དབུ་ཤོག>སྲིད་དོན།
  • རྒྱ་ཚ་རྫོང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་མང་ཚོགས་ལ“གསལ་རྟོགས་གཱ”སྤྲད་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  米玛   |     སྤེལ་དུས།  2016-03-23

    ཉེ་ཆར་རྒྱ་ཚ་རྫོང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི“གསལ་རྟོགས་གཱ”རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ(ཡུལ་མི)77གྱི་ཞིང་དུད་ལ་སྤྲད་དེ་མང་ཚོགས་ཚོས་ནོར་སྲིད་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གསལ་པོ་ཤེས་ཐུབ་པ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གསལ་རྟོགས་གཱ”ཡི་ནང་དོན་ནང་གྲོང་ཚོའི་ལས་བྱེད་པའི་གླ་ཆ་དང་། ཞིང་ལས་སྐྱེ་དངོས་ཀྱི་ས་བོན་ཁ་གསབ་རོགས་དངུལ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཀྱི་ཁ་གསབ་རོགས་དངུལ། ཕ་ཕྱུགས་ཀྱི་ཁ་གསབ་རོགས་དངུལ། དགེ་འོས་དང་། ཞིང་འབྲོག ནགས། ཆུ། ས་གཏེར་བཅས་རིགས་ཀྱི་མཐོ་སློབ་སློབ་མའི་སློབ་ཡོན་མི་དགོས་པའི་སློབ་གསོ་སོགས་ཚུད་ཡོད། “གསལ་རྟོགས་གཱ”བླངས་རྗེས་མང་ཚོགས་ཚོས“གསལ་རྟོགས་གཱ”དེ་ཡོད་པས་ང་ཚོས་ཏང་དང་སྲིད་གཞུང་གིས་བོད་ཀྱི་ཞིང་འབྲོག་པར་གཟིགས་སྐྱོང་སྲིད་ཇུས་གང་དག་གནང་ལུགས་དེ་བས་གསལ་པོ་ཤེས་ཐུབ་པ་དང་། ང་ཚོའི་འཚོ་བ་དེ་བས་སྐྱིད་པ་དང་ལེགས་སུ་འགྲོ་ངེས་རེད”ཅེས་འཚང་ཁ་ཤིག་ཤིག་ངང་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།