དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-01-08

    ཟླ་1ཚེས་6ཉིན་གྱི་ཕྱི་དྲོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་2015ལོའི་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་ནས་2016ལོའི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ནས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་ཚུལ་དང་འདི་ལོའི་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ལྷག་པར་དུ་དུས་ཚིགས་དང་པོའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡང་བསྐྱར་བཀོད་སྒྲིག་བྱེད་ཚུལ་ནན་ཏན་ངང་གསན་གཟིགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་ལྷག་པར་དུ་ཙུང་ལི་གཞོན་པ་མ་ཁའེ་ཡི་གསུང་བཤད་གལ་ཆེན་ནང་བཀོད་སྒྲིག་ཞིབ་ཕྲ་དང་བླང་བྱ་ཁ་གསལ་བཏོན་ཡོད་པས་དེར་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་ཀྱི་རང་བཞིན་ཤུགས་ཆེན་ལྡན་ཡོད། ས་ཁུལ་དང་གྲོང་ཁྱེར་རྫོང་བཅས་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་ཤེས་རྟོགས་གཏིང་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང“མ་མཐའི་མཚམས་ཐིག་གསུམ”བརྟན་སྲུང་བྱེད་པའི་སྲིད་གཞུང་ལས་དོན་གྱི་བསམ་ཕྱོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་། མཚམས་ཐིག མཐོ་སྣོན་ཐིག་བཅས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་བདེ་འཇགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་བདེ་འཇགས་ཐོན་སྐྱེད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དང་བཀོད་སྒྲིག་གཅིག་མཐུན་དང་དོན་འཁྱོལ་གཅིག་མཐུན་ཡོང་བ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཆད་པ་ནན་པོ་གཅོད་པའི་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱེད་རྒྱུ་རྒྱུན་འཛིན་བྱས་ནས་ལས་འཛོལ་ཚབས་ཆེན་དང་ཆེས་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་དང་ཚོད་འཛིན་མཐའ་གཅིག་ཏུ་བྱས་ཏེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དང་རང་སྐྱོང་ལྗོངས་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་བསྟན་གནང་བ་སྟེ།

    གཅིག་ནས་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་གི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ཐོག་ནས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་དམ་འཛིན་ལྷོད་མེད་བྱས་ཏེ་ཕྱོགས་ཡོངས་ནས་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།

    གཉིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་གནད་འཁེལ་བ་བྱེད་དགོས་ཤིང་། “ཏང་སྲིད་འགན་འཁྲི་གཅིག་མཐུན་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“རིམ་ཁག་ལྔ་དང་ཁྱབ་གདལ་ལྔ”“ལས་རིགས་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ”བཅས་བྱེད་དགོས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་ཏང་སྲིད་འགོ་ཁྲིད་ཨང་དང་པོ་ངོ་མས་དམ་འཛིན་བྱེད་པ་དང་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམག་འཐབ་རྒྱུན་རིང་རྒྱག་དགོས།

    གསུམ་ནས་མ་འཇོག་འགན་ལེན་གནད་ལ་འཁེལ་བ་བྱེད་དགོས་ཤིང་། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་བཀོད་འགན་ལེན་བྱས་ནས“མི་འགོག”ལྟེ་བར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་གསོ་སྐྱོང་དོ་དམ་དང་སློབ་གསོར་ཤུགས་སྣོན་རྒྱག་པ་དང“རྩལ་འགོག”གཙོ་གནད་དུ་བྱས་ནས་སྒྲིག་བཀོད་ལག་རྩལ་བདེ་འཇགས་ཀྱི་དོགས་ཟོན་བྱ་ཐབས་ལེགས་སུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་རྨང་གཞི་དང་ནུས་པ་འཛུགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

