དབུ་ཤོག>སྲིད་དོན།
  • སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-02-02

    ཨུ་ཡོན་རྣམ་པ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ་རྒྱུ་ཡིན།

    2015ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

    2015ལོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་ལོ་ཞིག་ཡིན་ཞིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཚགས་ཚུད་དང་། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་སྐུ་ངོ་མའི་སྣེ་ཁྲིད་འོག རྒྱུན་ལས་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། སྲིད་གྲོས་ཏང་ཙུའུ་ཡིས་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། བཅའ་ཁྲིམས་དང་སྒྲིག་ཡིག་ལྟར་འགན་འཁྲི་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་སྲིད་གྲོས་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་སར་བརྩིས་ནས་མཐའ་འཁྱོངས་བྱས་ཐོག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་སྒྲིག་འཛུགས་སྐུལ་སློང་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་སློབ་སྦྱོང་ལག་བསྟར། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་སློབ་སྦྱོང་ལག་བསྟར། ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་སློབ་སྦྱོང་ལག་བསྟར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ནས་རང་ལྗོངས་ཀྱི་སྲིད་གྲོས་ལ་བཏོན་གནང་བའི“ལས་སྟེགས་གཅིག་དང་། ཐུན་མོང་གཉིས། སྔར་བས་ལེགས་པ་གསུམ”བཅས་ཀྱི་མཛུབ་སྟོན་བླང་བྱ་སློབ་སྦྱོང་ལག་བསྟར། ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་དང་ལྷག་པར་དུ་སྲིད་གྲོས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོའི་མཆན་བཀོད་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་ཞི་མཐུན་དང་། བརྟན་ལྷིང་། གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་རྒྱུའི་ལྟེ་བ་དང་སྤྱི་ཡོངས་འདིར་དམ་པོ་བསྟུན་ནས་ནུས་ཤུགས་ཡོད་རྒུས་འགན་འཁྲི་བསྒྲུབས་ཤིང་ནུས་པ་འདོན་སྤེལ་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་སྔར་ལས་ལྷག་པ་གཏོང་རྒྱུར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ཐོག་འགན་འཁྲི་གཙང་སྒྲུབ་བྱས་པ་དང་། སྲིད་གྲོས་ལས་དོན་ཁག་གཙོ་གནད་འབུར་དུ་ཐོན་པ་བྱས་ཡོད་ལ་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་ཅིང་། གཙོ་བོ་ཕྱོགས་ལྔའི་ཐད་ནས་མངོན་པ་སྟེ། དེ་ཡང་གཅིག་ནི་སྲིད་གྲོས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་གོ་སྐབས་གསར་པ་དམ་འཛིན་བྱས་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་སྲིད་གྲོས་ལས་དོན་ལ་མཐོང་ཆེན་གནང་ཞིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་བཅས་སྐོང་ཚོགས་གནང་སྟེ་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྲིད་གྲོས་ལས་དོན་ཚུད་པའི་བོད་ཀྱི་ལས་དོན་འཆར་འགོད་བཀོད་སྒྲིག་གནང་ཡོད་པ་དང་།

    《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》 《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་བཏོན་ཏེ་སྲིད་གྲོས་ཀྱི་འགན་འཁྲིའི་ངེས་གནས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་བ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཏོན་ནས་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་སྔར་བས་ཡག་པོ་བྱ་རྒྱུར་རྩ་བའི་གཞི་འཛིན་ས་བཏོན་ཡོད། དེར་བརྟེན་ང་ཚོས་ཀྲུང་དབྱང་གི་དགོངས་དོན་ལ་དམིགས་ཤིང་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཐོག ཀྲུང་དབྱང་གི་ཡིག་ཆ་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ལག་བསྟར་བསམ་འཆར་བཏོན་ཏེ་རང་ལྗོངས་ཀྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཡར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། གཉིས་ནི་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ལག་ལེན་དངོས་ཀྱི་ནུས་པ་གསར་པ་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་ཧུར་བརྩོན་རང་འགུལ་ངང་ལས་དོན་སྙན་སེང་ཞུ་བ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་དང་། ཀྲུའུ་ཞི་སྐུ་གཞོན་ཏུའུ་ཆིང་ལིན་དང་ཀྲང་ཆིང་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱིས་ལོ་འཁོར་མོར་གལ་ཆེའི་མཆན་བཀོད་མཛུབ་སྟོན་ཐེངས་6གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་དབུ་ཁྲིད་7གྱིས་སྔ་རྗེས་སུ་ཚོགས་པ་ཁྲིད་དེ་བོད་དུ་གཟིགས་ཞིབ་བརྟག་དཔྱད་གནང་བར་ཕེབས་པ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ལས་དོན་སྐོར་ལ་ཞིབ་འཇུག་ཐེངས་མང་གནང་ནས་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་བསམ་ཕྱོགས་དང་ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་ལོ་ལྟར་སྐུ་ངོ་མ་སྲིད་གྲོས་ཀྱི་ཨུ་ཡོན་ཚང་འཛོམས་ཚོགས་འདུར་ཞུགས་པ་མ་ཟད། ཨུ་ཡོན་ལ་གཟིགས་པར་ཕེབས་ཤིང་བླང་བྱ་བཏོན་གནང་གི་ཡོད། ཀྲུའུ་ཞི་འཕགས་པ་ལྷ་མཆོག་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཐད་ཀར་དབུ་ཁྲིད་གནང་ཞིང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སོགས་གཙོ་སྐྱོང་གནང་བ་མ་ཟད། ཁོང་གི་དམིགས་བསལ་བག་ཆགས་ལ་བརྟེན་ནས་སྲིད་གྲོས་ཀྱི་གོང་འོག་ཚང་མ་སྣེ་ཁྲིད་ཐོག མཐུན་སྒྲིལ་འབད་འབུངས་དང་ལས་དོན་ཏན་ཏིག་བསྒྲུབས་ཡོད། རྒྱལ་ཡོངས་སྲིད་གྲོས་དང་ལྗོངས་ཏང་ཨུད་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་གནང་བ་དེས་ང་ཚོར་སྐུལ་ལྕག་ཚད་མེད་ཐེབས་ཡོད། གསུམ་ནི་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་བྱ་རྒྱུའི་ལས་དོན་གསར་པ་སྤེལ་བ། ཏང་སྲིད་ལས་དོན་གྱི་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ཏེ། གྲོས་མོལ་བྱེད་གནས་བཟོ་བ་དང་། གྲོས་མོལ་བྱེད་ཚད་མང་དུ་གཏོང་བ། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཤིང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་ཚོགས་འདུ་ཐོག་མ་འཚོགས་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད། སྲིད་གྲོས་ཀྱི་རྒྱུན་ཨུ་དང་རིགས་གཅིག་མཁན་ཅན་དང་མཁས་དབང་དང་ངོ་ཐུག་གདོང་འཕྲད་ཀྱིས་གྲོས་མོལ་སྲིད་གླེང་གནང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་བའི་ཐད་ཐབས་འདོན་ཇུས་འབུལ་བྱས་ཡོད། བོད་ཀྱི་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་ཆེད་དོན་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་འཚོགས་ཤིང་། སྲིད་གཞུང་གི་དབུ་ཁྲིད་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གདན་ཞུས་ཀྱིས་ཨུ་ཡོན་དང་ས་ཡུལ་དངོས་ལ་གྲོས་མོལ་བྱས་ཤིང་། བསམ་འཆར་དང་གྲོས་འགོ་བཏོན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་གནང་ནས་དོན་འཁྱོལ་བྱ་རྒྱུའི་ཞིབ་འཇུག་བྱས་ཡོད། “གྲོས་གཞིའི་ལས་དོན་གྱི་དགེ་མཚན་འདོན་སྤེལ་དང་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུའི”ཆེད་དོན་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐོག་མ་འཚོགས་ནས་གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བྱེད་པའི་བསམ་ཕྱོགས་གསར་པ་དང་ཐབས་ཤེས་གསར་པ་འཚོལ་ཞིབ་བྱས་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཐོག་མ་འཚོགས་ནས་གྲུབ་འབྲས་ཕྱོགས་སྡོམ་དང་། ཉམས་མྱོང་སྤེལ་རེས། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། བཞི་ནི་སྲིད་གྲོས་ཀྱི་ཕྱི་དོན་དང་སྤེལ་རེས་འགྲོ་འོང་བྱེད་པའི་ལས་ཀའི་རྣམ་པ་གསར་པ་བཏོད་པ། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་བོད་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་དང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་གྱི་སྤྱི་ཡོངས་ལ་བརྩི་བཀུར་ཞུས་པ་དང་། ན་ནིང་ཕྱི་རྒྱལ་དུ་འཚམས་འདྲིར་འགྲོ་མཁན་ཚོགས་པ་མང་ཤོས་དང་། གཞི་རྒྱ་ཆེ་ཤོས། འདུས་ཚད་ཆེ་ཤོས་བཅས་ཡིན་ཞིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན་5ཡིས་སྔ་རྗེས་སུ་ཚོགས་པ་སྣེ་ཁྲིད་དེ་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་ནས་བོད་ལྗོངས་ཀྱི་འཕོ་འགྱུར་ཆེན་པོ་དྲིལ་བསྒྲགས་དང་། བོད་ཀྱི་གནས་ཚུལ་ལེགས་པར་བཤད་དེ་རྒྱལ་ཁབ་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་གཞོགས་འདེགས་བྱས་ཡོད། དེ་བཞིན་ན་ནིང་ནི་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་སྲིད་གྲོས་དང་སྤེལ་རེས་མཛའ་འབྲེལ་བྱེད་འཁྲུག་ཤོས་ཀྱི་ལོ་ཞིག་ཀྱང་ཡིན་ཞིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)30ཡི་སྲིད་གྲོས་དབུ་ཁྲིད་ཀྱིས་ཚོགས་པ་ཁྲིད་དེ་བོད་ལ་རྟོག་ཞིབ་སྤེལ་རེས་གནང་བར་ཕེབས་པ་དང་། ལོ་འཁོར་མོར་ཁྱོན་རྟོག་ཞིབ་ཚོགས་པའི་མི་ཐེངས་280ལ་སྣེ་ལེན་ཞུས་པས། མཉམ་འགུལ་སྤེལ་རེས་བྱེད་ཤུགས་ཆེ་རུ་སོང་བ་དང་། ཕན་ཚུན་གྱི་མཛའ་སེམས་ཟབ་ཏུ་སོང་བ། སྲིད་གྲོས་ཀྱི་ལས་ཀར་སྐུལ་མ་ཐེབས་པ་བཅས་བྱུང་ཡོད། ལྔ་ནི་ལྟེ་བར་དམིགས་ཤིང་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པར་ཕན་འབྲས་གསར་པ་ཐོན་པ། ཏང་ཙུའུ་དང་ཀྲུའུ་ཞི་ཚན་ཁག་གི་ཁོངས་མི་དང་། རྒྱུན་ཨུ་དང་ཨུ་ཡོན། དེ་བཞིན་ཆེད་དོན་ཨུ་ལྷན་བཅས་ཀྱིས་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་མཐའ་གཅིག་ཏུ་ཞུས་ཐོག གལ་ཆེའི་ཆབ་སྲིད་ལས་འགན་རང་འགུལ་ངང་དང་དུ་བླངས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་དང་། “4·25”ཡོམ་འགོག་གེགས་སེལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲི་འདོན་མངའ་གསོལ་གནང་སྟེ་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ། དེ་བཞིན་བརྟན་ལྷིང་བདེ་འཇགས་སྲུང་སྐྱོང་དང་། འཐབ་ཕྱོགས་གཅིག་གྱུར། མི་རིགས་ཆོས་ལུགས། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར། ཆེད་དམིགས་སྐོར་གཟིགས། དམག་དམངས་མཉམ་སྐྲུན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཚུལ་གྱི་ཞིབ་བཤེར་དཔྱད་བསྡུར་སོགས་ཀྱི་ཐད་ཕན་འབྲས་གཟེངས་སུ་ཐོན་པའི་ལས་ཀ་འབོར་ཆེན་བྱས་ཡོད་པས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་གནང་བ་མ་ཟད། སྤྱི་ཚོགས་ཕྱོགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱིས་གཙོ་བོ་གཤམ་གསལ་ཕྱོགས་ཁག་གི་ལས་དོན་སྤེལ་བ་སྟེ།

