དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས།
2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་དབུལ་པོ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཡིན་པས་ད་ལྟ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུའི་ཐད་གཏན་འབེབས་བྱས་པ་གཤམ་གསལ།
དང་པོ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་ལས་འགན་སྒྲུབ་སེམས་དང་དགོས་གཏུག་གི་བསམ་པ་ཆེ་རུ་གཏོང་དགོས།
དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་སུ་བཏང་ནས་ཐུན་མོང་ཐོག་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་པ་མ་ཟད་ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ང་ཚོས་གཞི་ཁྱོན་ཆེ་བའི་དབུལ་སྐྱོར་གསར་སྤེལ་བྱས་པས་གྲོང་གསེབ་ཀྱི་དབུལ་པོ་དུང་ཕྱུར་7དབུལ་ཕོངས་ལས་གྲོལ་ཏེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ནས་མིའི་རིགས་ཀྱིས་དབུལ་ཕོངས་སེལ་བའི་ལོ་རྒྱུས་ཐོག་གི་འོད་སྟོང་འབར་བའི་ལེའུ་ཞིག་བརྩམས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་དབུལ་སྐྱོར་གསར་སྤེལ་ལས་དོན་དེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གཙོ་གནད་ལས་དོན་ཞིག་ལ་བརྩི་བ་དང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་གནད་སྨིན་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་ལམ་བུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཡོད།
རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་དེ་དཀའ་ཚེགས་ཆེན་པོ་འཕྲད་པའི་དུས་དང་འགག་སྒྲོལ་མཐའ་མའི་གདོང་མཆོང་བྱེད་པའི་དུས་སུ་སླེབས་ཡོད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱི་དབུལ་པོའི་གཞི་ཁྱོན་སྔར་བཞིན་ཆེན་པོ་ཡོད་པ་དང་དེ་བྱིངས་དབུལ་ཞིང་ཕོངས་ཚད་ཟབ་ཙམ་ཡོད་པས་དབུལ་པོ་ཉུང་གཏོང་གི་མ་གནས་དེ་བས་མཐོ་བ་དང་དབུལ་སྒྲོལ་གྱི་དཀའ་གནད་དེ་བས་ཆེ་བ་ཡོད། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་དབུལ་པོ་ཁྲི་7000ལྷག་ཙམ་དབུལ་ཕོངས་ལས་སྒྲོལ་བའི་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་དུས་ཚོད་ཧ་ཅང་ཛ་དྲག་པ་དང་ལས་འགན་ཧ་ཅང་ལྕི་པོ་ཡོད། ངེས་པར་དུ་ད་ཡོད་ཀྱི་རྨང་གཞིའི་ཐོག་དབུལ་སྐྱོར་གསར་སྤེལ་གྱི་བསམ་ཕྱོགས་དང་ཐབས་ཤེས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་འགག་སྒྲོལ་དམག་འཐབ་དེ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱེད་དགོས།
དབུལ་སྐྱོར་གསར་སྤེལ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་འབྲེལ་བ་དང་། མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་གཏོང་རྒྱུ་དང་འབྲེལ་བ། རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ། རང་རྒྱལ་གྱི་རྒྱལ་སྤྱིའི་གཟུགས་བརྙན་དང་འབྲེལ་བ་བཅས་རེད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱ་རྒྱུ་ནི་མི་དམངས་ཡོངས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་་བསམ་པ་བཅས་ཆེ་རུ་ཏན་ཏིག་བཏང་ནས་བསམ་བློའི་ངོས་འཛིན་དོན་ཐོག་ཏུ་མི་འཁྱོལ་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་མེད་པ། ལས་ཀའི་བྱ་ཐབས་དོན་འཁྱོལ་མི་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ལས་འགན་ལ་ངོ་གནོང་མི་དགོས་པ་དང་འགན་འཁྲི་འཁུར་ཕོད་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་ནང་གི་མངོན་གསལ་དོད་པའི་མི་འདང་ས་གང་མྱུར་གསབ་ནས། ས་ཁུལ་དང་མི་རིགས་གཅིག་ཀྱང་མ་ལུས་པ་བྱས་ནས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོའི》གཏན་འཁེལ་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས།
གཉིས།དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་སྤྱིའི་བླང་བྱ།
(གཅིག) མཛུབ་ཁྲིད་བསམ་བློ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་དེ་གཞི་རྩའི་འཐབ་ཇུས་ལ་བརྩིས་ནས་དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་རོགས་སྐྱོར་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གསར་སྤེལ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས། དབུལ་སྐྱོར་གསར་སྤེལ་དང་སྣོད་བཅུད་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་ལེན་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་ཚད་བརྒལ་བྱ་ཐབས་སྤྱོད་པ། ཉམས་སད་ཐེག་ཐུབ་པའི་ཐབས་ཤེས་འདོན་པ་བཅས་བྱས་ཏེ་ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
(གཉིས) སྤྱིའི་དམིགས་ཚད།
2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་འགན་ལེན་ཡོད་པ་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཙམ་སླེབས་ཐུབ་པ་བྱེད་དགོས། རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་དབུལ་སྒྲོལ་ཐུབ་པ་དང་དབུལ་ཕོངས་རྫོང་ཚང་མའི་ཞྭ་མོ་འབུད་རྒྱུ་འགན་ལེན་བྱས་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་དགོས།
