དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་བཙོན་ཁང་དང་ན་སོ་དར་ལ་མ་བབས་པའི་ཉེས་ཅན་དོ་དམ་སློབ་གཅུན་སུའོ་རུ་ཕེབས་ནས་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-03

    ཟླ་1ཚེས་30ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་ཧོ་ཝུན་ཧའོ་ཡིས་འཚམས་འདྲི་ཚོགས་ཆུང་གི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་བཙོན་ཁང་དང་ལྷ་ས་བཙོན་ཁང་གི་ན་སོ་དར་ལ་མ་བབས་པའི་ཉེས་ཅན་དོ་དམ་སློབ་གཅུན་སུའོ་རུ་ཕེབས་ནས་འཚམས་འདྲི་གནང་བ་རེད།

    འཚམས་འདྲི་ཚོགས་པ་དང་བཅས་པས་སྔ་རྗེས་སུ་རང་སྐྱོང་ལྗོངས་བཙོན་ཁང་དང་ན་སོ་དར་ལ་མ་བབབ་པའི་ཉེས་ཅན་དོ་དམ་སློབ་གཅུན་ཁང་དུ་ཕེབས་ནས་བཙོན་ཁང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། བཙོན་ཁང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཡོངས་ལ་ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངུལ་ཡང་གནང་བ་རེད།

    འཚམས་འདྲི་ཚོགས་པས། བཙོན་ཁང་ནི་དམིགས་བསལ་སྡེ་ཚན་ཞིག་ཡིན་པས་བདེ་འཇགས་བརྟན་ལྷིང་གི་བླང་བྱ་མཐོ་པོ་ཡོད། དེར་བརྟེན་བཙོན་ཁང་གི་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ཡོངས་ཀྱིས་དམག་འཐབ་ཀྱི་ནུས་པ་བཟང་པོ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་མུ་མཐུད་དར་སྤེལ་བྱས་ཏེ་ལས་གནས་བརྟན་སྲུང་དང་འགན་འཁྲི་ཧུར་ཐག་ཁུར་ནས། བཙོན་ཁང་གི་ལས་དོན་ཁག་དང་དེ་བཞིན་བཙོན་འཇུག་བྱས་པའི་ཉེས་ཅན་ལ་སློབ་གསོ་སྒྱུར་བཀོད་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས། ལྷག་པར་དུ“དུས་ཆེན་གཉིས”དང་འཚུབ་ཆ་ཆེ་བའི་ཟླ་གསུམ་པ་འཆར་ཉེའི་དུས་སུ་བཙོན་ཁང་ནང་གནད་དོན་མི་ལྷག་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།