    གཅིག སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་སྤེལ་ནས་རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གཙོ་རྐང་དུ་བཟུང་ནས་མཐའ་འཁྱོངས་བྱས་པ།

    རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་གལ་ཆེའི་རྩ་དོན་སློབ་སྦྱོང་ལག་བསྟར། ཀྲུང་དབྱང་གི་དགོངས་དོན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོགས་འདུ་དང《སྲོལ་ཡིག》གི་དགོངས་དོན་སློབ་སྦྱོང་ལག་བསྟར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”དང་རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ལས་དོན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུར་ཞུགས་སྐབས་སྲིད་གྲོས་ལས་དོན་གྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་གནད་དོན་སྐོར་ལ་གནང་བའི་གནད་འཕིགས་རྒྱས་བཤད་སློབ་སྦྱོང་ལག་བསྟར། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རིང་གི་ཀྲུང་དབྱང་དབུ་ཁྲིད་བློ་མཐུན་གྱི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། ལྗོངས་ཏང་ཨུད་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་གྱི་གལ་ཆེའི་ཚོགས་འདུ་དང་ཡིག་ཆ་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་སོགས་སློབ་སྦྱོང་ལག་བསྟར་བཅས་བྱས་ཏེ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ཀྱི“གདེང་ཚོད་གསུམ”ཆེ་རུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག བསམ་བློ་གཅིག་གྱུར་དང་ངོས་འཛིན་གཅིག་མཐུན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་ངོ་བོ་གསལ་པོ་ཤེས་སུ་བཅུག་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་དང་། སྔ་ཕྱི་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། ཁ་ཕྱོགས་གཅིག་མཚུངས། གོམ་སྟབས་གཅིག་གྱུར། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། རང་རྟོགས་ངང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་དང་ལེན་ཞུས་ཡོད། ལོ་གཅིག་རིང་། རྒྱུན་ལས་ཨུ་ལྷན་གྱི་གཅིག་སྡུད་སློབ་སྦྱོང་གྲོས་བསྡུར་ཚོགས་འདུ་ཐེངས་8དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་ཟུར་གསབ་འཆད་ཁྲིད་ཐེངས་30 དེ་བཞིན་ལྷ་སར་བཞུགས་པའི་རིགས་ཁོངས་ཨུ་ཡོན་གྱི་གཅིག་སྡུད་སློབ་སྦྱོང་བཞུགས་མོལ་ཚོགས་འདུ་ཐེངས་4བཅས་འཚོགས་པ་དང་ཟུར་ཁྲིད་དཔྱད་ཡིག་3200ལྷག་ཙམ་འགྲེམས་སྤྲོད་བྱས་ཡོད། དེ་བཞིན“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གི་དགོངས་པ་སློབ་སྦྱོང་ལག་བསྟར་དང་། གྲོས་མོལ་དམངས་གཙོ་དར་སྤེལ་གཏིང་ཟབ་གཏོང་རྒྱུ་དང་རིག་གནས་ལོ་རྒྱུས་ཀྱི་ཤེས་བྱ་ཁྱབ་སྤེལ་གཏོང་རྒྱུ”སོགས་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱེད་པ་800ལྷག་ཙམ་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། རྒྱལ་སྲུང་སློབ་ཆེན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྦྱོང་བརྡར་ལྟེ་གནས་སོགས་ཀྱིས་གཉེར་བའི་སློབ་སྦྱོང་སྦྱོང་བརྡར་ནང་ཞུགས་སུ་བཅུག་ཡོད།