(གསུམ) གཞི་རྩའི་རྩ་དོན།
—— ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་ཁྱོན་ཡོངས་ཀྱི་གནས་ཚུལ་བློ་ལ་ཆུད་པ་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གཙོ་འགན་འཁུར་མཁན་གྱི་འགན་འཁྲིའི་ལམ་ལུགས་ལག་་བསྟར་ཏན་ཏིག་དང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དེ་མང་ཚོགས་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས།
—— སྲིད་གཞུང་གི་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས། སྲིད་གཞུང་གི་འགན་འཁྲི་ཆེ་རུ་བཏང་ནས་ཁྲོམ་རར་སྣེ་ཁྲིད་དང་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ངང་ནུས་ཤུགས་བཏོན་ནས་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་ཀྱིས་དབུལ་སྐྱོར། སྤྱི་ཚོགས་ཀྱིས་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་བྱེད་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་འཛུགས་དགོས།
—— གནད་སྨིན་དབུལ་སྐྱོར་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་གྱི་ཕན་འབྲས་མཐོ་རུ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་གྱི་འགག་རྩ་གནད་སྨིན་དང་གཙོ་གནད་གནད་སྨིན་ལ་ཐུག་པས་སུ་ལ་རོགས་སྐྱོར་བྱེད་པ་དང་། སུས་རོགས་སྐྱོར་བྱེད་པ། རོགས་སྐྱོར་ཇི་ལྟར་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དབུལ་ཕོངས་ངོ་མར་རོགས་སྐྱོར་བྱེད་པ་དང་། དབུལ་པོར་རོགས་སྐྱོར་ངོ་མ་བྱེད་པ། དབུལ་སྒྲོལ་ངོ་མ་ཐུབ་པ་བཅས་བྱས་ནས་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱུན་སྲིང་རང་བཞིན་མཐོ་རུ་ཏན་ཏིག་བཏང་སྟེ་དབུལ་པོའི་མི་འབོར་ལ་ཕན་པ་ཐོབ་པའི་ཚོར་སྣང་དེ་བས་མང་བ་ཡོང་བ་བྱེད་དགོས།
—— སྣོད་བཅུད་སྲུང་སྐྱོང་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཡོང་བ་བྱེད་དགོས། ཆུ་མོ་དྭངས་ལ་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྣོད་བཅུད་སྲུང་སྐྱོང་སྔོན་སྤེལ་གྱི་གནས་བབ་ཏུ་འཇོག་པ་དང་དབུལ་སྐྱོར་གསར་སྤེལ་ཐད་སྣོད་བཅུད་བློས་གཏོང་རྒྱུ་རིན་དོད་དུ་མི་བྱེད་པར་སྣོད་བཅུད་དབུལ་སྒྲོལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས། དབུལ་པོའི་མི་འབོར་ལ་རྣམས་སྣོད་བཅུད་འཛུགས་སྐྱོང་དང་ཉམས་གསོའི་ནང་ནས་ཕན་འབྲས་དེ་བས་མང་བ་ཐོབ་ཐབས་བྱེད་དགོས།
—— མང་ཚོགས་བྱེད་པོ་ཡིན་པ་མཐའ་འཁྱོངས་བྱས་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བྱེད་དགོས། གསར་སྤེལ་རྣམ་པའི་དབུལ་སྐྱོར་ལ་མུ་མཐུད་སྐུལ་མ་བཏང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་རང་ངོས་འབད་བརྩོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ། ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དབུལ་པོའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་པས་འདེགས་སྐྱོར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དབུལ་པོའི་མི་འབོར་གྱི་རང་རང་སོ་སོའི་འཕེལ་ནུས་ཆེ་རུ་གཏོང་དགོས།
—— ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོར་འཇོག་པ་དང་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་གཏོད་བྱས་ཏེ“ཆུ་འཚོས་པོ་གཏོང་རྒྱུ”དེ“གནད་སྨིན་ཐིགས་གཏོང”ལ་འགྱུར་ལྡོག་གཏོང་བ་དང་། དབུལ་སྐྱོར་ཐོན་ཁུངས་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱས་ཏེ་སྣ་མང་ཁ་ཐོར་ནས་གཅིག་འདོམས་གཅིག་སྡུད་བར་འགྱུར་ལྡོག་གཏོང་བ། དབུལ་སྐྱོར་གསར་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ་གཞན་སྐྱོར་ལ་སྣང་ཆེན་བྱེད་པ་ནས་རང་འཕེལ་ལ་སྣང་ཆེན་བྱེད་པའི་བར་འགྱུར་ལྡོག་གཏོང་བ། དབུལ་སྐྱོར་དཔྱད་དཔོག་མ་ལག་གསར་གཏོད་བྱས་ཏེ་དཔྱད་ཞིབ་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལ་གཙོ་གནད་དུ་མཐོང་ཆེན་བྱེད་པ་ནས་དབུལ་སྒྲོལ་གྲུབ་འབྲས་ལ་གཙོ་བོར་དཔྱད་ཞིབ་བྱེད་པའི་བར་འགྱུར་ལྡོག་གཏོང་བ་བཅས་བྱེད་དགོས།
གསུམ། གནད་སྨིན་དབུལ་སྐྱོར་ཇུས་གཞི་ལག་བསྟར་བྱས་ནས་དབུལ་པོར་གནད་སྨིན་དབུལ་སྒྲོལ་བྱེད་ཚད་མགྱོགས་སུ་གཏོང་དགོས།
(བཞི) གནད་སྨིན་དབུལ་སྐྱོར་ལས་དོན་གྱི་ལམ་སྲོལ་འཛུགས་དགོས། གནད་སྨིན་དབྱེ་འབྱེད་དང་ཡིག་ཚགས་དང་གཱ་བཟོ་བའི་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་ཡག་པོ་འདིང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་ཅན་རིམ་གྱིས་མངོན་འགྱུར་བྱ་ཆེད་ཆ་རྐྱེན་གཏོད་དགོས། རོགས་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། དུད་ཁྱིམ་དུ་བྱེད་ཐབས་དོན་འཁྱོལ་གནད་སྨིན། གྲོང་ཚོར་མི་མངགས་གཏོང་བྱ་རྒྱུ་གནད་སྨིན། དབུལ་སྒྲོལ་ཕན་འབྲས་གནད་སྨིན་བཅས་ཀྱི་བླང་བྱ་གཞིར་བཟུང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་ཁྲོད་ཀྱི་མི་ཁྲི་5000ཙམ་ཐོན་ལས་རོགས་སྐྱོར་དང་། ལས་ཞུགས་གཞན་སྒྱུར། ཡུལ་གཞན་དུ་གནས་སྤོས། སློབ་གསོའི་རྒྱབ་སྐྱོར། སྨན་བཅོས་རོགས་སྐྱོབ་སོགས་བྱེད་ཐབས་བརྒྱུད་དབུལ་སྒྲོལ་མངོན་འགྱུར་ཐུབ་པ་དང་། དེ་བྱིངས་ཀྱི་