    བཞི་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་རྒྱུ་གནད་ལ་འཁེལ་བ་བྱེད་དགོས་ཤིང་། གྲལ་བཤེར་སྔོན་ལ་བྱེད་པ་དང་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་གྲལ་བཤེར་ཁ་གསལ་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་གསལ་ཐོ་བཟོས་ཏེ་མངོན་མེད་རྐྱེན་ངན་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་རྒྱུན་རྣམ་ཅན་ལ་སྐུལ་མ་གཏོང་དགོས། འཕྲལ་མར་བྱ་སྤྱོད་སྤེལ་ཏེ“ཁེ་ལས་ཀྱིས་ཕྱོགས་ཡོངས་ལ་རང་བཤེར་བྱེད་པ་དང་། སྡེ་ཚན་གྱིས་ཆེད་ལས་ལ་ཞིབ་བཤེར་བྱེད་པ། སྲིད་གཞུང་གིས་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱེད་པ”བཅས་ཀྱི“ཞིབ་བཤེར་གསུམ”གྱི་བྱེད་སྒོ་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཏེ་གནད་དོན་དབྱེ་ཞིབ་བྱ་རྒྱུ་དེ་དེ་བས་ཞིབ་ཕྲ་ཡོང་བ་བྱེད་པ་དང་། ལས་འགན་ཁ་གསལ་ཡོང་བ་བྱ་རྒྱུ་དེ་དེ་བས་ནན་པོ་ཡོང་བ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་། མེ་ཟོན་བདེ་འཇགས། ཉེན་ཡོད་རྫས་འགྱུར་དངོས་པོ་དང་འབར་སླ་བའི་དངོས་པོའི་བདེ་འཇགས། འཚུབ་ཆ་ཆེ་བའི་དུས་དང་དུས་ཆེན་གཙོ་བོའི་བདེ་འཇགས། རང་བྱུང་གནོད་འཚེ་འགོག་བཅོས་དང་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་ལས་དོན་གཙོ་བོ་སོགས་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ལྔ་ནས་དག་ཐེར་དང་བཅོས་སྒྲིག་གནད་ལ་འཁེལ་བ་བྱེད་དགོས་ཤིང་། གནད་དོན་གྱི་འདུ་ཤེས་དང་དམིགས་ཚད་ཀྱི་འདུ་ཤེས་ཤུགས་ཆེར་བཏང་སྟེ་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་འཕྲལ་བཤེར་འཕྲལ་སྒྲུབ་དང་འཕྲལ་སྤྱོད་འཕྲལ་སྒྱུར་བྱས་ཏེ་ལས་མཚམས་འཇོག་དགོས་རིགས་ལས་མཚམས་འཇོག་པ་དང་། ཆད་པ་གཅོད་དགོས་རིགས་ལ་ཆད་པ་བཅད་དེ་དག་ཐེར་གནད་ལ་མ་འཁེལ་བ་རྣམས་ཐར་པར་གཏོང་མི་རུང་། བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་གཅིག་ཀྱང་ཐར་པར་མི་གཏོང་བར་ཆད་པ་ནན་པོ་གཅོད་དགོས། ཟུར་བསྟན་ལེབ་མཐོང་ཡོང་བ་བྱས་ནས་གནད་དོན་རིགས་གཅིག་པ་བསྐྱར་ཐོན་བྱེད་རྒྱུ་སྔོན་འགོག་བྱེད་དགོས།

    དྲུག་ནས་འབྱུང་རྩ་ནས་བཅོས་སྒྲིག་བྱ་རྒྱུ་གནད་ལ་འཁེལ་བ་བྱེད་དགོས་ཤིང་། རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྔ་ས་ནས་དམ་འཛིན་དང་། ཆུང་ས་ནས་དམ་འཛིན། དམ་འཛིན་མགྱོགས་པོ། དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་བྱས་ཐོག་བདེ་འཇགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང། འབྱུང་རྩ་ནས་བཅོས་སྐྱོང་བཅས་ཧུར་ཐག་བྱེད་ཐུབ་པ་བྱེད་དགོས།

    བདུན་ནས་འཕྲལ་གྲུབ་ཐག་གཅོད་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྒྲུབ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕྲལ་སྒྲུབ་ཐག་གཅོད་ནང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གནད་དོན་ཐོན་འཕྲལ་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྒོ་ནས་ཁ་གཏད་གཅོག་ཐུབ་པ་བྱེད་དགོས།

    བརྒྱད་ནས་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི། འགན་འཁྲི་གཙོ་བོ་བཅས་ལག་བསྟར་ནན་པོ་དང་། འགོ་ཁྲིད་ལས་བྱེད་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་སྒྲུབ་ལམ་ལུགས་དང་ལས་ཀའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་ནན་པོ། ཁེ་ལས་ཀྱིས“གནད་ལ་འཁེལ་བ་ལྔ་དང་དོན་འཁྱོལ་ལྔ”ཡི་འགན་འཁྲི་གཙོ་བོའི་ལམ་ལུགས་ལག་བསྟར་ནན་པོ་བཅས་བྱེད་དགོས།

    དགུ་ནས་ལྟ་སྐུལ་མཛུབ་ཁྲིད་གནད་ལ་འཁེལ་བ་བྱེད་དགོས་ཤིང་། ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་བྱས་ནས་གཅིག་སྡུད་ཞིབ་བཤེར་དང་། ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར། ཆེད་ལས་ལྟ་སྐུལ་ཞིབ་བཤེར། ལྐོག་ཞིབ་ལྐོག་བཤེར་བཅས་ཀྱི་ལས་ཀའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས་དངོས་ཞིབ་ལྐོག་བཤེར་སོགས་བྱེད་ཐབས་སྤྱད་དེ་ལྟ་སྐུལ་ཞིབ་བཤེར་བྱས་ནས་གནད་དོན་ངོ་མ་ཁོང་དུ་ཆུད་པ་དང་གནད་དོན་ཐག་གཅོད་བྱས་ཐོག་དངོས་ཕན་ཐོབ་པ་བྱེད་དགོས།

    བཅུ་ནས་འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བྱེད་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་འགན་ཤོར་ལས་འཛོལ་བྱུང་བ་དང་། ལས་ཀ་མི་བྱེད་པ། ལས་ཀ་གང་བྱུང་དུ་བྱེད་པ་བཅས་ལ་རང་སྐྱོང་ལྗོངས་ཀྱི“གང་ཡིན་རུང་གསུམ”གྱི་བླང་བྱ་དང“ཐར་པར་མི་གཏོང་བ་བཞི”ཡི་རྩ་དོན་གཞིར་བཟུང་འགན་འཁྲི་འདྲི་རྩད་ནན་པོ་བྱས་ཏེ་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།