དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2016-03-14

    ཚེས་11ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཏེ་ཙུང་ལི་གཞོན་པ་ཝང་དབྱང་དང་ཀྲུའུ་རེན་ལིའུ་ཡུང་ཕུའུ་ཡིས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཐད་གནང་བའི་མཆན་འགོད་མཛུབ་སྟོན་དང་འབྲེལ་ཡོད་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཆི་མེད་རིག་འཛིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུང་དབྱང་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་མཛུབ་སྟོན་དང་གསུང་བཤད་དགོངས་དོན་ནི་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་པས་རང་ལྗོངས་ཀྱིས་གོམ་སྟབས་རྗེས་མའི་ལས་དོན་ལེགས་པར་བསྒྲུབ་རྒྱུའི་བླང་བྱ་བཏོན་ཡོད་ལ་ཁ་ཕྱོགས་གསལ་བཏོན་ཡང་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གཞུང་དང་ལྷག་པར་དུ་དབུལ་སྐྱོར་སྡེ་ཚན་གྱིས་མཆན་བཀོད་མཛུབ་སྟོན་དང་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ལེགས་པར་བྱས་ནས་རྒྱལ་ཁབ་ཀྱིས་བོད་ལ་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་མི་སྣ་བཅས་ཐད་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་གོ་སྐབས་དམ་པོར་འཛིན་ཏེ་རང་འགུལ་ངང་སྙན་ཞུ་འབུལ་བ་དང་། འབྲེལ་མཐུད་ཏན་ཏིག་བྱེད་པ། བརྩོན་ལེན་ཧུར་ཐག་བྱེད་པ་བཅས་བྱས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་ཐོག་རང་ལྗོངས་ཀྱི་དབུལ་པོའི་མི་འབོར་དུས་བཀག་ནང་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བསྟན་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།