ངལ་རྩོལ་ནུས་པ་རྦད་དེ་ཉམས་པའམ་ཡང་ན་ཆ་ཤས་ཉམས་པའི་དབུལ་པོའི་མི་འབོར་ལ་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱི་མཐའ་སྐྱོར་དབུལ་སྒྲོལ་ལག་བསྟར་བྱེད་དགོས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་གྲོང་ཚོ་དང་། དབུལ་པོའི་དུད་ཚང་། དབུལ་པོའི་མི་འབོར་ལ་དུས་བཀག་ནང་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་རྩིས་ཐོ་བཟོས་ནས་ཕར་འགྲོ་ཚུར་འོང་ཐུབ་པའི་སྟབས་བསྟུན་དོ་དམ་ལག་བསྟར་བྱེད་དགོས། དབུལ་རྐྱེན་དང་དབུལ་སྒྲོལ་གྱི་དགོས་མཁོ་གཞིར་བཟུང་དབུལ་པོའི་མི་འབོར་ལ་རིགས་དབྱེའི་རོགས་སྐྱོར་ལག་བསྟར་བྱེད་དགོས། དབུལ་པོའི་དུད་ཚང་གི་དབུལ་སྒྲོལ་གཏན་འཁེལ་ལམ་སྲོལ་འཛུགས་པ་དང་། དབུལ་སྒྲོལ་ཐུབ་པའི་ཞིང་དུད་ལ་དུས་ཚོད་ངེས་གཏན་ནང་ཁོང་ཚོར་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་ལོངས་སུ་སྤྱོད་དུ་བཅུག་ནས། དབུལ་སྒྲོལ་བྱེད་ཀྱིན་དུ་དབུལ་པོའི་གནས་སུ་བསྐྱར་ལོག་བྱེད་པའི་སྣང་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ནས་ཁོངས་སུ་བཅུག་དགོས་རིགས་བཅུག་པ་དང་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་བྱེད་དགོས། གང་འགྱོགས་ངང་དོ་ནན་དང་། ཚད་ལྡན། ཡོངས་བསྒྲགས་བཅས་ཀྱི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཕྱིར་འཐེན་བྱེད་པའི་ཚད་གཞི་དང་། བརྒྱུད་རིམ། ཞིབ་བཤེར་བྱེད་ཐབས་བཅས་བཟོས་ནས། གཙོ་གནད་རྫོང་ཕྱིར་འཐེན་བྱེད་པར་རྫོང་གིས་རེ་འདུན་ཞུ་བ་དང་། གྲོང་ཁྱེར(ས་ཁུལ)གྱིས་ཐོག་མའི་ཞིབ་བཤེར་བྱེད་པ། ཞིང་ཆེན་རིམ་པས་ཞིབ་བཤེར་གཏན་འབེབས་བྱེད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་ལ་ཐོ་འགོད་སྙན་སེང་ཞུ་བ་བཅས་བྱེད་དགོས། གཙོ་གནད་རྫོང་ཕྱིར་འཐེན་བྱས་རྗེས་འགག་སྒྲོལ་དུས་མཚམས་སུ་རྒྱལ་ཁབ་ཀྱི་སྔར་ཡོད་དབུལ་སྐྱོར་སྲིད་ཇུས་འགྱུར་བ་མི་གཏོང་བ་དང་འགག་སྒྲོལ་དུས་མཚམས་རྗེས་ཀྱི་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་བཟོ་རྒྱུར་དམ་འཛིན་བྱེད་དགོས། དབུལ་སྐྱོར་ལས་དོན་ཕན་འབྲས་ལ་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་དབུལ་སྐྱོར་བློ་ཡིད་ཚིམ་ལ་ཚད་བརྟག་དཔྱད་ལས་དོན་སྤེལ་བ། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་དབུལ་སྐྱོར་ཕན་འབྲས་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། གནད་སྨིན་དབུལ་སྐྱོར་གྱི་ཕན་འབྲས་ལ་གདེང་འཇོག་བྱེད་པར་དབུལ་སེལ་གྲངས་འབོར་ལ་བལྟ་དགོས་པ་མ་ཟད། དབུལ་སྒྲོལ་སྤུས་ཚད་ལའང་བལྟ་དགོས། དོན་དངོས་དང་མི་འཚམས་པའི་དམིགས་ཚད་མི་འདོན་པ་དང་། “དབུལ་སྒྲོལ་གྲངས་གཞི”རྫུན་བཟོ་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
(ལྔ) ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད་བཟོ་དགོས། ཆེད་དོན་སྲིད་ཇུས་བཟོ་བ་དང་། ཞིང་འབྲེལ་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱེད་པ། གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་སོགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གྲོང་ཚོ་དབུལ་པོར“གྲོང་ཚོ་རེར་སྤུས་རྟགས་རེའི”ཐོན་ལས་སྐུལ་འདེད་བྱ་སྤྱོད་ལག་བསྟར་བྱེད་པ་དང་དབུལ་པོའི་མི་འབོར་ཞུགས་མང་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་གཅིག་བསྐྲུན་རྒྱུར་རོགས་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོའི་ཞིང་པའི་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དབུལ་པོར་སྒྲིག་འཛུགས་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། དེ་དང་དབུལ་པོའི་དུད་ཚང་གི་ཁེ་ཕན་འབྲེལ་བའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ས་ཁུལ་དབུལ་པོར་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དབུལ་པོའི་དུད་ཚང་དེ་བས་མང་བར་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་དང་རིན་ཐང་འཁོར་འབྲེལ་གནས་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་སྤུས་རྟགས་ཀྱི་འོས་སྦྱོར་གཉེར་འཚོང་གི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་ཁྱད་ལྡན་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་དབུལ་སྐྱོར་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས། ས་ཁུལ་དབུལ་པོའི་ཆུ་གློག་དང་། རྡོ་སོལ། སྣུམ་རླངས་སོགས་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པ་དང་། ལུགས་མཐུན། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གསར་སྤེལ་བྱས་ནས་ཐོན་ཁུངས་གསར་སྤེལ་ཕན་འབྲས་ཀྱི་བགོ་བཤའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། ཆུ་གློག་ཕན་འབྲས་ཀྱི་མཉམ་སྤྱོད་ལམ་སྲོལ་འཚོལ་ཞིབ་བྱས་ནས་གློག་བཏང་ནས་བྱུང་བའི་མ་དངུལ་རྣམས་སྔོན་ལ་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མི་དང་མཛོད་ཁུལ་གྱི་རྗེས་མཐུད་འཕེལ་རྒྱས་ཐད་སྤྱོད་དགོས། ཀྲུང་དབྱང་གི་ཁེ་ལས་དང་དམངས་གཉེར་ཁེ་ལས་སོ་སོར་ས་ཁུལ་དབུལ་པའི་ཐོན་ལས་མ་དངུལ་ཐེབས་རྩ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁྲོམ་ར་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་ནས། ཐེབས་རྩ་དེ་དག་ས་ཁུལ་དབུལ་པོར་ཐོན་ཁུངས་གསར་སྤེལ་དང་། ཐོན་ལས་གླིང་ཁུལ་འཛུགས་སྐྱོང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་འཕེལ་རྒྱས་སོགས་ནང་ཁེ་ལས་འགུག་པའི་ཐད་སྤྱོད་དགོས།
