461.8ཟིན་པ། མི་རེའི་ཆ་སྙོམས་སྤྱི་ཕན་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་9.5ཟིན་པ། ནགས་ཚལ་ཁེབས་ཚད་52.95% ཟིན་པ། རྩྭ་རྭའི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་70%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།