དབུ་ཤོག>སྲིད་དོན།
  • ཅང་ཅེ་ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོཌ་ཀྱི“གསུང་བཤད་སློབ་སྦྱོང་དང་། ཧེ་བག་འཚོལ་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི”བྱེད་སྒོའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-03-21

    ཚེས་17ཉིན་གྱི་ཕྱི་དྲོ་ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱི“གསུང་བཤད་སློབ་སྦྱོང་དང་། ཧེ་བག་འཚོལ་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི”བྱེད་སྒོའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཅང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲང་ཞའོ་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཅང་ཅེ་ཡིས་ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་གསུང་བཤད་སློབ་སྦྱོང་ཡག་པོ་བྱ་རྒྱུ་དེ་རྩ་བར་བརྩིས་ནས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་མཛུབ་ཁྲིད་དང་སྤྱི་འདོམས་སུ་བྱེད་པ་དང་། ཧེ་བག་འཚོལ་རྒྱུ་བྱ་ཐབས་ལ་བརྩི་བ། སྤྱོད་ཚུལ་ལེགས་གཏོང་ཐབས་ལམ་དུ་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་དམིགས་ཡུལ་དུ་བཅས་བྱས་ཏེ་རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་གཏོད་པ་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཅང་ཅེ་ཡིས་ལྗོངས་ཡོངས་ཀྱི་གསར་འགྱུར་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་གཅིག་ནས“གསུང་བཤད་སློབ་སྦྱོང་དང་། ཧེ་བག་འཚོལ་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི”བྱེད་སྒོ་སྤེལ་རྒྱུ་ནི་ཕྱོགས་ཡོངས་ནས་གསར་འགྱུར་གླེང་ཕྱོགས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་རྒྱུའི་དགོས་མཁོ་དངོས་ཤིག་ཡིན་པ་དང་། རང་ལྗོངས་ཀྱི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། དོན་སྙིང་གལ་ཆེན་ངོས་འཛིན་གསལ་པོ་དང་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་བྱས་ཏེ་རང་རྟོགས་ངང་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་བྱ་གཞག་ལ་ཞབས་འདེགས་ཞུ་བའི་ཁྲོད་གྲུབ་འབྲས་དང་ལེགས་སྐྱེས་བསྡུར་དགོས་པ་དང་། གཉིས་ནས་གནད་དོན་གྱི་འདུ་ཤེས་འཛུགས་པ་དང་། གནད་དོན་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས། གནད་དོན་ཐོག་ནས་སློབ་སྦྱོང་བྱེད་པ། གནད་དོན་ཐོག་ནས་བཙལ་འཚོལ་བྱེད་པ། ལས་ཀའི་ཧེ་བག་ཡང་དག་འཚོལ་བ། འབད་འཐབ་ཁ་ཕྱོགས་གསལ་བཟོ། ལས་འགན་དང་འོས་འགན་བརྟན་པོ་ངེས་པ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དེ་དག་གསར་འགྱུར་རྩོམ་འབྲི་དང་སྤེལ་གཏོང་གི་ལྷུ་ཚིགས་ཚང་མ་དང་གསར་འགྱུར་གྱི་ཡིག་འབྲུ་རེ་རེ་ནས་མངོན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་བསམ་བློ་ཡོད་པ་དང་། བརྩེ་དུང་ཡོད་པ། སྤུས་ཚད་ལྡན་པ་བཅས་ཀྱི་གསར་འགྱུར་རྩོམ་ཡིག་འདོན་དགོས་པ། གསུམ་ནས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་བྱེད་སྒོར་འགོ་ཁྲིད་གཅིག་གྱུར་བྱེད་པ་དང་། ཞིབ་ཕྲའི་ཇུས་གཞི་བཟོ་བ། ལས་འགན་དམ་ཚགས་སུ་གཏོང་བ། གཏན་འབེབས་བྱ་སྤྱོད་ཡག་པོ་སྤེལ་བ་བཅས་བྱས་ཏེ་ནན་པོ་དང་དྲང་པོའི་སྙིང་སྟོབས་ཐོག་ནས་བྱེད་སྒོར་ཕན་འབྲས་དངོས་ཐོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།