(དྲུག) ངལ་ནུས་ཕྱིར་གཏོང་ལ་ཁྲིད་སྟོན་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། ངལ་ནུས་ཕྱིར་གཏོང་གི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིགས་ཁག་གི་གསོ་སྦྱོང་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱེད་པ། ལས་ཞུགས་ཀྱིས་ཁྲིད་སྟོན་བྱས་ནས་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལས་རིགས་རྩལ་ནུས་ཀྱི་མཐོར་གཏོང་འཆར་གཞི་དང་དུད་ཚང་དབུལ་པོའི་སློབ་གསོའི་གསོ་སྦྱོང་འདུ་འགོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་དབུལ་སྐྱོར་དང་ལས་རིགས་སློབ་གསོ་ཟུང་འབྲེལ་བྱ་རྒྱུར་ཁྲིད་སྟོན་བྱས་ནས། ལས་རིགས་སློབ་གླིང་དང་སློབ་གྲྭ་དང་ལག་རྩལ་བཟོ་པའི་སློབ་གྲྭས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་བསྡུ་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱས་ནས། ཁྱིམ་ཚང་དབུལ་པོའི་ངལ་ནུས་ཀྱིས་ཉུང་མཐར་ཡང་ཕྱུག་འགྱུར་རྩལ་ནུས་གཅིག་ཁོང་དུ་ཆུད་པ་བྱས་ནས་རྩལ་ནུས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་རྒྱུ་འགན་ལེན་བྱེད་དགོས། ལས་ཞུགས་ཆེད་དངུལ་ས་ཁུལ་དབུལ་པོར་སྤོ་སྒྱུར་གཏོང་སྤྲོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོར་རྫོང་དང་ཤང་གི་གཞི་རིམ་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྟེགས་བུ་གཏོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མི་སྤྱོད་ཁེ་ལས་ཀྱིས་ས་ཁུལ་དབུལ་པོར་ངལ་ནུས་གསོ་སྦྱོང་རྟེན་གཞི་བསྐྲུན་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་པ། མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་ལས་དོན་སྤེལ་བ། ཕྱིར་གཏོང་ཁུལ་དང་ནང་འདྲེན་ཁུལ་གྱི་ངལ་ནུས་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ས་གནས་ཀྱིས་ཞིང་ཆེན་ལས་བརྒལ་ནས་ལས་མི་བྱེད་པར་འགྲོ་མཁན་གྱི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་འགྲིམ་འགྲུལ་ཁ་གསབ་སྤྲོད་རྒྱུའི་སྐུལ་ལྕག་གཏོང་དགོས། ཁྱིམ་ལས་ཞབས་ཞུ་དང་། ཟོག་འགྲེམས་སྡེབ་སྐྱེལ། རྒན་གསོའི་ཞབས་ཞུ་སོགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ས་ཁུལ་དབུལ་པོའི་ངལ་ནུས་ཕྱིར་གཏོང་ལས་ཞུགས་བར་སྟོང་རྒྱ་ཆེར་གཏོང་དགོས། ས་ཁུལ་དབུལ་པོའི་ཞིང་པ་ལས་མིར་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་རྡལ་དུ་ལས་ཀ་བྱེད་པ་དང་འཚོ་བ་བསྐྱལ་ནས་ལོ་གཅིག་ཡན་སོང་བའི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་ནང་འདྲེན་ཁུལ་སྲིད་གཞུང་གིས་དེ་མཚུངས་ཀྱི་རོགས་སྐྱོར་འགན་འཁྲི་འཁུར་དགོས་པ་དང་འབྲེལ། གཞི་རྩའི་སྤྱི་པའི་ཞབས་ཞུ་སྔོན་ལ་མཁོ་འདོན་བྱས་ནས་གྲོང་རྡལ་དུ་བརྟན་པོའི་ངང་ལས་ཞུགས་དང་འཚོ་བ་སྐྱེལ་ཐུབ་པའི་འཇོན་ཐང་ཡོད་པའི་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་གོ་རིམ་ལྡན་པའི་ངང་གྲོང་མི་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས།
(བདུན) གནས་སྤོས་ལག་བསྟར་བྱས་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། འཚོ་གནས་ཆ་རྐྱེན་ཞན་པ་དང་། སྣོད་བཅུད་ཁོར་ཡུག་ཞན་པ། རང་བྱུང་གནོད་འཚེ་ཡང་ཡང་ཐོན་པ་སོགས་ས་ཁུལ་གྱི་གྲོང་གསེབ་ཀྱི་དབུལ་པོར་དབུལ་སྐྱོར་གནས་སྤོས་འདུ་འགོད་མགྱོགས་མྱུར་ལག་བསྟར་བྱེད་དགོས། མང་ཚོགས་རང་མོས་ཡིན་པ་དང་། དགེ་མཚན་ལྡན་པ། བརྟན་པོ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གནས་སྤོས་བཀོད་སྒྲིག་བྱེད་སྟངས་ལག་བསྟར། སྡོད་ཁང་འཛུགས་སྐྲུན་གྱི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། གནས་སྤོས་རྗེས་མཐུད་ཀྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ། གནས་སྤོས་བྱ་ཡུལ་དུ་ལས་ཞུགས་བྱེད་ས་ཡོད་པ་དང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་རྒྱུ་འགན་ལེན་བྱེད་པ། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་དཔེ་གསར་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དབུལ་སྐྱོར་གནས་སྤོའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱེད་པ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་དང་བཟོ་ལས་གླིང་ཁུལ་ལ་བརྟེན་ནས་གནས་སྤོའི་མང་ཚོགས་བཀོད་སྒྲིག་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། ཁོང་ཚོར་མགྱོགས་མྱུར་ལས་ཞུགས་གཞན་སྒྱུར་ཐུབ་རྒྱུ་མངོན་འགྱུར་ཡོང་རོགས་བྱེད་པ། ས་གནས་དེ་གའི་མང་ཚོགས་དང་འདྲ་མཉམ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་འཇོག་དང་ས་གནས་ཀྱི་རིམ་ཁག་སྲིད་གཞུང་གི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་བསྡུ་སྒྲིལ་ལམ་སྲོལ་གསར་གཏོད་བྱེད་པ། མ་དངུལ་ཡོང་ཁུངས་ཐབས་ལམ་རྒྱ་ཆེར་གཏོང་བ། ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱེད་དགོས། འགྲིམ་འགྲུལ་འཛུགས་སྐྲུན་དང་། ཞིང་ཁའི་ཆུ་བེད། ས་ཞིང་བཅོས་སྒྲིག ས་གཤིས་གནོད་འཚེ་འགོག་བཅོས། ནགས་ལས་སྣོད་བཅུད་སོགས་ཞིང་སྐྱོར་མ་དངུལ་དང་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་ཧུར་ཐག་བྱས་ནས་བཀོད་སྒྲིག་ཁུལ་གྱི་ལེ་ལག་ཚང་བའི་སྤྱི་པའི་སྒྲིག་ཆས་འཛུགས་སྐྲུན་དང་གནས་སྤོས་ཁུལ་གྱི་སྣོད་བཅུད་ཉམས་གསོར་རྒྱབ་སྐྱོར་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ས་སྤྱོད་འཐེན་སྣོན་ཟུང་འབྲེལ་སྲིད་ཇུས་སྤྱད་ནས་དབུལ་སྐྱོར་གནས་སྤོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཆ་རྐྱེན་དང་མཐུན་པའི་གནས་སྤོས་དུད་ཚང་ལ་སྡོད་ཁང་འཛུགས་སྐྲུན་དང་། ཐོན་སྐྱེད། ལས་གཏོད་སྐྱེད་སྤྲོད་དངུལ་བུན་བཅས་ཀྱི་རྒྱབ་སྐྱོར་བྱེད་དགོས། གནས་སྤོས་བཀོད་སྒྲིག་ས་ཚིགས་ལ་སྡེ་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་ཏེ་གནས་སྤོས་དུད་ཚང་གི་རྒྱུ་ནོར་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་དགོས། ཞིང་པ་གྲོང་ཁྱེར་དུ་བསྐྱོད་ནས་གཞིས་ཆགས་རྗེས་རང་མོས་ངང་སྐྱིན་ཚབ་ཡོད་པའི་ཕྱིར་ལོག་བྱས་པའི་གྲོང་གསེབ་ཀྱི་བེད་མེད་དུ་བཞག་པའི་ཁང་པ་དང་ས་ཞིང་སྤྱད་དེ་གནས་སྤོས་ཞིང་དུད་བཀོད་སྒྲིག་བྱ་རྒྱུ་འཚོལ་ཞིབ་བྱེད་དགོས།
(བརྒྱད) སྣོད་བཅུད་སྲུང་སྐྱོང་དང་ཟུང་འབྲེལ་བྱས་ནས་དབུལ་སྒྲོལ་བྱེད་དགོས། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་རྨོ་བསྐྱུར་ནགས་གསོ་རྩྭ་གསོ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། འགོག་སྲུང་ནགས་ཚལ་འཛུགས་སྐྲུན། བྱེ་རྡོ་ཅན་ལེགས་བཅོས། བྱེ་འགོག་བྱེ་བཅོས། འདམ་ར་སྲུང་སྐྱོང་དང་སླར་གསོ། རི་ཞིང་དང་རྨོ་ཞིང་ཕྱོགས་བསྡུས་བཅོས་སྐྱོང་། སྐྱས་སྤོས་རྩྭ་གསོ། ཆུའི་སྣོད་བཅུད་བཅོས་སྐྱོང་སོགས་སྣོད་བཅུད་འདུ་འགོད་གལ་ཆེན་དག་གི་་རྣམ་གྲངས་དང་མ་དངུལ་བཀོད་སྒྲིག་ཐད་ས་ཁུལ་དབུལ་པོའི་མི་འབོར་ལ་སྔར་བས་གཟིགས་སྐྱོང་བྱས་ནས་དབུལ་པོའི་ཞུགས་ཚད་དང་ཕན་འབྲས་ཐོབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་སྣོད་བཅུད་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞི་འཛུགས་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་སྣོད་བཅུད་མ་དངུལ་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱས་ནས། སྣོད་བཅུད་ཁ་གསབ་དང་སྣོད་བཅུད་སྲུང་སྐྱོང་འདུ་འགོད་མ་དངུལ་སྤྱད་ནས་ས་གནས་དེ་གའི་ངལ་རྩོལ་ནུས་ཤུགས་ཡོད་པའི་དབུལ་པོའི་མི་འབོར་ཁག་གཅིག་ནགས་སྲུང་བ་སོགས་སྣོད་བཅུད་སྲུང་སྐྱོང་མི་སྣར་བསྒྱུར་དགོས། ས་ཁུལ་དབུལ་པོའི་གཞི་རྩའི་ཞིང་ཁ་ཡོད་པའི་དམིགས་ཚད་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ་དང་ས་ཁུལ་དབུལ་པོའི་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་རྩྭ་གསོ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་སྣོད་བཅུད་ཕྱོགས་བསྡུས་ཁ་གསབ་ཀྱི་ཚོད་ལྟ་བྱེད་པ་དང་། སྤྱི་ཕན་ནགས་ཚལ་ཁ་གསབ་ཀྱི་ཚད་གཞི་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ས་ཁུལ་དབར་འདྲ་མཚུངས་ཀྱི་སྣོད་བཅུད་ཁ་གསབ་ལམ་ལུགས་འཛུགས་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས།
(དགུ) སློབ་གསོའི་དབུལ་སྒྲོལ་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོའི་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་དུད་ཚང་དབུལ་པོའི་བུ་ཕྲུག་ཚང་མས་དྲང་གཞག་དང་སྤུས་ཚད་ལོན་པའི་སློབ་གསོ་དང་ལེན་བྱེད་ཐུབ་པ་བྱས་ནས་དབུལ་པོ་མི་རབས་བར་ཁྱབ་རྒྱུ་འགོག་དགོས། རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་གྱིས་ས་ཁུལ་དབུལ་པོ་དང་རྨང་གཞིའི་སློབ་གསོར་གཟིགས་སྐྱོང་བྱེད་དགོས། སློབ་ཞུགས་གོང་གི་སློབ་གསོའི་མ་དངུལ་རོགས་རམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་དུད་ཚང་དབུལ་པོའི་བྱིས་པར་སློབ་ཞུགས་གོང་གི་སློབ་གསོ་དང་ལེན་བྱ་རྒྱུར་རོགས་རམ་བྱེད་དགོས་པ་དང་། དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཐོག་དམིགས་བསལ་ལས་གནས་འཆར་གཞི་དང་། རྒྱལ་ཁབ་ཀྱི་གསོ་སྦྱོང་འཆར་གཞི་དེ་ས་ཁུལ་དབུལ་པོའི་གཞི་རིམ་ལ་ཕྱོགས་ནས་ས་ཁུལ་དབུལ་པོའི་གྲོང་གསེབ་སློབ་གྲྭར་ཡིན་རིང་དུ་གཞིས་ཆགས་པའི་གཅིག་མཁས་མང་འཇོན་དགེ་རྒན་དམིགས་བཀར་གསོ་སྐྱོང་བྱེད་པ་དང་། གཞི་རིམ་གྱི་དངོས་ཡོད་དང་འཚམ་པའི་དགེ་རྒན་གདན་ཞུ་ནང་འདྲེན་བྱེད་ཐབས་བཟོ་བ། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་གྲོང་གསེབ་དགེ་རྒན་གྱི་ཁ་གསབ་ལམ་སྲོལ་འཛུགས་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་དབར་འགྲོ་འོང་ལུགས་མཐུན་དང་ཁ་གཏད་རོགས་སྐྱོར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཡུག་འབྲེལ་དམིགས་བསལ་ས་ཁུལ་དབུལ་པོའི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