    གཉིས། ལས་འགན་ཨང་དང་པོ་བློ་ལ་བརྟན་པོ་བཅངས་ནས་ནུས་ཤུགས་ཡོད་རྒུས་བོད་ལྗོངས་གོང་འཕེལ་ཆེན་པོ་འགྲོ་རྒྱུར་ཕན་སྐུལ་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་གཏོང་བའི་རྒྱུན་རྣམ་གསར་པ་དང་འཚམ་མཐུན་ཡོང་བ་བྱས་ཤིང་། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་དོན་འཁྱོལ་བྱེད་རྒྱུ་དང་བསྒྱུར་བཅོས་གོང་འཕེལ་ལ་ཕན་སྐུལ་གཏོང་རྒྱུར་དམིགས་ཏེ་སྲིད་གླེང་ཇུས་འདོན་བྱས་པ། ཨུ་ཡོན་སྒྲིག་འཛུགས་ཀྱིས“འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ”བཅས་བྱ་རྒྱུ་དང་། ཁྲོན་བོད་བགྲོད་ལམ་ཆེན་པོ་དང“རྒྱུད་གཅིག་ལམ་གཅིག”ནང་ཞུགས་རྒྱུའི་འཐབ་ཇུས་སོགས་ཀྱི་གནད་དོན་ལ་དམིགས་ཏེ་གཟིགས་ཞིབ་བརྟག་དཔྱད་བྱས་ནས་བརྟག་ཞིབ་སྙན་ཞུ་8བྲིས་པ་དང་། གྲོས་གཞི་ཁག་90གོང་འབུལ་བྱས་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་དང་འབྲེལ་ཡོད་ཕྱོགས་ཀྱིས་མཐོང་ཆེན་པོ་གནང་ཡོད། དེའི་ནང་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ལ་ཕུལ་བའི“ཁྲོན་བོད་བགྲོད་ལམ་ཆེན་པོ་གང་མགྱོགས་སྐྲུན་རྒྱུའི”མིང་མཉམ་བཀོད་ཀྱི་གྲོས་གཞི་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་གནད་གྲོས་གཞིའི་ཁོངས་སུ་བཅུག་པ་དང་། རྒྱལ་ཡོངས་སྲིད་གྲོས་དབུ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་ཞིང་། བརྟག་ཞིབ་སྙན་ཞུར་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་ཞིབ་མཆན་བཀོད་ནས་ཁས་ལེན་གནང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་སྒྲིག་བྱ་རྒྱུར་དམིགས་ཏེ་རིག་ནུས་གང་ཡོད་བཏོན་པ། བརྟག་ཞིབ་ཚོགས་ཆུང་མང་པོ་ཞིག་སྒྲིག་འཛུགས་ཀྱིས་ས་གནས(གྲོང་ཁྱེར)དང་རྫོང(ཆུས)ལ་བརྟག་ཞིབ་གཏིང་ཟབ་བྱས་ཤིང་། སྤུས་ཚད་ཅུང་ལེགས་པའི་བརྟག་ཞིབ་བྱས་འབྲས་ཁག་གཅིག་ཐོན་པ་དང་། རུ་ངར་ཞིབ་ཚགས་ངང་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐོག་མ་འཚོགས་ཏེ་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པ”ཡོངས་སུ་མཇུག་བསྡུ་བ་དང“དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད”བཟོ་སྒྲིག་བྱ་རྒྱུར་དམིགས་ཏེ་ཐབས་འདོན་ཇུས་འདོན་བྱས་པ་དང་བསམ་འཆར་དང་གྲོས་འགོ་ཁག་130བཏོན་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་སྒྲིག་བྱ་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད། རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་ཇུས་ཤུགས་མཉམ་འདོན་བྱས་པ། ཨུ་ཡོན་སྒྲིག་འཛུགས་ཀྱིས་རྫོང(ཆུས)40ལྷག་ཙམ་དང་རིག་གནས་ཐོན་ལས་སྡེ་གླིང་དང་མངོན་མིན་རིག་གནས་ཀྱི་དཔལ་འབྱོར་དངོས་ཚན་160ལྷག་ཙམ་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས་བརྟག་ཞིབ་སྙན་ཞུ་ཁག་9བྲིས་ཏེ། རིག་གནས་ཐོན་ལས་གོང་འཕེལ་གཏོང་བའི་ད་ལྟའི་གནས་ཚུལ་དང་སྒྱུར་བཅོས་གོང་འཕེལ་གཏོང་རྒྱུའི་སྤྱིའི་བསམ་གཞིའི་སྐོར་ལ་གྲོས་འཆར་བཏོན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དབུ་ཁྲིད་ཀྱིས་མཛུབ་སྟོན་ཞིབ་མཆན་བཀོད་ནས་ཁས་ལེན་གནང་ཡོད། མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་རྒྱུར་དམིགས་ཏེ་བློ་འདྲི་ཇུས་འདོན་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་ས་མཐོའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དོན་འཁྱོལ་བྱ་རྒྱུར་མཐོང་ཆེན་པོ་བྱས་ཏེ་བརྟག་ཞིབ་ཚོགས་ཆུང་སྒྲིག་འཛུགས་ཀྱིས《ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས》གསར་པ་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ནས་བརྟག་ཞིབ་མཐིལ་རྟོགས་བྱས་ཏེ་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུར་དགེ་མཚན་ལྡན་པའི་གྲོས་འཆར་བཏོན་ཡོད། དེ་བཞིན་བྱང་ཐང་ས་མཐོའི་རྒྱལ་ཁབ་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ཁུལ་སྐྲུན་རྒྱུར་རང་འགུལ་ངང་མཐུན་སྦྱོར་དང་རྒྱབ་སྐྱོར་བྱས་ཡོད།

    གསུམ། ཆབ་སྲིད་ཀྱི་འགན་འཁྲི་བསྒྲུབས་ཏེ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་འགན་འཁྲི་ཨང་དང་པོར་བརྩིས་ནས་མཐའ་འཁྱོངས་བྱས་པ། ཏང་གི་བོད་སྐྱོང་མཛད་ཇུས་དང་ལྗོངས་ཏང་ཨུད་ཀྱི“ཕྱོགས་བཅུའི་ཐད”ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་ཐབས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་འཚུབ་ཆ་ཆེ་བའི་དུས་སུ་སླེབས་སྐབས་ཀྲུའུ་ཞི་སྐུ་གཞོན་8ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་ནས་གཙོ་གནད་ས་ཁུལ་དང་། གཙོ་གནད་དགོན་སྡེ། “མཐའ་གཉིས་རྒྱུད་གཅིག”བཅས་སུ་བཅའ་སྡོད་བྱས་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་ཡོད། དེ་བཞིན་ཨུ་ཡོན་སྒྲིག་འཛུགས་ཀྱིས་སྤྱི་ཚོགས་ཀྱི་དོ་དམ་དང་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་དང་། མཐའ་མཚམས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱ་རྒྱུ། མཐའ་སྲུང་དང་ཁྲིམས་འཛིན་སྲ་བརྟན་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་ཆེད་དོན་གཟིགས་ཞིབ་བརྟག་དཔྱད་བྱས་ནས་སྙན་ཞུ་ཁག་9བྲིས་པ་དང་བསམ་འཆར་དང་གྲོས་འགོ་ཁག་45བཏོན་ཡོད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་པ། ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། མི་རིགས་ཁག་གིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”གཙོ་དོན་ལ་དམིགས་ནས“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟིང་སློང་ནི་ཆག་སྒོ་ཡིན་པ”དང“ཁ་བྲལ་ཐབས་མེད་པ་གསུམ”གྱི་སློབ་གསོ་གཏིང་ཟབ་བཏང་ཡོད། སྲིད་གྲོས་འགོ་ཁྲིད་ཀྱིས་ལས་དོན་ཚོགས་ཆུང་གི་སྣེ་ཁྲིད་དེ“མི་རིགས་མཐུན་སྒྲིལ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱ་རྒྱུ”སོགས་ཀྱི་ནང་དོན་ལ་དམིགས་ནས་བརྟག་ཞིབ་བྱས་ཐོག་སྤུས་ཚད་ལེགས་པའི་བརྟག་ཞིབ་སྙན་ཞུ་བྲིས་ཡོད། ཨུ་ཡོན་དང་ མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་སྒྲིག་འཛུགས་སྐུལ་སློང་བྱས་ནས“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོར་ཞུགས་ནས་མི་རིགས་དབར་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་བ། ཆོས་ཕྱོགས་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་དམིགས་བསལ་ཁྱད་ཡོན་འདོན་སྤེལ་ཧུར་ཐག་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱིས་རྒྱལ་གཅེས་ཆོས་གཅེས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། ཆོས་ཕྱོགས་ཀྱི་ཨུ་ཡོན་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིལ་བསྒྲགས་ཞབས་ཞུ་གྲོང་གསེབ་ཏུ་སྤེལ་བའི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ལ་སྤྱི་ཚོགས་ཡར་ཐོན་དང་འཚམ་པའི་འགྲེལ་བཤད་བརྒྱབ་སྟེ་རྒྱ་ཆེའི་དད་ལྡན་མང་ཚོགས་དང་གྲྭ་བཙུན་གྱི་ཆོས་དད་དགོས་མཁོ་སྐོང་བ་དང་། རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ངོ་བོ་གསལ་རྟོགས་ཐུབ་པ་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། འཐབ་ཕྱོགས་གཅིག་གྱུར་རིགས་ལ་མཐུན་སྒྲིལ་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་མཐའ་འཁྱོངས་དང་། མཐུན་ཐབས་བྱེད་ལ་མི་མཐུན་པ་སོར་འཇོག་དང་། བསམ་ཤེས་བསྟུན་མཁས་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ཇ་སྟོན་དང་དབྱར་དུས་ཀྱི་མཛའ་འབྲེལ་ལྷན་ཚོགས་འཚོགས་པ་དང་། ཆོས་ཕྱོགས་མི་སྣ་ཞིང་ཆེན་རིམ་པའི་ལས་བྱེད་པའི་ཁྱིམ་དུ་མགྲོན་པོར་འབོད་པ། ཨུ་ཡོན་དང་མཚན་གྲགས་ཆེ་བའི་ཚབ་མཚོན་མི་སྣ་སོགས་མི་ཐེངས་62ལ་འཚམས་འདྲིར་བསྐྱོད་པ་བཅས་བྱས་ཏེ་ཕན་ཚུན་བསམ་བློ་སྤེལ་རེས་དང་། ལྟ་ཚུལ་བརྗེ་རེས་ཀྱིས་མཐུན་རྐྱེན་མཐའ་དག་ལ་མཐུན་སྒྲིལ་གང་ཐུབ་བྱས་ཡོད། བོད་དང་འབྲེལ་བའི་ཕྱི་འབྲེལ་ལས་དོན་སྤེལ་བ། སྲིད་གྲོས་ཀྱི་ཐུན་མོང་མིན་པའི་ཁྱད་ཡོན་འདོན་སྤེལ་བྱས་ཤིང་། ཀྲུའུ་ཞི་སྐུ་གཞོན་5ཡིས་འཚམས་འདྲི་ཚོགས་པའི་སྣེ་ཁྲིད་དེ་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་འཚམས་འདྲིར་བསྐྱོད་ཅིང་། རྒྱལ་ཁོངས་ཕྱིའི་བོད་རིགས་སྤུན་ཟླ་དང་། ཕྱིར་སྡོད་རང་མི། ཕྱི་རྒྱལ་སྲིད་གཞུང་གི་མི་སྣ་གཙོ་བོ་དང་དེ་བཞིན་དམངས་ཁྲོད་ཀྱི་མི་སྣ་སོགས་དང་འགྲོ་འོང་སྤེལ་རེས་བྱེད་པར་བརྟེན་ནས་རང་འགུལ་ངང་བོད་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ངོ་སྤྲོད་བྱས་པ་དང་། བོད་ལྗོངས་གསར་པའི་འཕོ་འགྱུར་ཆེན་མོ་དྲིལ་བསྒྲགས་བྱས་ཏེ་རྒྱལ་སྤྱིའི་མི་སྣ་དེ་བས་མང་བས་བོད་ཀྱི་དོན་དངོས་ཤེས་རྟོགས་ཐུབ་པ་བྱས་ཡོད། ལྗོངས་སྲིད་གྲོས་ཀྱིས་ད་དུང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱ་གར་གྱི་རྒྱལ་ཕྲན་མཉམ་འབྲེལ་ཁང་གི་དབྱི་ཡོན་སྐུ་ཚབ་ཚོགས་པར་སྣེ་ལེན་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་པ་དང་། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་དཔོན་རིགས་སྲིད་གྲོས་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འགོ་ཚུགས་ཚོགས་འདུར་ཟུར་ཉན་བྱེད་པར་གདན་འདྲེན་ཞུས་ཐོག་དམངས་གཙོ་ཆབ་སྲིད་ལམ་ལུགས་དྲིལ་བསྒྲགས་བྱས་པ་དང་སྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་གསལ་སྟོན་བྱས་ཡོད།

