དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལུགས་རྙིང་ལོའི་གནམ་གང་དང་བོད་ཀྱི་ལོ་གསར་གྱི“དགུ་ཐུག”སྐབས་འགན་ལེན་ལྔའི་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པར་གཟིགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2016-02-12

    res13_attpic_brief.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་SOSབྱིས་པའི་གྲོང་ཚོར་གྲོགས་པོ་ཆུང་ཆུང་ཚོར་གཟིགས་པ་དང་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཟླ་2ཚེས་7ཉིན་ལུགས་རྙིང་ལོའི་གནམ་གང་དང་བོད་ཀྱི་ལོ་གསར་གྱི“དགུ་ཐུག”སྐབས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་འཚམས་འདྲི་བྱེད་སྒོའི་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་འགན་ལེན་ལྔའི་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་ལོ་ཆུང་བྱིས་པ་རྣམས་དུས་ཆེན་སྐྱིད་པོ་དང་། བདེ་ཐང་ངང་འཚར་ལོངས། སྦྱངས་འབྲས་གཟེངས་སུ་ཐོན་པ། འཚོ་བ་བདེ་ཞིང་སྐྱིད་པ་བཅས་ཡོང་རྒྱུའི་སྨོན་འདུན་ཞུས་པ་དང་འབྲེལ་ལྗོངས་ཡོངས་ཀྱི་རྒན་རྒོན་རྣམས་དཔྱིད་གསར་སྤྲོ་པོ་དང་། ནད་མེད་ཚེ་རིང་། འཚོ་བ་བདེ་སྐྱིད་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱིས་པའི་ཕན་བདེའི་བྱ་གཞག་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ལ་བྱ་ཐབས་རབ་དང་རིམ་པ་སྤྱད་དེ་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་ཀྱི་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་བློ་བཟང་རྒྱལ་མཚན་གྱིས་གྲོགས་པོ་ཆུང་ཆུང་ཚོའི་འཚོ་བར་སྔར་ལས་ལྷག་པའི་དོ་ཁུར་གནང་གི་ཡོད། སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་གནས་པའི་ལྷ་སའི་SOSབྱིས་པའི་གྲོང་ཚོའི་བྱིས་པ་རྣམས་ཀྱིས་ལོ་གསར་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ་གཟིགས་སྐབས་བློ་བཟང་རྒྱལ་མཚན་ཧ་ཅང་མཉེས་པོ་བྱུང་བ་དང་ཁོང་གིས་གྲོགས་པོ་ཆུང་ཆུང་ཚོའི་འགྲམ་དུ་ཕེབས་ཏེ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་རེད།

    ཁྱིམ་ཚང་ཨང་2པ་དང་ཨང་5པའི་མགྲོན་བསུ་ཁང་དུ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཤིང་། བློ་བཟང་རྒྱལ་མཚན་ལོ་ལྟར་དེ་གར་གཟིགས་པར་ཕེབས་ཏེ་ཁྱིམ་ཚང་དེའི་ནང་མི་དང་ལྷན་དུ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་པའི་འགྱུར་ལྡོག་གསར་པ་གླེང་གནང་གི་ཡོད། ད་ཆ་པད་མ་བསྟན་འཛིན་ནི་ཀྲུང་གོ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་ལོ་རིམ་དང་པོའི་སློབ་མ་ཡིན་པ་དང་བྱིས་པའི་གྲོང་ཚོ་ནས་ཐོན་པའི་སློབ་ཆེན་སློབ་མ་58ཁྲོད་ཀྱི་གྲས་ཤིག་ཡིན། བློ་བཟང་རྒྱལ་མཚན་གྱིས“སློབ་ཆེན་གྱི་འཚོ་བ་གང་འདྲ་འདུག་གམ”དང“ཕུགས་བསམ་ག་རེ་ཡོད་དམ”ཞེས་ཐུགས་བརྩེ་ཟབ་མོས་བཀའ་འདྲི་གནང་བ་དང་ཕྲུ་གུ་རྣམས་ལ་ཆུང་དུས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་མ་ཟད། ལོ་གསར་གྱི་རྔན་པ་གནང་བ་རེད། སྤོ་བོ་བློ་བཟང་རྒྱལ་མཚན་ལགས་སླར་ཡང་ཕེབས་པས་ཕྲུ་གུ་ཚོ་ཧ་ཅང་དགའ་པོ་བྱུང་བ་དང་རང་ཉིད་ཀྱིས་བཟོས་པའི་རྟེན་འབྲེལ་འཚམས་ཤོག་ཕུལ་ཏེ་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་བྱིས་པའི་གྲོང་ཚོའི་དཔྱིད་གསར་བསུ་བའི་ལེ་ཚན་གཟིགས་པ་དང་ཕྲུ་གུ་ཚོར་རྟག་ཏུ་དྲིན་ཚོར་གྱི་སེམས་པ་ཞིག་བཅངས་ནས་དེང་རབས་ཀྱི་རིག་གནས་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་བཏང་ཐོག་སློབ་སྦྱོང་ཡག་པོ་བྱས་ནས་ཕུགས་བསམ་མངོན་འགྱུར་ཡོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་བཀའ་སློབ་གནང་བ་རེད།

    རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་དུ་བྱིས་པ་421འཚོ་བ་སྐྱེལ་བཞིན་ཡོད་པ་དང་དེ་གར་ཁྱིམ་ཚང་ལྟར་གྱི་དོ་དམ་བྱེད་ཀྱི་ཡོད། བློ་བཟང་རྒྱལ་མཚན་ཁྱིམ་ཚང་ཞིག་ཏུ་ཕེབས་ནས་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་སྦྲགས་བྱིས་པའི་ཟ་སྡོད་འགྲོ་གསུམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་དྭ་ཕྲུག་གཅིག་སྡུད་གསོ་ཉར་རྣམ་གྲངས་ན་ནིང་སྔ་སྣུར་དུ་ལེགས་གྲུབ་ཟིན་པ་དང་བློ་བཟང་རྒྱལ་མཚན་གྱིས་དོ་དམ་ཞབས་ཞུར་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་དོ་དམ་དེ་བས་ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ་དང་ཞབས་ཞུ་དེ་བས་མི་གཤིས་ཅན་དུ་འགྱུར་བ་བྱས་ཏེ་ཕན་བདེ་ཁང་དེ་ཉིད་རང་ལྗོངས་ཀྱི་དྭ་ཕྲུག་ཚོའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་དགའ་ཚལ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་གི་རྫོང་གསུམ་གྱི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་གསོ་ཉར་ཞབས་ཞུའི་ལྟེ་གནས་སུ་ཕེབས་ཏེ་དེ་གར་འཚོ་བ་སྐྱེལ་བཞིན་པའི་འགན་ལེན་ལྔའི་རྒན་རྒོན་ལ་དཀར་གཙང་མཇལ་དར་གཡོགས་ཏེ་བཀྲ་ཤིས་བདེ་ལེགས་ཞུས་གནང་ཞིང་། ཁོང་གིས་རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་གནང་གིན་དུ“གཟུགས་པོ་ཡག་པོ་འདུག་གམ”དང“འཚོ་བ་གང་འདྲ་འདུག་གམ”ཞེས་བཀའ་འདྲི་གནང་བར་རྒན་རྒོན་ཚོས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འགན་ལེན་ལྔའི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་གནང་གི་ཡོད་པ་དང་ལོ་གཉིས་ཀྱི་ལག་ལེན་བརྒྱུད་ནུས་ཤུགས་ཡོད་རྒུས“གཅིག་སྡུད་གཉིས”ཀྱི་གཅེས་སེམས་འདུ་འགོད་ལག་བསྟར་བྱས་པ་དང་དེ་གར་འཚོ་བ་སྐྱེལ་མཁན་གྱི་རྒན་རྒོན་མི་ཧྲེང་རྣམས་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྐྱིད་ལྡན་པ་གཟིགས་སྐབས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“གཅིག་སྡུད་གཉིས”ཀྱི་གཅེས་སེམས་འདུ་འགོད་སྔ་སྣུར་དུ་ལེགས་གྲུབ་བྱུང་བ་གོ་སྐབས་སུ་བྱས་ཏེ་རྒན་གཅེས་རྒན་བཀུར་གྱི་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དང་། བྱ་ཐབས་བསྒྱུར་བ། ཞབས་ཞུ་ཞིབ་ཕྲ་སྤེལ་ཐོག་སྤྱི་ཚོགས་ཕན་བདེའི་བྱ་གཞག་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་རྣམས་ལ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་གང་ལེགས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་པ་དང་འབྲེལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་བས་ཚོར་བ་བྱེད་དགོས་ཞེས་གསུངས་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།