དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཀྲུང་གོ་ལྕགས་ལམ་ཀུང་སིའི་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-28

    ཚེས་24ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་དབར་པེ་ཅིང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་དང་། ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ཁྲང་ཅིང་རྣམ་གཉིས་ཀྱིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་དང་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཙུང་ཚའེ་ཀྲང་ཙུང་ཡན་རྣམ་གཉིས་མིང་རྟགས་འགོད་པའི་མཛད་སྒོར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ལྕགས་ལམ་ཀུང་སིས་ཡུན་རིང་ནང་བོད་ཀྱི་ལྕགས་ལམ་དང་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གལ་ཆེན་ནང་ཧུར་ཐག་ཞུགས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱིས་མ་འཇོག་བྱ་ཤུགས་སྔར་བས་ཆེ་རུ་བཏང་ནས་མ་འཇོག་དང་མ་རྩ་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་གསར་པ་ཁག་གཅིག་ལག་བསྟར་བྱས་ནས་འགྲིམ་འགྲུལ་དང་།ནུས་རྒྱུ། ཆུ་བེད། འཕྲིན་གཏོང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཆ་འཕྲིན་ཅན་སོགས་འདེགས་སྐྱོར་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཚད་བརྒལ་རང་བཞིན་གྱི་འཕེལ་རིམ་ཡོང་བ་བྱ་རྒྱུ་ཡིན། བོད་དང་ཀྲུང་གོ་ལྕགས་ལམ་ཀུང་སིའི་དབར་གྱི་མཉམ་ལས་ཀྱི་གོ་སྐབས་ཐོབ་པ་ནི་ལས་སླ་པོ་ཞིག་མིན་པ་དང་མཉམ་ལས་ཀྱི་བར་མཐོངས་ཡང་རྒྱ་ཆེན་པོ་ཡོད། ཀྲུང་གོ་ལྕགས་ལམ་ཀུང་སིས་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་ནང་གི་བྱང་ཆུབ་པའི་ཉམས་མྱོང་མུ་མཐུད་འདོན་སྤེལ་བྱེད་པ་དང་། མཉམ་ལས་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། གསར་གཏོད་འཛུགས་སྐྲུན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་པ། ཀྲུང་གོ་ལྕགས་ལམ་ཀུང་སིའི་ཡན་ལག་ཀུང་སིས་བོད་དུ་ཁྲིམས་མིའི་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་དང་བོད་ཀྱི་ལྕགས་ལམ་དང་མཐོ་རིམ་གཞུང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་མུ་མཐུད་ཞུགས་པ་དང་དུས་མཚུངས་བོད་ཀྱི་ནུས་རྒྱུ་དྭངས་གཙང་གསར་སྤེལ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས། དབུལ་སྐྱོར་གསར་སྤེལ། གྲོང་ཁྱེར་འཛུགས་སྐྲུན། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སོགས་ཀྱི་ཁྱབ་ཁོངས་ནང་ཧུར་ཐག་ཞུགས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཤུགས་སྣོན་རྒྱག་རྒྱུར་ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་རེ་བ་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཀྱིས་ཀྱང་སྔར་རྒྱུན་གཞིར་བཞག་ཀྲུང་གོ་ལྕགས་ལམ་ཀྱིས་བོད་ལ་མ་འཇོག་བྱས་ནས་བྱ་གཞག་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ཡིན་ལུགས་ནན་བཤད་གནང་བ་རེད།

    ལི་ཁྲང་ཅིང་གིས“རྒྱུད་གཅིག་ལམ་གཅིག”དང་། ཧི་མ་ལ་ཡའི་རྒྱུད་ཀྱི་དཔལ་འབྱོར་མཉམ་ལས་ཁུལ། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་ས་རྒྱུད་འཛུགས་སྐྲུན་བྱེད་ལུགས་བཏོན་པ་དང་དེར་སྐུལ་འདེད་བཏང་བས་བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་བསུས་ཡོད་པ་རེད། ང་ཚོས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་ལེན་ཧུར་ཐག་ཞུས་ནས་འཐབ་ཇུས་གྲོས་མཐུན་གྱི་ཁ་ཆད་ལྟར“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“མཚོ་བོད་ལྕགས་ལམ་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་བོད་ཀྱི་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ། ནུས་རྒྱུ། ཆུ་གློག ཐོན་ཁུངས་སོགས་ཀྱི་རྣམ་གྲངས་ལ་མ་འཇོག་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་བོད་མི་དམངས་དང་མཉམ་དུ་འབྱོར་ཕྱུག་དང་། ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང་། ཤེས་དཔལ། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པར་འབུལ་འོས་པའི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    མིང་རྟགས་འགོད་པའི་མཛད་སྒོ་མ་འཚོག་གོང་བློ་བཟང་རྒྱལ་མཚན་དང་ཏིང་ཡེ་ཤན་སོགས་ཀྱིས་ཀྲུང་གོ་ལྕགས་ལམ་གྱི་འགྲེམས་སྟོན་ཁང་ཆེན་ལ་ལྟ་སྐོར་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།