་ཁར་གྲོང་གསེབ་དགེ་རྒན་གྱི་གཟི་བརྗིད་མཚན་སྙན་ལམ་ལུགས་འཛུགས་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ཏེ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། བླང་བྱ་ནན་པོ་འདོན་པ། སྤྱོད་ཚུལ་ཏན་ཏིག་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་འགོ་ནས་མཇུག་བར་ཁྱབ་པ་བྱེད་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་སློབ་གྲྭ་ཆུང་འབྲིང་བཀོད་སྒྲིག་ལུགས་མཐུན་བྱས་ཐོག་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འོས་འགན་སློབ་གསོ་ཇེ་བརྟན་དུ་གཏོང་དགོས། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བར་ཡིག་ཚགས་དང་གཱ་བཟོས་ཚར་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་མཐོ་འབྲིང་དཀྱུས་མའི་སློབ་གྲོན་ཙག་ཙིག་དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲོན་ཙག་ཙིག་རྩ་ཆག་གཏོང་རྒྱུ་སྔོན་ལ་ལག་བསྟར་བྱས་ཏེ། མཐོ་འབྲིང་དཀྱུས་མར་རྒྱུགས་མ་འཕྲོད་པའི་དམའ་འབྲིང་སློབ་ཐོན་སློབ་མ་ཚང་མས་འབྲིང་རིམ་ལས་རིགས་སློབ་གསོ་དང་ལེན་ཐུབ་པ་བྱེད་དགོས། ཆེད་ལས་ཀྱི་ཁྱད་ཆོས་ལྡན་ལ་ཁྲོམ་རའི་དགོས་མཁོ་དང་འཚམ་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་སློབ་རོགས་མ་དངུལ་ཚད་གཞི་མཐོ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་དམིགས་བསལ་སློབ་གསོ་དང་རྒྱང་ཁྲིད་སློབ་གསོ་ཧུར་ཐག་གཉེར་དགོས། གྲོང་གསེབ་དང་ས་ཁུལ་དབུལ་པོའི་སློབ་མ་ཚོ་གཙོ་གནད་མཐོ་སློབ་ཏུ་འགྲོ་ཐུབ་པ་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་ནས་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་སྐྱོབ་བྱེད་ཤུཌ་ཆེ་རུ་གཏོང་དགོས། སློབ་གྲྭ་ཐོན་ནའང་ལས་ཞུཌ་མ་ཐུབ་པའི་ཁྱིམ་ཚང་དབུལ་པོའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུཌ་རྒྱབ་སྐྱོར་མཁོ་འདོན་བྱེད་དགོས། སློབ་གསོའི་དབུལ་སྐྱོར་ཆ་སྒྲིག་རོཌ་སྐྱོར་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་དགོས།
(བཅུ)སྨན་བཅོས་འགན་བཅོལ་དང་སྨན་བཅོས་རོགས་སྐྱོབ་དབུལ་སྒྲོལ་བྱེད་སྒོ་སྤེལ་དགོས། བདེ་ཐང་དབུལ་སྐྱོར་འདུ་འགོད་སྤེལ་ནས་མི་འབོར་དབུལ་པོས་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་ནད་གཞི་ཕོག་ནས་དབུལ་པོ་ཆགས་པ་དང་ནད་གཞི་ཕོག་ནས་བསྐྱར་དུ་དབུལ་པོ་ཆགས་རྒྱུ་སྔོན་འགོག་ཧུར་ཐག་བྱེད་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པར་ཞུགས་པའི་མི་འབོར་དབུལ་པོ་རང་ཉིད་ཀྱིས་སྤྲོད་དགོས་པའི་ཆ་དེ་ནོར་སྲིད་ཀྱིས་ཁ་གསབ་སྤྲོད་དགོས། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་དང་ནད་ཆེན་འགན་བཅོལ་ལམ་ལུགས་ཐད་མི་འབོར་དབུལ་པོ་ཚོར་སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་ནས་སྒོ་བསྟེན་གཅིག་གྱུར་འཆར་འགོད་ཀྱིས་ས་ཁུལ་དབུལ་པོ་ཚང་མར་སྔོན་ལ་ཁྱབ་པར་བྱེད་དགོས་པ་མ་ཟད། མི་འབོར་དབུལ་པོའི་ནད་ཆེན་བཅོས་པའི་གཏོང་གྲོན་དམའ་རུ་བཏང་ནས་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་གསར་པ་དང་ནད་ཆེན་འགན་བཅོལ་གྱིས་རྩིས་ཞུ་བྱས་རྗེས་རང་ཉིད་ཀྱིས་སྤྲོད་དགོས་པའི་ཆ་ད་དུང་སྤྲོད་དཀའ་རིགས་ལ་སྨན་བཅོས་རོགས་སྐྱོབ་དང་། གནས་སྐབས་རོགས་སྐྱོབ། དགེ་སྒྲུབ་རོགས་སྐྱོབ་སོགས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། མི་འབོར་དབུལ་པོ་ཚང་མ་ནད་ཆེན་དང་ནད་གཞི་ཤིན་ཏུ་ཚབས་ཆེན་གྱི་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་སྟེ་མི་འབོར་དབུལ་པོའི་ནད་ཆེན་སྨན་བཅོས་བྱེད་རྒྱུ་འགན་ལེན་ནུས་ལྡན་བྱེད་དགོས། གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་དྲག་སྐྱེད་ཞབས་ཞུ་དང་སྨན་བཅོས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མ་ཟད། གཞི་རྩའི་སྨན་བཅོས་འགན་བཅོལ་ཁྱབ་ཁོངས་ནང་བཅུག་པའི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་དྲག་སྐྱེད་རྣམ་གྲངས་མང་དུ་གཏོང་དགོས། མི་འབོར་དབུལ་པོའི་བདེ་ཐང་གཱ་བཟོ་དགོས། མི་འབོར་དབུལ་པོའི་ནད་ཆེན་ལ་ཆ་མཚོན་ན། རིགས་ཕྱེ་ནས་སྐྱོབ་བཅོས་དང་སྨན་བཅོས་བྱས་རྗེས་སྨན་རིན་སྤྲོད་པའི་བསྡོམས་རྩིས་ལམ་སྲོལ་ལག་བསྟར་བྱེད་དགོས། རྒྱལ་ཡོངས་ཀྱི་རིམ་པ་ཀ་པ་གསུམ་པའི་སྨན་ཁང(དམག་དཔུང་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྨན་ཁང་ཚུད་པ)དང་ཡུག་འབྲེལ་དམིགས་བསལ་ས་ཁུལ་དབུལ་པོའི་རྫོང་དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་རྫོང་རིམ་པའི་སྨན་ཁང་དབར་ལ་གཅིག་རོགས་གཅིག་གི་འབྲེལ་བ་ཞིག་ཆགས་པ་བྱེད་དགོས། ས་ཁུལ་དབུལ་པོའི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་བ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་འགན་ལེགས་པར་བསྒྲུབས་ནས་རྒྱང་རིང་སྨན་བཅོས་དང་འཕྲོད་སྦྱོར་བློ་འདྲི་ཞབས་ཞུ་དེ་ས་ཁུལ་དབུལ་པོའི་བར་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ས་ཁུལ་དབུལ་པོའི་རྫོང་དང་ཤང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