དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཆེད་དོན་བཅར་འདྲི་དང་ལེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-18

    W020160317308760230480.jpg

    ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚོགས་འདུ་གཉིས་ཀྱི་དམིགས་བསལ་ལེ་ཚན་ཏེ《ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐུ་མགྲོན》ཞེས་པར་ཕེབས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐོར་ལྷུག་པོར་གླེང་བ།

    ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཚོགས་འདུ་གཉིས་ཀྱི་དམིགས་བསལ་ལེ་ཚན《ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་སྐུ་མགྲོན》ཞེས་པར་ཕེབས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་བོད་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་སྐོར་ལྷུག་པོར་གླེང་གནང་ཞིང་།ཁོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་ཅུང་མགྱོགས་པའི་འཕེལ་རྒྱས་ཀྱི་མྱུར་ཚད་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་དེ་བས་ཀྱང་མཐོང་ཆེན་བྱས་ནས་འཕེལ་རྒྱས་ཀྱི་མྱུར་ཚད་དེ་གྲུབ་ཆ་དང་། སྤུས་ཚད། ཕན་འབྲས་བཅས་དང་ཕན་ཚུན་གཅིག་གྱུར་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་དགོས་ཞེས་གསུངས།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་ནང་དོན་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྣོད་བཅུད་ཁོར་ཡུག་ཡག་པོ་ཡོང་བ་བྱ་རྒྱུ་ནི་བོད་ཀྱི་རྒྱུ་ནོར་ཆེ་ཤོས་དང་གསོན་ཤུགས་གནས་ས་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་ནས་བཟུང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱེད་པ་དང་། ཐོན་ཁུངས་གསར་སྤེལ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད་ཀྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི“སྤ་སེ་གཅིག་གིས་ཁྲ་སློག་པའི”ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས“མཐོ་གསུམ”ཁེ་ལས་ཀྱི་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པ་དང་ནང་འདྲེན་བྱེད་ཀྱི་མེད། བོད་ལྗོངས་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ནན་པོ་བྱས་ནས “གཙང་པོ་གཉིས་དང་ཆུ་བོ་བཞིའི” ནགས་གསོ་སྔོ་འགྱུར་འདུ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། ལྗོངས་ཡོངས་ཀྱི་ཆུ་དང་། རླུང་ཁམས་ཆེན་པོ། ས་རྒྱུ་བཅས་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ནས། མིག་སྔར་བོད་ལྗོངས་འདི་ཉིད་ནི་འཛམ་གླིང་ཐོག་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། ང་ཚོས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྣོད་བཅུད་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་རྒྱུ་དང་སྣོད་བཅུད་ལ་བརྟེན་ནས་མི་དམངས་ཕྱུག་པོ་ཆགས་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོང་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་པ། སྦགས་བཙོག་འགོག་བཅོས་བྱེད་རྒྱུ་དང་སྣོད་བཅུད་ཉམས་གསོ་བྱེད་རྒྱུ་གཉིས་གལ་ཆེ་མཉམ་དུ་འཛིན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་ཡོད།

    བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་པས། ནས་ཀྱིས་གཙོ་བོ་བྱས་པའི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལས་བརྒལ་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་280ཟིན་པ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལས་བརྒལ་བ། རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་ཐོན་ནུས་ཏུན་ཁྲི་300ལས་བརྒལ་བ་བཅས་བྱུང་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འཚམ་པའི་ལེགས་ལྡན་ཐོན་ལས་ཁག་གཅིག་རྒྱུན་ཆད་མེད་པར་སྟོབས་ཆེར་སོང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་དང་། མང་ཚོགས་ཀྱི་འབབ་འཕར། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།

    བློ་བཟང་རྒྱལ་མཚན་གྱིས་མཛུབ་སྟོན་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཤིག་དང་རང་ལྗོངས་ཀྱིས་འཕེལ་རྒྱས་མགྱོགས་པོ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་ཇུས་ཆེན་ཕུན་སུམ་ཚོགས་པོས་འཕེལ་རྒྱས་བཏང་བ་དང་བོད་ལྗོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ངེས་གནས་ཁ་གསལ་བཏོན་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། བརྟན་ལྷིང་དང་། མགྱོགས་མྱུར། སྐྱོན་བྲལ་བཅས་ཀྱི་འཕེལ་རྒྱས་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།