    བཞི། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་ཀྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ཧུར་ཐག་བཏང་བ།

    རྒྱུན་ལས་ཨུ་ལྷན་གྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་སྒྱུར་བཅོས་གསར་གཏོད་ཀྱི་གཙོ་གནད་དུ་བཟུང་ཞིང་། རང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ཏེ་གྲོས་མོལ་བྱེད་ཐབས་གསར་གཏོད་དང་། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་བྱེད་ཚད་མང་དུ་གཏོང་བ། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་འཚོལ་ཞིབ་བྱས་ཏེ་གྲོས་མོལ་དམངས་གཙོ་བྱེད་པའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་ཚན་པ་ཡིན་པའི་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལས་སྣེ་འཛིན་སར་བརྩིས་པ། ལྗོངས་སྲིད་གྲོས་འགོ་ཁྲིད་ཀྱིས་ཚོགས་པའི་སྣེ་ཁྲིད་ནས་ཀོང་ཏུང་དང་། ཕུའུ་ཅན། སི་ཁྲོན། ཡུན་ནན་སོགས་ཞིང་ཆེན་དང་རང་ལྗོངས་ཀྱི་ས་གནས(གྲོང་ཁྱེར)དང་རྫོང(ཆུས)ཁག་གཅིག་ལ་བསྐྱོད་དེ་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་དང་། ཨུ་ཡོན་ལ་འབྲེལ་གཏུག་ཞབས་ཞུ་བྱེད་པའི་ལས་ཁུངས་འཛུགས་པའམ་ཚགས་ཚུད་དུ་གཏོང་རྒྱུར་དམིགས་ནས་བརྟག་ཞིབ་བྱས་ཤིང་། རིམ་རིགས་ཁག་གི་བཞུགས་མོལ་ཚོགས་འདུ་ཐེངས་20ལྷག་ཙམ་འཚོགས་པ་དང་། ནང་སའི་སྲིད་གྲོས་ཀྱི་འགོ་ཁྲིད་དང་ལྗོངས་ནང་ཁུལ་གྱི་རིམ་ཁག་ཏང་ཨུད་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགན་འཁུར་མི་སྣ་དང་དེ་བཞིན་སྲིད་གྲོས་ཨུ་ཡོན་བཅས་མཉམ་དུ་ཞིབ་བསྡུར་སྤེལ་རེས་བྱས་ཏེ་བརྟག་ཞིབ་སྙན་ཞུ་ཁག་2དང་དབྱེ་ཞིབ་དཔྱད་ཡིག་ཁག་10ཙམ་བྲིས་ཡོད། ཞིབ་གྲོས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། རྒྱལ་ཡོངས་ཀྱི་ས་གནས་སྲིད་གྲོས་ཀྱི་ལས་དོན་ཉམས་མྱོང་སྤེལ་རེས་ཚོགས་འདུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཧུར་ཐག་ཞུགས་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བའི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་ཉམས་ལེན་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུར་མཛུབ་ཁྲིད་བྱས་ཡོད། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག་དང་། ལྗོངས་ཐད་གཏོགས་སྡེ་ཚན་གྱི་འགན་འཁུར་མི་སྣ། ས་གནས(གྲོང་ཁྱེར)7གྱི་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་དྲུང་ཆེ། དེ་བཞིན་རྫོང(ཆུས)74ཡི་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་སྒྲིག་འཛུགས་བྱས་ཏེ་གཅིག་སྡུད་སློབ་སྦྱོང་ཞིབ་བསྡུར་དང་བཞུགས་མོལ་སྤེལ་རེས་བྱས་ནས་ལྗོངས་ཏང་ཨུད་ལ་བྱེད་ཐབས་བཟང་པོ་དང་སྔོན་ཐོན་ཉམས་མྱོང་། དེ་བཞིན་བསམ་འཆར་གྲོས་འགོ་བཅས་སྙན་སེང་ཞུས་པས་ལྗོངས་ཏང་ཨུད་ཀྱི་དབུ་ཁྲིད་ཀྱིས་མཛུབ་སྟོན་ཞིབ་མཆན་བཀོད་ནས་ཁས་ལེན་གནང་ཡོད། གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་འགྱུར་རྒྱུར་འཚོལ་ཞིབ་བྱས་པ། ལོ་འཁོར་གྱི་གྲོས་མོལ་ལས་དོན་འཆར་གཞི་བཟོས་ནས་ལག་བསྟར་ནན་ཏན་བྱས་ཤིང་། ན་ནིང་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་1དང་། ཆེད་དོན་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་3 གཙོ་གནད་གྲོས་གཞི་སྒྲུབ་སྐུལ་གྱི་ཚོགས་འདུ་ཐེངས་8བཅས་འཚོགས་པ་དང་། ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་ཀྱི་གྲོས་མོལ། གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བཅས་ཀྱི་ལས་རིམ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུར་སྐུལ་མ་བཏང་ཡོད། དེ་བཞིན་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོས་མོལ་བྱས་འབྲས་དོན་སྨིན་ཐུབ་རྒྱུར་སྐུལ་སྤེལ་བཏང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ལྟར《ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་གཉེར་སྒྲུབ་གྲོས་མོལ་བཅས་ཀྱི་ལས་ཀའི་སྒྲིག་སྲོལ》སོགས་ལམ་ལུགས་ཁག་6དག་བཅོས་དང་གསར་བཟོ་བྱས་ཡོད། གཞན་ཡང་ཨུ་ཡོན་ལས་ཀའི་སྤྱོད་ཚུལ་ལ་དཔྱད་མོལ་དང་གྱོད་གཞིར་ཁྲིམས་སའི་འདྲི་གཅོད་བྱེད་པ་སོགས་ཀྱི་བྱེད་སྒོར་ཞུགས་རྒྱུའི་སྒྲིག་འཛུགས་ནས་དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་ཏན་ཏིག་བསྒྲུབས་ཡོད།

    ལྔ། དམངས་ཕན་དམིགས་ཡུལ་ལག་བསྟར་བྱས་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་པ།

    རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་གཞི་རིམ་དུ་བསྐྱོད་རྒྱུ་དང་མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུའི་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཇུས་བཟང་འདོན་པ་དང་བྱ་བ་དངོས་བསྒྲུབས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་ཀྱིས་སྒྱུར་བཅོས་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། རིགས་ཁོངས་ཀྱི་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱས་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི《ཞིང་ཆེན་རིམ་པའི་ལས་བྱེད་པས་རིགས་ཁོངས་དང་འབྲེལ་གཏུག་བྱ་རྒྱུའི་བསམ་འཆར》ལག་བསྟར་ནན་ཏན་བྱས་ཤིང་། ཀྲུའུ་ཞི་སྐུ་གཞོན་རེ་རེས་རིགས་ཁོངས་1ནས2ལ་འབྲེལ་གཏུག་བྱས་པ་དང་། རིགས་ཁོངས་ཨུ་ཡོན་གྱི་ཆེད་དོན་སློབ་སྦྱོང་དང་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་པ། རིགས་ཁོངས་མང་ཚོགས་ཀྱི་ཁེ་ཕན་ཞུ་རེའི་གནད་དོན་ལ་དམིགས་ནས་ཆེད་དོན་གཟིགས་ཞིབ་ཐེངས་4བཅས་བྱས་ཏེ་དངོས་ཡོད་ཀྱི་དཀའ་ངལ་དང་གནད་དོན་ཁག་གཅིག་མཐུན་སྦྱོར་ཐག་གཅོད་བྱས་པ་དང་། མང་ཚོགས་ཀྱི་བསམ་འཆར་དང་རེ་འབོད་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ནས་མང་ཚོགས་ཀྱི་འདོད་འདུན་ཞུ་རེ་ཁག་160ལྷག་ཙམ་ཇི་མ་ཇི་བཞིན་གསལ་ཞུ་བྱས་ཡོད། ཚོགས་ཞུགས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་དང་ལས་བཟོ་སྒྲིག་འཛུགས་བྱས་ནས“4·25”ས་ཡོམ་གེགས་ཁུལ་དང་དབུལ་ཕོངས་མང་ཚོགས་ལ་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་ཡོད། རང་འགུལ་ངང་དམངས་ཕན་འགན་སྒྲུབ་ཀྱི་བླང་བྱ་དོན་འཁྱོལ་བྱས་པ། དམངས་བདེ་དམངས་ཕན་གྱི“བྱ་བ་དངོས་ཁག་བཅུ”ཡག་པོ་བསྒྲུབ་རྒྱུ་དང་གྲོང་ཁྱེར་གྲོང་རྡལ་ཅན་དུ་སྒྱུར་བའི་ཁྲོད་ཀྱི་ལས་ཞུགས་དང་། མཐའ་མཚམས་སློབ་གསོ། གྲོས་གཞི་གྲོས་མོལ་བཅས་ཀྱི་ལས་དོན་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་མངའ་རིས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུ་དང་དམིགས་བསལ་གྱི་སྨན་བཅོས་ནུས་པ་ལྡན་པའི་ཆུ་ཚན་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་དང་། སྲུང་སྐྱོབ་བྱ་རྒྱུ་སོགས་ལ་དམིགས་ཏེ་ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་དཔྱད་གཟིགས་ཞིབ་དང་གྲོས་མོལ་བྱེད་སྒོ་སྤེལ་ནས་ཐབས་འདོན་ཇུས་འབུལ་བྱས་པ་དང་། ཕྱོགས་བསྡུས་བརྟག་ཞིབ་སྙན་ཞུ་ཁག་20ལྷག་ཙམ་བཟོས་ཏེ་དམངས་ཕན་གྱི་མ་དངུལ་དང་། རྣམ་གྲངས། སྲིད་ཇུས་བྱ་ཐབས་བཅས་དོན་འཁྱོལ་ཡོང་རྒྱུར་མཐུན་སྦྱོར་དང་སྐུལ་འདེད་བཏང་ཡོད། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་ཏན་ཏིག་སྤེལ་བ། ཞིང་ཆེན་རིམ་པའི་ལས་བྱེད་པས་རྫོང་དང་། གྲོང་ཚོ། གཙོ་གནད་དགོན་པ། མང་ཚོགས་བཅས་ལ་འབྲེལ་གཏུག་བྱ་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་ལམ་ལུགས་ལག་བསྟར་ནན་ཏན་བྱས་ཏེ་ཀྲུའུ་ཞི་སྐུ་གཞོན་ཚང་མས་འབྲེལ་གཏུག་བྱེད་སར་ཕེབས་ནས་གནས་ཚུལ་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་དང་འཚམས་འདྲི་བྱེད་པ་བཅས་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་གྱུར་བ་བྱས་ཡོད། ལྗོངས་སྲིད་གྲོས་ཀྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་6དང་རུ་མི་50འདེམས་གཏོང་བྱས་ནས། ས་ཆ་དེ་གའི་ཏང་སྲིད་རྩ་འཛུགས་ལ་གཞོགས་འདེགས་བྱས་ཏེ“5+2”ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཐོག མ་དངུལ་སྒོར་ཁྲི་200ལྷག་ཙམ་རང་གྲབས་བྱས་ཏེ་ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་གྲོང་ཚོ་ལྔ་པའི་རིག་གནས་བྱེད་སྒོ་ལྟེ་གནས་གསར་རྒྱག་བྱས་པ་དང་། རྒྱུད་བཟང་ཕ་ཕྱུགས(བཞོན་མ)སོགས་ཐོན་སྐྱེད་རྒྱུ་ཆ་བདམས་ཉོ་བྱས་ཏེ་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པས་ཕྱོགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་ཡོད།

    དྲུག སྤྱི་འདོམས་དང་ཁྱོན་ཡོངས་ལ་ལྟ་རྟོག་གང་ཐུབ་བྱས་ཏེ་རྒྱུན་ལྡན་རང་བཞིན་གྱི་ལས་དོན་དོ་དོ་ཏན་ཏན་ངང་སྤེལ་བ།

    གྲོས་གཞིའི་ལས་དོན་ཐད། “གྲོས་ཁོངས་སུ་འཇུག་པར་ཚད་གཞི་མཐོ་པོ་དགོས་པ་དང་། གཉེར་སྒྲུབ་དོན་ཐོག་ཏུ་འཁྱོལ་བ། འགག་རྩའི་སྐབས་སུ་ལྟ་སྐུལ་བྱེད་པ”བཅས་རྒྱུན་འཁྱོངས་ཀྱིས་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་གཞི་ཁག་495ཞིབ་བཤེར་བྱས་ཏེ་གྲོས་ཁོངས་སུ་བཅུག་པ་དང་། གཉེར་སྒྲུབ་ལན་འདེབས་བྱེད་ཚད་100%ཟིན་ཡོད། ལྗོངས་ཡོངས་ཀྱི་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་ཉམས་མྱོང་སྤེལ་རེས་དང་གཟེངས་བསྟོད་ཚོགས་འདུ་ཞིབ་ཚགས་འཚོགས་ཏེ་གྲོས་གཞི་གཉེར་སྒྲུབ་ཀྱི་སྔོན་ཐོན་ཚན་པ་15དང་། ཕུལ་བྱུང་གི་གྲོས་གཞི་ཁག་30 གྲོས་གཞི་གཉེར་སྒྲུབ་ཀྱི་སྔོན་ཐོན་མི་སྒེར་25བཅས་ལ་གཟེངས་བསྟོད་བྱས་ཡོད། ལོ་རྒྱུས་རིག་གནས་ཀྱི་དཔྱད་ཡིག་ལས་དོན་ཐད། 《ནུབ་རྒྱུད་ཐོན་འབྱེད་ཆེ་མོར་དྲན་གསོ་ཞུ་བའི་བོད་ལྗོངས་བམ་པོ》རྩོམ་འབྲི་ཟིན་པ་དང་། 《བོད་རིགས་ཀྱི་ལོ་བརྒྱའི་དངོས་བྱུང་ལོ་རྒྱུས》བསྡུ་སྒྲིག་ལས་དོན་བདེ་བླག་ངང་སྤེལ་བ། 《ངའི་དྲན་འཆར་དངོས་ཀྱི་བོད་ལྗོངས》ཞེས་པའི་ཐོག་མའི་མ་ཟིན་སྒྲུབ་པ། ལྗོངས་ཡོངས་ཀྱི་རིག་གནས་དང་ལོ་རྒྱུས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས་བསྡུ་སྒྲིག་གི་ལས་དོན་ཐད་རྩོམ་ཡིག་སྒུག་སྡོད་པ་ནས་རང་འགུལ་གྱིས་བསྡུ་སྒྲིག་བྱེད་པའི་ཕྱོགས་སུ་སྒྱུར་བ་དང་། རང་ངོས་ཀྱིས་རྩོམ་ཡིག་བསྡུ་འབྲི་བྱེད་པ་ནས་མཉམ་ལས་མཉམ་སྒྲུབ་བྱེད་པའི་ཕྱོགས་སུ་སྒྱུར་བའི“བརྗེ་བསྒྱུར་གཉིས”ཐོག་མའི་ཆར་ལེགས་གྲུབ་བྱུང་ཡོད། དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། 《མི་དམངས་སྲིད་གྲོས་ཀྱི་ཚགས་པར》སོགས་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ《བོད་ལྗོངས་སྲིད་གྲོས》དུས་དེབ་དང《སྲིད་གྲོས་ཀྱི་ཆ་འཕྲིན》ཡག་པོ་གཉེར་བ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཏེ་སྲིད་གྲོས་ཀྱི་ལོ་རྒྱུས》དང《བོད་ལྗོངས་སྲིད་གྲོས་ཀྱི་ལོ་ཚིགས་མེ་ལོང》སོགས་རྩོམ་འབྲི་ཡག་པོ་བྱས་ཏེ་སྲིད་གྲོས་ཀྱི་ངོ་བོ་དང་། གནས་བབ། ནུས་པ། འགན་ནུས་སྒྲུབ་པའི་གྲུབ་འབྲས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། གཞི་རིམ་སྲིད་གྲོས་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། གལ་ཆེའི་ཚོགས་འདུའམ་བྱེད་སྒོར་གཞི་རིམ་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་ཞུགས་རྒྱུར་གདན་འདྲེན་ཞུས་ནས་གཞི་རིམ་སྲིད་གྲོས་དང་མཉམ་འབྲེལ་ཐོག་གཟིགས་ཞིབ་བརྟག་དཔྱད་བྱས་པ་དང་། ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་པ། རང་འགུལ་ངང་སྲིད་གྲོས་ལས་ཁུངས་སུ་བསྐྱོད་ནས་གོང་རིམ་གྱི་དགོངས་དོན་བརྒྱུད་བསྒྲགས་དང་། ཞིབ་ཕྲའི་ལས་དོན་ལ་མཛུབ་ཁྲིད་བྱས་པ་མ་ཟད། ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་བྱས་ཡོད།

    བདུན། རང་ངོས་ལེགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་འགན་སྒྲུབ་ཆུ་ཚད་མཐོ་རུ་བཏང་བ།

    ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་དེ་གཞི་རྟེན་དུ་བཟུང་ནས་ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན། སྲིད་གྲོས་ལས་ཁུངས་བཅས་ཕྱོགས་བཞི་གཞི་གཅིག་ཅན་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ལས་དོན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་བརྒྱབ་ཡོད། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བ། ཏང་ཙུའུ་ཡི་འགན་འཁུར་མི་སྣ་གཙོ་བོས་ཏང་ཙུའི་ཚོགས་འདུ་ཐེངས་མང་འཚོགས་ནས་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། རེ་བ་ཁ་གསལ་བཏོན་པ་དང་རང་ཉིད་ནས་ཏང་གི་ཤེས་བྱ་འཆད་ཁྲིད་དང་། ཏང་ཙུའུ་ཁོངས་མིས་རང་དཔེ་གཞན་སྟོན་དང་མིག་དཔེ་སྔོན་དུ་སྟོན་པ། ཆེད་དོན་ཨུ་ལྷན་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་དེ་སློབ་སྦྱོང་གི་ལས་འགན་དོན་འཁྱོལ་དང་བརྟག་དཔྱད་ཞིབ་འཇུག་བྱས་ནས་བསམ་འཆར་དང་གྲོས་འགོ་ཉན་པ། གནད་དོན་བཤེར་འཚོལ་ནན་ཏན་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་སྐྱིད་སྡུག་ཚོགས་འདུ་འཚོགས་པ་བཅས་བྱས་ནས་ནོར་འཁྲུལ་ཡོད་ན་ལེགས་བཅོས་དང་ནོར་བ་ཤེས་ཚེ་ངེས་པར་དུ་ལེགས་བཅོས་བྱེད་ཐུབ་པ་བྱས་པས་བསམ་བློ་ཆབ་སྲིད་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ཤིང་། སྲིད་གྲོས་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པར་སློབ་གསོ་ཐེབས་པ་དང་བག་ཆགས་བཟང་པོ་བཞག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་། ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ” དེ་བཞིན་ལྗོངས་སྲིད་གྲོས་ཀྱི“ཞིབ་ཕྲའི་བྱ་ཐབས”བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག རང་རྟོགས་ངང་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ལག་ལེན་བསྟར་ཏེ་སྤྱོད་གཙང་རང་འདོམས་དང་སྤྱོད་བཟང་གཞུང་དྲང་བྱས་པས་བློ་སྦྱོང་བྱས་ནས་མི་དྲང་པོ་བྱེད་པ་དང་། དབང་ཚོད་ནན་པོས་རང་གཅུན་བྱེད་པ། ལས་སྒྲུབ་བྱ་གཞག་གསར་གཏོད་བཅས་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། ཨུ་ཡོན་གྱི་འགན་སྒྲུབ་ཆ་རྐྱེན་བསྐྲུན་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་དང་། རིགས་ཁོངས་ཀྱི་དམིགས་བསལ་སྦྲེལ་ཐག་གི་ནུས་པ། ལས་ཁུངས་ཀྱི་ཞབས་ཞུ་འགན་སྲུང་གི་ནུས་པ་བཅས་འདོན་སྤེལ་བྱས་ཤིང་། འབྲེལ་ཡོད་ཚོགས་འདུ་འཚོགས་པ་དང་། གཟིགས་ཞིབ་བརྟག་དཔྱད་བྱེད་པ་དང་། གྲོས་མོལ་བཞུགས་མོལ། སྤེལ་རེས་མཛའ་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཨུ་ཡོན་ལ་འགན་སྒྲུབ་ལས་སྟེགས་ཧུར་ཐག་བཏོད་ཡོད། དེ་བཞིན་སྲིད་གྲོས་ཀྱི་ཁྱད་ཆོས་མངོན་པ་དང་རིགས་ཁོངས་ཨུ་ཡོན་གྱི་དགེ་མཚན་འདོན་སྤེལ་བྱེད་པའི་འགན་སྒྲུབ་ཀྱི་ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་བྱས་ཏེ་ཆབ་སྲིད་སྟངས་འཛིན་བྱེད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་ལ་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས། གྲོས་མོལ་སྲིད་གླེང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཆེད་དོན་ཨུ་ལྷན་གྱི་ལས་དོན་ཡག་པོ་བསྒྲུབས་པ། རང་འགུལ་ངང་ཞིབ་འཇུག་འཚོལ་ཞིབ་བྱས་ཤིང་། ཆེད་དོན་ཨུ་ལྷན་ཁག་གི་ཁྱད་ཆོས་དང་བྱེད་ནུས་མི་འདྲ་བ་འབུར་ཐོན་བྱ་རྒྱུ་གཙོ་བོར་བཟུང་བ་དང་། ཆེད་དོན་ཨུ་ལྷན་ཁག་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པའི་ཏང་སྲིད་ལས་དོན་ཐད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་དགེ་མཚན་འདོན་སྤེལ་བྱ་རྒྱུ་གཙོ་བོར་བཟུང་བ། ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བཅས་ཀྱི་ཁྲོད་ཆེད་དོན་ཨུ་ལྷན་གྱི་སྣེ་ཁྲིད་དང་། སྒྲིག་འཛུགས། མཐུན་སྦྱོར་གྱི་ནུས་པ་གཙོ་བོར་བཟུང་བ་བཅས་བྱས་པས་ཆེད་དོན་ཨུ་ལྷན་གྱི་ལས་དོན་ལ་ཡར་རྒྱས་གསར་པ་བྱུང་ཡོད།

    ཨུ་ཡོན་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་། ང་ཚོར་ཐོབ་པའི་གྲུབ་འབྲས་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་དབུ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བའི་འབྲས་བུ་ཡིན་པ་དང་། ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྲིད་གཞུང་གིས་རྒྱབ་སྐྱོར་རོགས་རམ། རིམ་ཁག་སྡེ་ཚན་ཁག་དང་སྤྱི་ཚོགས་ཕྱོགས་ཁག་གིས་གཞོགས་འདེགས་ཧུར་ཐག་བཅས་བྱས་ནས་བྱུང་བའི་འབྲས་བུ་ཡིན་ལ། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཐེ་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་ཨུ་ཡོན། སྲིད་གྲོས་ལས་དོན་པ་བཅས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུའང་ཡིན། མཚམས་འདིར་ངས་སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ཨུ་ཡོན་རྣམ་པ། སྐབས་འདིའི་སྲིད་གྲོས་ཀྱི་ལོ་གསུམ་རིང་གི་འགན་འཁྲི་སྒྲུབ་པའི་ལག་ལེན་དངོས་ཀྱི་ཐོག་ནས་ང་ཚོར་མྱོང་ཚོར་ཟབ་མོ་ཐོབ་པ་ཞིག་ནི། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ། ངེས་པར་དུ་རང་ལྗོངས་སྲིད་གྲོས་ཀྱི་མདུན་སྐྱོད་ཁ་ཕྱོགས་དམ་པོར་འཛིན་དགོས་པ། ངེས་པར་དུ་རང་ལྗོངས་ཀྱི་ལྟེ་བ་དང་སྤྱི་ཡོངས་ལ་དམིགས་ཏེ་སྲིད་གྲོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ། ངེས་པར་དུ་ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་དགོས་པ། ངེས་པར་དུ་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆེད་དོན་ཨུ་ལྷན། རིགས་ཁོངས། ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག་ཅན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ལྷག་བསམ་དག་ལ་སྤྱོད་ལམ་གཙང་ཞིང་འགན་འཁུར་ཕོད་པའི་སྤྱོད་བཟང་ཐོག་ནས་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གོང་འཕེལ་གཏོང་དགོས་པ་བཅས་ཡིན། “ངེས་པར་དུ་བྱེད་དགོས་པ་བདུན”དེ་ནི་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་གྱི་གལ་ཆེའི་རྩ་དོན་དང་རྩ་བའི་གཞི་འཛིན་ས་ཡིན་ལ་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ཡང་ཡིན།

    གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཕྱོགས་མཚུངས། ང་ཚོས་ལྷག་པའི་གནད་དོན་དང་མི་འདང་སའི་ཆ་ཡང་རིག་པ་དྭངས་གསལ་གྱིས་མཐོང་ཐུབ་པ་བྱེད་དགོས་པ་སྟེ། གཅིག་ནི་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ལམ་ལུགས་ཅན་དུ་འཛུགས་སྐྱོང་བྱེད་གཞི་སྔར་བཞིན་ཆེན་པོ་ཡོད་པ་དང་། གཉིས་ནི་ཨུ་ཡོན་གྱི་འབྲེལ་གཏུག་ཞབས་ཞུའི་ཚན་པ་སྔར་བས་ཚགས་ཚུད་དུ་གཏོང་དགོས་པ། གསུམ་ནི་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་སོགས་ཡིན། གནད་དོན་དེ་དག་ལ་ང་ཚོས་ངེས་པར་དུ་མཐོང་ཆེན་པོ་དང་ལྟ་སྟངས་ནན་ཏན་བཟུང་སྟེ་ལེགས་བཅོས་ཏན་ཏིག་བྱ་རྒྱུ་ཡིན།

    2016ལོའི་ལས་དོན་བཀོད་སྒྲིག

    2016ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་འཛུགས་ལོ་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན། ལྗོངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བསམ་གཞི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་། ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་རང་ལྗོངས་ཀྱི་སྲིད་གྲོས་ལ་བཏོན་གནང་བའི“ལས་སྟེགས་གཅིག་དང་། ཐུན་མོང་གཉིས། སྔར་བས་ལེགས་པ་གསུམ”གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ལྗོངས་ཏང་ཨུད་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་གྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་རིམ་པ་སྟར་ཆགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་རྒྱུ་དང་། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུ་བཅས་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་ཐོག སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྲིད་གྲོས་ལས་དོན་གསར་གཏོད་གོང་འཕེལ་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ། རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན།