་མངགས་ཐོ་གཞིར་བཟུང་། ཁ་ཕྱོགས་གཏན་འཁེལ་གྱིས་གསོ་རིག་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མ་སློབ་ཡོན་མི་དགོས་པར་གསོ་སྐྱོང་བྱེད་དགོས་པ་དང་། ས་ཁུལ་དབུལ་པོར་རྒྱབ་སྐྱོར་བྱས་ནས་མཁོ་ཆོད་སྨན་པ་དང་ཆེད་ལས་ཚན་ཁག་གི་སྨན་པའི་ཆེད་འཛུགས་ལས་གནས་འཆར་གཞི་ལག་ལེན་བསྟར་དགོས། གཞི་རིམ་གྱི་དོན་དངོས་དང་མཐུན་པའི་ཤེས་ལྡན་པ་གདན་ཞུ་ནང་འདྲེན་གྱི་བྱ་ཐབས་བཟོ་དགོས། ཆ་རྐྱེན་དང་མཐུན་པའི་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་སྨན་པ་གཏན་འབེབས་གཞིར་བཟུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་རྒྱུར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ་ས་ཁུལ་དབུལ་པོའི་འགོ་ནད་དང་། ཡུལ་ནད། གཅོང་ནད་སོགས་ཀྱི་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་དབུལ་པོའི་བྱིས་པའི་འཚོ་བཅུད་ལེགས་གཏོང་དང་། ཕྲུ་གུ་དམར་འབྱར་གྱི་ནད་གཞི་རིན་མེད་འདེམས་བཤེར། བུད་མེད་ཀྱི“འབྲས་སྐྲན་གཉིས”རིན་མེད་འདེམས་བཤེར། མངལ་མ་ཆགས་གོང་གི་ལེགས་བཙའ་བདེ་ཐང་རིན་མེད་བརྟག་དཔྱད་སོགས་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ཆེ་རིགས་ཁྱོན་ཡོངས་ནས་ལག་ལེན་བསྟར་དགོས། ས་ཁུལ་དབུལ་པོའི་འཆར་ལྡན་བུ་བཙའི་ཞབས་ཞུ་དོ་དམ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
(བཅུ་གཅིག) གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་ནས་དབུལ་སྒྲོལ་ཐུབ་པ་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་དང་ལས་ཞུགས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་ཐབས་བྲལ་བའི་ཁྱིམ་ཚང་ལ་སྲིད་ཇུས་རང་བཞིན་གྱི་འགན་ལེན་མཐར་ཕྱིན་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་མ་མཐའི་འཚོ་བ་འགན་ལེན་གྱི་ཆུ་ཚད་ཅུང་དམའ་བའི་ས་ཁུལ་དག་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཚད་གཞིར་རིམ་བཞིན་སླེབས་པར་བྱེད་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་པའི་ལག་བསྟར་ཇུས་གཞི་གང་མགྱོགས་བཟོ་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་རྒྱུའི་རེ་འདུན་ཞུ་མཁན་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་ཞིབ་དཔྱད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་དབུལ་པོ་ཚང་མ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས་འགན་ལེན་བྱེད་འོས་རིགས་འགན་ལེན་ཐུབ་པ་བྱེད་དགོས། ས་ཁུལ་དབུལ་པོར་སྐབས་འཕྲལ་རོགས་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་འཚོ་སྐྱོང་གི་ཆུ་ཚད་མཐོ་རུ་དང་འཚོ་སྐྱོང་ཆ་རྐྱེན་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དབུལ་སྐྱོར་གསར་སྤེལ་གྱི་གཞི་གྲངས་ཕན་ཚུན་སྤེལ་རེས་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ཆ་འཕྲིན་སྟེགས་བུ་དུས་ཚོད་དམ་འཛིན་གྱིས་བསྐྲུན་ནས་འགུལ་རྣམ་ལྟ་ཞིབ་དོ་དམ་དང་ལས་དོན་ལམ་སྲོལ་གཉིས་སྦྲེལ་མཐུད་ནུས་ལྡན་ཡོང་བ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་མགྱོགས་ནས་མྱུར་དུ་འཐུས་སྒོ་ཚང་དུ་བཏང་སྟེ་རྨང་གཞིའི་རྒན་གསོའི་མ་དངུལ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་དགོས་པ་དང་། དེ་བཞིན་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་འགན་བཅོལ་ནང་ཞུགས་རྒྱུ་དང་འགན་བཅོལ་ནང་མུ་མཐུད་ཞུགས་རྒྱུའི་ཁྲིད་སྟོན་བྱས་ནས་འགན་ལེན་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། ཆ་རྐྱེན་ལྡན་པ་དང་དགོས་མཁོ་ཆེ་བའི་ས་ཁུལ་གྱིས“འབྲུ་སྤྲོད་དབུལ་སྐྱོར”གྱི་བྱེད་ཐབས་སྤྱད་ན་ཆོག
(བཅུ་གཉིས)རྒྱུ་ནོར་དང་ཁེ་སྤོགས་ལ་བརྟེན་ནས་དབུལ་སྐྱོར་གྱི་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། སྤྱོད་ཡུལ་མི་སྒྱུར་བའི་གནས་ཚུལ་འོག ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དང་ཞིང་འབྲེལ་མ་དངུལ་གཞན་སྒྲིག་བཀོད་ཞིང་ལས་དང་། གསོ་སྤེལ། འོད་ཤུགས། ཆུ་གློག གྲོང་གསེབ་ཡུལ་སྐོར་སོགས་རྣམ་གྲངས་ལ་བཏང་བ་ལས་བྱུང་བའི་རྒྱུ་ནོར་ལ་ཆ་མཚོན་ན་ཆ་རྐྱེན་འཛོམས་པས་རྒྱུ་ནོར་དེ་དག་གྲོང་ཚོ་དབུལ་པོ་དང་། དུད་ཚང་དབུལ་པོ། ལྷག་པར་དུ་ངལ་ནུས་ཤོར་བའི་དུད་ཚང་དབུལ་པོ་བཅས་ལ་བགོ་སྤྲོད་བྱས་ཆོག རྒྱུ་ནོར་དེ་དག་གྲོང་ཚོའི་མཉམ་སྡེབ་དང་མཉམ་ལས་ཁང་ངམ་ཡང་ན་གཉེར་སྐྱོང་བྱེད་པོ་གཞན་གྱིས་གཅིག་གྱུར་གཉེར་སྐྱོང་བྱེད་དགོས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་མ་དངུལ་ལས་འཕེལ་བའི་རྒྱུ་ནོར་དག་གི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བ་བྱེད་དགོས་པའི་རྒྱུ་ནོར་གཉེར་མཁན་ཕྱོགས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། ཁེ་སྤོགས་བགོ་བཤའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱུ་ནོར་ལས་འཕེལ་བའི་ཁེ་སྤོགས་དག་རྐང་དངུལ་ལྡན་པའི་དུད་ཚང་དབུལ་པོར་དུས་ཐོག་ཏུ་བགོ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་པའི་མཉམ་ལས་ཁང་དང་གཉེར་སྐྱོང་བྱེད་པོ་གཞན་གྱིས་ས་ཆ་ཚབ་གཉེར་བྱེད་པ་དང་། ཕྱུགས་རིགས་ཚབ་གསོ་བྱེད་པ། ཞིང་པའི་ས་ཆ་གཉེར་སྐྱོང་དབང་ཆ་བསྡུ་ལེན་གྱིས་མ་རྐང་འཇོག་པ་སོགས་ཀྱི་རྣམ་པ་བརྒྱུད་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི་སྐུལ་ཁྲིད་བྱེད་དགོས། ས་ཁུལ་དབུལ་པོའི་ཆུ་གློག་དང་གཏེར་ཁ་སོགས་ཐོན་ཁུངས་གསར་སྤེལ་བྱས་ཏེ་ས་ཞིང་བཟུང་སྤྱོད་བྱས་པའི་གྲོང་ཚོའི་མཉམ་སྡེབ་ལ་རྐང་དབང་སྤྲད་ནས་མི་འབོར་དབུལ་པོར་ཐོན་ཁུངས་གསར་སྤེལ་གྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས།
