དབུ་ཤོག>སྲིད་དོན།
  • བོད་ལྗོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-12

    ཚེས་10ཉིན་གྱི་སྔ་དྲོ་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་རྒྱུ་དེ་ནི“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་དང་། ཁྲིམས་ལྟར་བོད་སྐྱོང་གི་མངོན་ཚུལ་ཞིབ་ཕྲ་ཞིག འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་བྱེད་པའི་གཞི་རྩའི་ཐབས་ལམ་ཞིག མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་འགན་ལེན་གལ་ཆེན་ཞིག་བཅས་རེད། ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་གཞི་རྩའི་བླང་བྱ་ནི་འགོ་ཁྲིད་གཅིག་མཐའ་འཁྱོངས་བྱེད་པ་དང་། འབྲེལ་བ་གཉིས་ལ་ངོས་འཛིན་གསལ་པོ་བྱེད་པ། བསམ་བློ་གསུམ་འཛུགས་པ། ཕྱོགས་སྟོན་བཞི་སྟངས་འཛིན་བྱ་རྒྱུ་བཅས་ཡིན། འགོ་ཁྲིད་གཅིག་མཐའ་འཁྱོངས་བྱ་རྒྱུ་ནི་ཏང་གི་འགོ་ཁྲིད་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་པ་དང་་དེ་ནི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་བླ་སྲོག་ཡིན།འབྲེལ་བ་གཉིས་ལ་ངོས་འཛིན་གསལ་པོ་བྱ་རྒྱུ་དེ་ནི་ཁྲིམས་སྐྱོང་དང་སྒྱུར་བཅོས་ཀྱི་འབྲེལ་བ་དང་ཁྲིམས་སྐྱོང་དང་སྲིད་ཇུས་ཀྱི་འབྲེལ་བར་ངོས་འཛིན་ཡང་དག་བྱ་རྒྱུ་དེ་ཡིན་པ་དང་དེ་ནི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་སྔོན་འགྲོ་ཡིན་པ། བསམ་བློ་གསུམ་འཛུགས་རྒྱུ་དེ་ནི་ཁྲིམས་སྐྱོང་བསམ་བློ་དང་། ཚད་ཡོད་བསམ་བློ། འགན་འཁྲིའི་བསམ་བློ་བཅས་བརྟན་པོར་འཛུགས་པ་དེ་ཡིན་པ་དང་དེ་ནི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་ལྟེ་བ་ཡིན་པ། ཕྱོགས་སྟོན་བཞི་སྟངས་འཛིན་བྱ་རྒྱུ་ནི་དམིགས་ཡུལ་གྱི་ཕྱོགས་སྟོན་དང་། ཁྲོམ་རའི་ཕྱོགས་སྟོན། གནད་དོན་གྱི་ཕྱོགས་སྟོན། དགོས་མཁོའི་ཕྱོགས་སྟོན་བཅས་སྟངས་འཛིན་ནན་པོ་བྱ་རྒྱུ་དེ་ཡིན་པ་དང་དེ་ནི་ཁྲིམས་སྐྱོང་སྲིད་གཞུང་བསྐྲུན་རྒྱུའི་འགན་ལེན་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། 2020ལོར་སླེབས་སྐབས་ཁྲིམས་སྐྱོང་སྲིད་གཞུང་སྤྱིར་ན་བསྐྲུན་པར་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་པོ་ཡོད་པས་ལྟེ་བར་དམིགས་ནས་ལས་དོན་སྒྲུབ་པ་དང་། འགན་ཟླ་གཙོ་བོ་དམ་འཛིན་བྱེད་པ། ལས་ཀའི་གཙོ་གནད་མངོན་པ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་ཁྲིམས་ལྟར་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་དོན་སྤེལ་དགོས་པ་དང་ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་སྒྲེང་སྟེ་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་མེས་རྒྱལ་ཁ་ཕྲལ་གཏོང་བའི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱེད་པ་དང་བཅའ་ཁྲིམས་སྤྱད་དེ་ཁྲིམས་ལྟར་ཁ་ཕྲལ་དང་གཏོར་བཤིག་གི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ་དང་། གཉིས་ནས་བཅའ་ཁྲིམས་ཐོག་ནས་མི་རིགས་མཐུན་སྒྲིལ་འགན་ལེན་བྱས་ཏེ་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་དགོས་པ་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་དང་ཁྲིམས་སྐྱོང་གི་ཐོག་ནས་མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། གསུམ་ནས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས་ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་ཁྲིམས་སྲོལ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་སྣེ་ཁྲིད་ཧུར་ཐག་བྱེད་དགོས་པ། བཞི་ནས་ཁྲིམས་ལྟར་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁོར་ཡུག་ཐད་ཀྱི་ཁྲིམས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ“འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང”སྲུང་སྐྱོང་ཡག་པོ་བྱེད་དགོས་པ། ལྔ་ནས་ཁྲིམས་ལྟར་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ནས་ཁྲིམས་སྐྱོང་ཁྲོད་བཅོས་སྐྱོང་དང་། ཞབས་ཞུའི་ཁྲོད་བཅོས་སྐྱོང་། སྒོ་དབྱེའི་ཁྲོད་བཅོས་སྐྱོང་བཅས་བྱས་ཏེ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ། དྲུག་ནས་ཁྲིམས་ལྟར་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དོ་དམ་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་བརྒྱུད་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ། བདུན་ནས་ཁྲིམས་ལྟར་དབུལ་སྒྲོལ་འགག་སྒྲོལ་དང་ལས་གྲྭའི་འཛུགས་སྐྲུན་མ་དངུལ་བེད་སྤྱོད་དང་། དོ་དམ། ལྟ་སྐུལ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ནུས་ལྡན་གྱི་ཁྲིམས་སྲོལ་ལམ་ལུགས་མཁོ་འདོན་བཅས་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས《ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》མུ་མཐུད་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར་ནན་ཏན་བྱས་ནས་འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་2020ལོར་སླེབས་སྐབས་ཁྲིམས་སྐྱོང་སྲིད་གཞུང་སྤྱིར་ན་བསྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་འགན་ལེན་བྱེད་དགོས།

    ཏེང་ཞའོ་ཀང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་སློབ་སྦྱོང་དྲིལ་བསྒྲགས་དང་རྣམ་པ་ཆགས་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ལས་འགན་ཁག་བགོས་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་དམ་འཛིན་བྱེད་པ། སྤྱི་འདོམས་མཐུན་སྦྱོར་དང་མཉམ་ཤུགས་ཆགས་རྒྱུར་དམ་འཛིན་བྱེད་པ། ལྟ་ཞིབ་ལ་དམ་འཛིན་བྱས་ནས་སྐུལ་འདེད་རྣམ་པ་ཆགས་པ་བཅས་བྱས་ནས་ལས་འགན་ཁག་དངོས་འབྲེལ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།