དབུ་ཤོག>སྲིད་དོན།
  • བོད་ཀྱི་ས་གནས་ལོ་རྒྱུས་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-11

    ཚེས་9ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་ལྷ་སར་ལྗོངས་ཡོངས་ཀྱི་ས་གནས་ལོ་རྒྱུས་ལས་དོན་ཚོགས་འདུ་འཚོགས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་དབྱིང་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། རང་སྐྱོང་ལྗོངས་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་རྒྱལ་ཡོངས་ཀྱི་ས་གནས་ལོ་རྒྱུས་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་གི་བཞུགས་མོལ་ཚོགས་འདུའི་ཐོག་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ས་གནས་ལོ་རྒྱུས་ལས་དོན་སྐོར་གྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གནང་བའི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་དྲུང་ཆེ་དང་རང་སྐྱོང་ལྗོངས་ས་གནས་ལོ་རྒྱུས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་རུའེ་ལན་གྱིས《〈རྒྱལ་ཡོངས་ཀྱི་ས་གནས་ལོ་རྒྱུས་བྱ་གཞག་འཕེལ་རྒྱས་འཆར་འགོད་རྩ་གནད(2015ལོ་ནས་2020ལོ་བར)ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར〉》བརྒྱུད་བསྒྲགས་གནང་བ་རེད།

    ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། བོད་ལྗོངས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་ཅུས་བཅས་ཀྱི་འགན་ཁུར་བ་གཙོ་བོ་དང་ས་གནས་ལོ་རྒྱུས་དང་ལས་རིགས་ལོ་རྒྱུས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་ས་གནས་ལོ་རྒྱུས་ནི་ཀྲུང་ཧྭའི་ཤེས་རིག་རྒྱུན་འཛིན་དང་ལོ་རྒྱུས་ཐོག་གི་བློ་གྲོས་སྔོག་འདོན་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་དང་། མི་རིགས་ཀྱི་སྤྲོ་སེམས་འཕེལ་བ་བྱེད་པ་དང་མི་རིགས་ཀྱི་ཡིད་ཆེས་བསམ་པ་གཅིག་ཏུ་འདུ་བའི་བསམ་བློའི་སྙིང་བཅུད་ཅིག མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ལོ་རྒྱུས་དཔྱད་ཡིག་གལ་ཆེན་ཞིག་བཅས་རེད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་སྡེ་ཚན་ཁག་གིས་ངེས་པར་དུ་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ཏེ་ས་གནས་ལོ་རྒྱུས་ལས་དོན་ལེགས་པར་བསྒྲུབ་རྒྱུའི་གཏིང་ཟབ་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་གལ་ཆེ་བའི་དོན་དངོས་ཀྱི་དོན་སྙིང་ཤེས་རྟོགས་གང་ལེགས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ས་གནས་ལོ་རྒྱུས་གསར་པ་རྩོམ་སྒྲིག་ཞུ་དག་གི་ལས་དོན་ཏན་ཏིག་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་འདུ་འགོད་གལ་ཆེན་དང་། འཐབ་ཇུས་ཀྱི་འདུ་འགོད་གལ་ཆེན། རིག་གནས་ཀྱི་འདུ་འགོད་གལ་ཆེན། མཐའ་མཚམས་སྲ་བརྟན་གྱི་འདུ་འགོད་གལ་ཆེན་བཅས་སུ་བརྩི་བ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་བ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་བཅས་བྱས་ཏེ་བྱེད་ཐབས་ནུས་ལྡན་སྤྱད་ནས་ལས་དོན་སྤེལ་རིམ་མགྱོགས་སུ་དང་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་མ་ཟད། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《འཆར་འགོད་རྩ་གནད》དང་རང་ལྗོངས་ཀྱི《ལག་བསྟར་བསམ་འཆར》ནང་གཏན་འཁེལ་བྱས་པའི“རེས་སྐོར་དང་པོ་གཉིས་པའི་ལོ་རྒྱུས་དེབ་ཐེར་ཞུ་དག་འཆར་འགོད་ལས་འགན་ཕྱོགས་ཡོངས་ལེགས་པར་སྒྲུབ་དགོས་པ་དང་ས་གནས་ཕྱོགས་བསྡུས་ལོ་རིམ་མེ་ལོང་རྩོམ་སྒྲིག་པར་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་པར་སྒྲུབ་དགོས་པའི”དམིགས་ཚད་དང་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱ་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་ས་གནས་ལོ་རྒྱུས་ལས་དོན་དེ་ས་ཁུལ་ཁག་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་དང་། རིག་གནས་དང་བྱ་གཞག་འཕེལ་རྒྱས་ཀྱི་འཆར་གཞི། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་དང་ལས་འགན་བཅས་ནང་བཅུག་སྟེ་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་དང་། སྒྲིག་གཞི་འཛུགས་སྐྲུན་བྱེད་ཤུགས། ཤེས་ལྡན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས། འདེགས་སྐྱོར་འགན་ལེན་བྱེད་ཤུགས། འགན་ནུས་འདོན་སྤེལ་བྱེད་ཤུགས། འགན་འཁྲི་དོན་འཁྱོལ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་བཅས་ཆེ་རུ་བཏང་ནས་ས་གནས་ལོ་རྒྱུས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།