    གཅིག བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱ་རྒྱུ་དེ་མུ་མཐུད་མི་དམངས་སྲིད་གྲོས་བྱ་གཞག་གོང་འཕེལ་གཏོང་བའི་རྩ་བར་འཛིན་རྒྱུ།

    ཐོག་མཐའ་བར་གསུམ་དུ་ལྗོངས་ཏང་ཨུད་དང་སྲིད་གྲོས་ཏང་ཙུའི་འགོ་ཁྲིད་མཐའ་འཁྱོངས་བྱས་ཐོག རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་བཏང་ནས་མཐུན་ཆ་ཆེ་ཤོས་བཙལ་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བཅས་བྱེད་པའི་སྟོབས་ཆེའི་དྲང་ནུས་གཅིག་སྒྲིལ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་རྣམས་སྒྲིག་འཛུགས་སྐུལ་སློང་བྱས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན། དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་དགོངས་དོན་བཅས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་མངོན་ཆེའི་གནས་བབ་ཐོག་འཇོག་པ་དང་། ལས་ཀའི་འགོ་མཇུག་ཚང་མར་ཁྱབ་པ་བྱས་ཏེ་བོད་ལྗོངས་བཅོས་སྐྱོང་དང་། བོད་ལྗོངས་བརྟན་ལྷིང་། བོད་ལྗོངས་དར་རྒྱས་བཅས་སྐོར་གྱི་ཀྲུང་དབྱང་གི་དགོངས་གཞི་གསར་པ་དང་། ཆོད་གཏམ་གསར་པ། དམིགས་ཚད་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པ་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱིའི་བསམ་གཞི་དང་། གོང་འཕེལ་གྱི་ལྟ་བ། དམིགས་ཚད་ལས་འགན་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། བློ་རིག་དང་སྟོབས་ཤུགས“ལོ་ལྔ་ཚན་བཅུ་གསུམ་པ”འགོ་ཡག་པོ་འཛུགས་རྒྱུའི་ཐོག་འགྲིལ་ཐུབ་པ་བྱེད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་དམ་བཟུང་ཐོག་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་བཟུང་བྱས་ཏེ་རིམ་ཁག་སྲིད་གྲོས་དང་རྒྱ་ཆེའི་ཨུ་ཡོན་ཚོས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་མཛད་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཕོད་པ་གང་ལེགས་མཚོན་པ་བྱེད་དགོས།

    གཉིས། སྤྱི་ཡོངས་ལ་ཞབས་ཞུ་དང་གཙོ་གནད་མངོན་ཆེར་བཟུང་སྟེ་སྲིད་གྲོས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ།

    “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཐུབ་པ། སྲིད་གླེང་བྱེད་མཁས་པོ་དགོས་པ”བཅས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་རང་རྟོགས་ངང་རང་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་དམིགས་ནས་ཇུས་ཤུགས་མཉམ་འདོན་བྱེད་དགོས། རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་ཨང་དང་པོར་བརྩིས་ཐོག་བདེ་འཁོད་ལས་བརྩོན་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་ཚད་ལ་དམིགས་པ་དང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་དང་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། འབྱུང་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཀྱི་ཐོན་ཁུངས་གསོག་འཇོག་རྟེན་གཞི་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་གལ་ཆེའི་བགྲོད་ལམ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། ཁྲོན་བོད་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་བྱ་རྒྱུ་སོགས་ལ་དམིགས་ནས་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་གྲོས་མོལ་སྲིད་གླེང་ཧུར་ཐག་བྱེད་དགོས། ཡུན་རིང་བདེ་འཁོད་ཡོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ཟློག་མེད་ཀྱི་ལས་འགན་དང་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་བརྩི་བ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བྱས་ཏེ་ཉེན་ཟོན་གྱི་བསམ་པ་ཤུགས་ཆེར་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་གི་དམིགས་ཚད་དམ་པོར་བཟུང་ཐོག དུས་བདེའི་བོད་ལྗོངས་སྐྲུན་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་དོན་འཁྱོལ་བྱ་རྒྱུ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ། ཆོས་ལུགས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་རྟོག་ཞིབ་བརྟག་དཔྱད་དང་ཐབས་འདོན་ཇུས་འབུལ་བྱེད་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། བོད་དང་འབྲེལ་བ་ཡོད་པའི་ཕྱི་འབྲེལ་ཕྱི་བསྒྲགས་ཀྱི་ལས་དོན་ཡག་པོ་སྤེལ་ཏེ་རྒྱལ་ཁོངས་ཕྱིའི་བོད་རིགས་སྤུན་ཟླའི་ཁྲོད་ཀྱི་རྒྱལ་གཅེས་སྟོབས་ཤུགས་ཆེ་རུ་བཏང་ཐོག རྒྱལ་ཁོངས་ཕྱིའི་བོད་རིགས་སྤུན་ཟླའི་ཁྲོད་ཀྱི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྨང་གཞི་ཉམས་ཞན་དུ་གཏོང་བ་དང་། དེའི་རྒྱལ་སྤྱིའི་ཐོག་གི་བྱེད་སྤྱོད་སྤེལ་ཡུལ་བཅུར་བཀག་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་འགན་ནུས་སྒྲུབ་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ལས་ཞུགས་རྒྱ་ཆེར་གཏོང་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ། དབུལ་སྐྱོར་དང་དབུལ་སྒྲོལ་གནད་འཕིགས་བྱེད་པ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྤྱི་ཚོགས་འགན་སྲུང་བྱེད་པ་སོགས་ལ་དམིགས་ནས་སྲིད་དོན་སྐྱོང་རོགས་ཀྱི་ཇུས་འདོན་བྱེད་དགོས་པ་དང་། ལྗོངས་ཏང་ཨུད་ཀྱི་དམངས་ཕན་གྱི“བྱ་བ་དངོས་བཅུ”དོན་འཁྱོལ་བྱ་རྒྱུར་ཆེད་དོན་རྟོག་ཞིབ་དང་དམངས་གཙོའི་ལྟ་སྐུལ་བྱེད་དགོས།

    གསུམ། བརྟན་ཐོག་ཡར་འཕེལ་གྱིས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ཟམ་མི་ཆད་པར་དར་སྤེལ་གཏིང་ཟབ་གཏོང་རྒྱུ།

    སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུའི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》དང་། 《མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ་དམངས་གཙོར་བརྟེན་ནས་མཐུན་ཆ་ཆེ་ཤོས་དོན་གཉེར་བྱེད་པ་དང་། མཐུན་སྒྲིལ་ལ་བརྟེན་ནས་དྲང་ནུས་ཆེན་པོ་གཅིག་སྡུད་བྱས་ནས་རང་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་རྒྱུ་བརྟན་ཞིང་སྒྲིག་ལྡན་ངང་སྤེལ་དགོས། གྲོས་མོལ་དམངས་གཙོའི་ལྟ་བ་དང་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་2016ལོའི་གྲོས་མོལ་ལས་དོན་གྱི་འཆར་འགོད་ནན་ཏན་བཟོ་བ་དང་ལག་བསྟར་བྱས་ཐོག སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་དང་ཆེད་དམིགས་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། “ལས་སྟེགས་དེ་བས་མང་བ་དང་ལེགས་པ་འཛུགས་པ་དང་། དམངས་གཙོའི་རྣམ་པ་རྒྱ་སྐྱེད་གཏོང་བ། གྲོས་མོལ་ཞིབ་ཚགས་སུ་གཏོང་བ”བཅས་སྐོར་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་བླང་བྱ་གཞིར་བཟུང་། སྲིད་གྲོས་ཀྱི་གྲོས་མོལ་དང་གྲོས་མོལ་གཞན་དག་དབར་གྱི་འབྲེལ་བ་ཡང་དག་ཐག་གཅོད་བྱེད་པ་དང་། གྲོས་མོལ་བྱེད་སྟངས་གཞན་དག་དབར་དང་སྦྲེལ་མཐུད་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ཆེད་དོན་གྲོས་མོལ་དང་། ག་སྦྱར་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་སྒྲུབ་གཉེར་གྲོས་མོལ་བཅས་དེ་བས་གསོན་ཉམས་ལྡན་པ་དང་གོ་རིམ་ལྡན་པའི་ངང་སྤེལ་ནས་སྲིད་གྲོས་གྲོས་མོལ་གྱི་བང་རིམ་དང་ཕན་འབྲས་ཟམ་མི་ཆད་པར་གོང་མཐོར་གཏོང་དགོས། གྲོས་མོལ་དམངས་གཙོའི་བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ཐོག ལྗོངས་ཏང་ཨུད་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ《སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》དང《བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་དར་སྤེལ་གཏོང་བར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞོགས་འདེགས་བྱེད་དགོས་པ་དང་། རང་ལྗོངས་ཀྱི་གྲོས་མོལ་དམངས་གཙོའི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ། ཚན་རིག་དང་མཐུན་ལ་ཆ་ཚང་བ་དང་། འཁོར་རྒྱུག་གོ་རིམ་ལྡན་པ། གོ་ཆོད་ལ་ཕན་འབྲས་ཆེ་བ་བཅས་ཀྱི་གྲོས་མོལ་དམངས་གཙོའི་ལས་རིམ་ཞིག་རིམ་པས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    བཞི། མཐུན་ཐབས་བྱེད་ལ་མི་མཐུན་སོར་འཇོག་དང་བསྟུན་མཁས་མཉམ་རོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལ་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྣམ་པ་གསར་པ་ཐོན་པ་བྱ་རྒྱུ།

    སྲིད་གྲོས་དེ་ཉིད་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་རྩ་འཛུགས་དང་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་ཡིན་པའི་ངོས་ནས་གཙོ་བོ་དམངས་གཙོའི་གྲོས་མོལ་དང་མཐུན་སྒྲིལ་འབྲེལ་མཐུད་བྱ་རྒྱུའི་ལས་དོན་སྒྲུབ་དགོས་པས་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པར་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་དམིགས་ཡུལ་འགྲུབ་པ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》མཐའ་གཅིག་ཏུ་ལག་བསྟར་བྱས་ཐོག མཐུན་ཐབས་བྱེད་ལ་མི་མཐུན་སོར་འཇོག་དང་བསྟུན་མཁས་མཉམ་རོགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་པ་དང་། མི་རིགས་ཁག་དང་། ཆོས་ལུགས། རིམ་གྲས། ཚོགས་པ། རྒྱལ་ཕྱི་རྒྱལ་ནང་གི་སྤུན་ཟླ་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱས་ནས་མི་སེམས་འགུག་པ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་དགོས། ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་མོས་སེམས། ཀྲུང་ཧྭའི་རིག་གནས་ལ་མོས་སེམས། ཀྲུང་གོ་གུང་ཁྲན་ཏང་ལ་མོས་སེམས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་མོས་སེམས་བཅས་ཆེ་རུ་འགྲོ་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང། མཐུན་རྐྱེན་མཐའ་དག་སྐུལ་སློང་གང་ཐུབ་ཀྱིས་ཞི་མཐུན་ཡོང་གཞིར་ཤུགས་སྣོན་གང་ཐུབ་རྒྱག་དགོས། རིགས་ཁོངས་ཨུ་ཡོན་གྱི་བཞུགས་མོལ་མཛའ་འབྲེལ་ཚོགས་འདུ་སྐོང་ཚོགས་བྱེད་པ་དང་། དུས་བཀག་ཐོག་ཨུ་ཡོན་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་འཚམས་འདྲིར་སྐྱོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་བསམ་བློ་སྤེལ་རེས་དང་ལྟ་སྟངས་བརྗེ་རེས་བྱེད་པ་དང་། ཁོང་ཚོའི་བསམ་འཆར་དང་གྲོས་འགོ དེས་མ་ཚད་སྐྱོན་བརྗོད་སོགས་སེམས་ཆུང་ངང་ཉན་པ་དང་། མཛའ་འབྲེལ་འགྲོ་འོང་ཁྲོད་མཐུན་སྒྲིལ་དང་མཉམ་འབྲེལ་ཆེ་མོའི་ལས་དོན་གང་ལེགས་སྤེལ་དགོས། མི་རིགས་ཁག་དང་ལས་རིགས་ཁག་གིས་བསམ་འཆར་དང་གྲོས་འགོ་འདོན་པ་དང་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་སློང་བྱས་ཏེ་གྲོས་མོལ་ཁྲོད་འགལ་ཟླ་འདུམ་སེལ་དང་། གྲོས་བསྡུར་བྱེད་པའི་ཁྲོད་དུ་ཕྱོགས་འགལ་གཅིག་མཐུན་ཡོང་བ་བྱེད་དགོས། ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ཇ་སྟོན་དང་དབྱར་དུས་ཀྱི་མཛའ་འབྲེལ་ཚོགས་འདུ་ཡག་པོ་གཉེར་རྒྱུ་མཐའ་འཁྱོངས་དང་། “3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཟླ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་། ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་གྲྭ་བཙུན་འཛུགས་གཏོད་དཔྱད་འདེམས་སོགས་ཀྱི་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཐོག བྱེད་སྒོའི་ཁྲོད་དུ་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྱོགས་གང་ཐད་ཀྱི་མཐུན་སྒྲིལ་ཟབ་ཏུ་ཧུར་ཐག་གཏོང་དགོས།

    ལྔ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ངོས་ལེགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    རང་ལྗོངས་ཀྱི་གྲོས་མོལ་དམངས་གཙོའི་བྱ་གཞག་གོང་འཕེལ་གཏོང་བའི་སྤྱི་ཡོངས་ལ་དམིགས་ཏེ་ཨུ་ཡོན་དང་། རིགས་ཁོངས། ཆེད་དོན་ཨུ་ལྷན། ལས་ཁུངས་བཅས“ཕྱོགས་བཞི་གཞི་གཅིག་ཅན”འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་རྩ་བ་བརྟན་ཚུགས་ཀྱི་ཐབས་ཇུས་དང་གསར་གཏོད་བྱེད་ཐབས་ཤིག་ལ་བརྩིས་ནས་སྲིད་གྲོས་ལས་དོན་ཚན་རིག་དང་མཐུན་པའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། ཨུ་ཡོན་ལ་གནས་ཚུལ་དང་སྲིད་ཇུས་ཤེས་རྟོགས་དང་འགན་འཁྲི་སྒྲུབ་པའི་ལས་སྟེགས་དེ་བས་མང་བ་མཁོ་འདོན་བྱས་ནས་ཨུ་ཡོན་ལ་འབྲེལ་གཏུག་ཞབས་ཞུ་བྱེད་པའི་ཚན་པ་འཛུགས་པ་དང་ཚགས་ཚུད་དུ་ཧུར་ཐག་གཏོང་བ་དང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་དཔྱད་གདེང་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་ཨུ་ཡོན་གྱི་གཙོ་རྐང་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་དང་རིགས་ཁོངས་ཀྱི་ཁྱད་ཆོས་མངོན་པ་བྱས་ཏེ་ཆེད་དོན་ཨུ་ལྷན་དང་རིགས་ཁོངས་ཀྱིས་ཐུན་མོང་ཐོག་ནུས་པ་འདོན་སྤེལ་བྱེད་པའི་ལམ་སྲོལ་ནུས་ལྡན་ཞིབ་འཇུག་འཚོལ་ཞིབ་བྱེད་དགོས། རྟོག་ཞིབ་བརྟག་དཔྱད་དང་། གྲོས་གཞི་སྒྲུབ་གཉེར་དང་གྲོས་མོལ། ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞི། སྲིད་གྲོས་རིགས་གཞུང་ཞིབ་འཇུག གསར་འགྱུར་དྲིལ་བསྒྲགས། ཕྱི་ཕྱོགས་ལ་འགྲོ་འོང་དང་མཛའ་འབྲེལ་སྤེལ་རེས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདུན་པ་མཚོན་པ་སོགས་བྱ་རྒྱུའི་རྒྱུན་ལྡན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་སྲིད་གྲོས་ལས་དོན་དེ་བས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱེད་དགོས། སྲིད་གྲོས་ལས་ཁུངས་ཀྱི་བསམ་བློ་དང་། རྩ་འཛུགས། དཔུང་ཁག ནུས་པ། སྤྱོད་ཚུལ། ལམ་ལུགས་བཅས་འཛུགས་སྐྱོང་དང་། དེ་བཞིན་བབ་བསྟུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས“སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། ནུས་ཕྱོད་ཀྱི་རྣམ་པ། གསར་གཏོད་རྣམ་པ། ཞི་མཐུན་རྣམ་པ། ཚན་རིག་དང་མཐུན་པ”བཅས་ཀྱི་ལས་ཁུངས་ཤིག་གཏོད་དགོས། ཏང་ནན་སྐྱོང་གི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཏང་གི་སྒྲིག་ཡིག་དང་། 《སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》 《སྤྱོད་གཙང་རང་འདོམས་ཚད་གཞི》སོགས་ཏང་ནང་གི་སྒྲིག་སྲོལ་སློབ་སྦྱོང་དང་ལག་བསྟར་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལྗོངས་ཏང་ཨུད་ཀྱི“བསྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ” དེ་བཞིན་ལྗོངས་སྲིད་གྲོས་ཀྱི“ཞིབ་ཕྲའི་བྱ་ཐབས”བཅས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྒྲིག་ཁྲིམས་སྒྲིག་ལམ་སྔོན་དུ་བརྩི་སྲུང་དང་། བཀའ་གསུང་ཅི་སྒྲུབ་དང་སྤྱོད་གཙང་གཞུང་དྲང་བྱེད་དགོས། གཞི་རིམ་སྲིད་གྲོས་ལ་འབྲེལ་བ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཡོངས་མཉམ་འགུལ་ཐོག་འགན་འཁྲི་སྒྲུབ་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    ཨུ་ཡོན་རྣམ་པ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་རེ་བ་ཆེན་པོ་བཅོལ་ཡོད་པ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་དང་། བོད་ལྗོངས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེས་རང་ལྗོངས་སྲིད་གྲོས་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ལྗོངས་ཀྱི་ལེའུ་ཡག་པོ་རྩོམ་རྒྱུར་འབད་འཐབ་ལྷོད་མེད་བྱེད་དགོས། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།