(བཅུ་གསུམ)གཞིས་ལུས་བྱིས་པ་དང་། གཞིས་སྲུང་བུད་མེད་དང་རྒན་རྒོན་དེ་བཞིན་དབང་པོ་སྐྱོན་ཅན་བཅས་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་བསྐྲུན་དགོས། གྲོང་གསེབ་ཀྱི“གཞིས་ལུས་གསུམ”གྱི་མི་སྣ་དང་དབང་པོ་སྐྱོན་ཅན་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་ཞིབ་ཚགས་འཐུས་ཚང་དང་འགུལ་ཚུལ་གསར་སྒྱུར་གྱི་ཆ་འཕྲིན་དོ་དམ་མ་ལག་བཟོ་དགོས། བྱིས་པའི་ཕན་བདེ་ཁང་དང་། རོགས་སྐྱོབ་སྲུང་སྐྱོང་སྒྲིག་གཞི། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་སྒྲིག་གཞི། དབང་པོ་སྐྱོན་ཅན་དྲག་སྐྱེད་གསོ་ཉར་སྒྲིག་གཞི། སྡེ་ཁུལ་གྱི་བྱིས་པའི་ཁྱིམ་གཞིས་སོགས་ཞབས་ཞུའི་སྒྲིག་བཀོད་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁྱིམ་ཚང་དང་། སློབ་གྲྭ། གཞི་རིམ་རྩ་འཛུགས། སྲིད་གཞུང་དང་སྤྱི་ཚོགས་སྟོབས་ཤུགས་བཅས་ཕན་ཚུན་མཐུད་འབྲེལ་གྱི་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྱོང་བྱེད་དགོས། ན་སོ་དར་ལ་མ་བབས་པའི་མིའི་ལྟ་སྲུང་ལ་ཤུགས་སྣོན་རྒྱག་དགོས། དྭ་ཕྲུག་དང་དངོས་གནས་གསོ་མཁན་མེད་པའི་བྱིས་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ན་ཚ་ལྕི་པོ་དང་དབང་སྐྱོན་ཚབས་ཆེན་སོགས་དཀའ་ངལ་ཡོད་པའི་བྱིས་པའི་ཕན་བདེ་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས། སྙན་ཞུ་ཤེས་རྟོགས་དང་། འཕྲལ་སྡོམ་ཐག་གཅོད། རོགས་སྐྱོར་ཐེ་ཇུས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དམིགས་བསལ་དུད་ཁྱིམ་དབུལ་པོར་དཀའ་ངལ་ངོ་མ་སེལ་རོགས་བྱེད་དགོས། དབང་པོ་སྐྱོན་ཅན་དབུལ་པོའི་དྲག་སྐྱེད་འདུ་འགོད་དང་། དམིགས་བསལ་སློབ་གསོ། རྩལ་ནུས་གསོ་སྦྱོང་། གསོ་ཉར་ཞབས་ཞུ་བཅས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབང་པོ་སྐྱོན་ཅན་གྱི་དམིགས་བསལ་དཀའ་ངལ་ལ་དམིགས་ཏེ་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་ནད་སྐྱོང་ཁ་གསབ་ལམ་ལུགས་ཁྱོན་ཡོངས་ནས་བཟོ་དགོས། མ་མཐའི་འགན་བཅོལ་ཁྱིམ་ཚང་གི་རྒན་རྒོན་དང་། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་རོགས་སྐྱོབ་བྱ་ཡུལ་གཙོ་གནད་ལ་རོགས་སྐྱོབ་བྱེད་ཚད་ཆེ་རུ་བཏང་ནས་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དམིགས་བསལ་ཚོགས་སྤྱིའི་གཅེས་སྐྱོང་ཞབས་ཞུའི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས།
བཞི། དབུལ་པོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འཇུར་མིག་མགྱོགས་མྱུར་སེལ་དགོས།
(བཅུ་བཞི)འགྲིམ་འགྲུལ་དང་། ཆུ་བེད། གློག་ཤུགས་བཅས་ཀྱི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས། རྒྱལ་ཁབ་ཀྱི་ལྕགས་ལམ་དྲ་བ་དང་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བ་ཉིད་ས་ཁུལ་དབུལ་པོར་སྦྲེལ་བའི་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ལག་རྩལ་ཚད་གཞི་མཐོ་རུ་བཏང་ནས་ས་ཁུལ་དབུལ་པོའི་ཕྱི་སྐྱོད་ནང་འབྲེལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་བུ་བསྐྲུན་དགོས། དབུས་ནུབ་རྒྱུད་དང་ས་ཁུལ་དབུལ་པོའི་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་ལ་ཀྲུང་དབྱང་གིས་མ་དངུལ་གཏོང་ཤུགས་ཆེ་ཤོས་ཀྱི་སྒོ་ནས་མང་དུ་གཏོང་བ་དང་། འཁོར་རིགས་ཉོ་ཁྲལ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་ཆེད་མངགས་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། ཆ་རྐྱེན་ལྡན་པའི་ཤང་གྲོང་དང་སྒྲིག་ཁོངས་གྲོང་ཚོར་སྣུམ་ནག་ལམ་བསྐྲུན་པའི་འཛུགས་སྐྲུན་ལས་འགན་མགྱོགས་མྱུར་ལེགས་གྲུབ་བྱེད་པ། གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་དང་ཉེན་ཁ་ཆེ་བའི་ཟམ་པ་སྒྱུར་བཀོད་ལ་ཤུགས་སྣོན་རྒྱག་པ། མི་འབོར་གྱི་གཞི་ཁྱོན་ངེས་ཅན་ཟིན་པའི་རང་བྱུང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ས་ཁུལ་དབུལ་པོའི་ཆུ་བེད་ལས་གྲྭ་གལ་ཆེན་དང་། ཉེན་ཆེའི་ཆུ་མཛོད་ཆུ་རགས་ཀྱི་ཉེན་སེལ་བརྟན་གཏོང་། ཆུ་འདྲེན་ཁུལ་ལེ་ལག་ཚང་བ་དང་ཆུ་གྲོན་ཆུང་སྒྱུར་བཀོད་མཐུད་སྐྲུན་སོགས་ཆུ་བེད་རྣམ་གྲངས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་འཐུང་ཆུ་བདེ་འཇགས་བརྟན་གཏོང་ལེགས་གཏོང་འདུ་འགོད་ལག་ལེན་བསྟར་ནས་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱེད་དགོས། ཞིང་ནང་ཆུ་བེད་ཆུང་གྲས་དང“ཆུ་བེད་ཆུང་གྲས་ལྔའི”འདུ་འགོད་སོགས་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་ཚོ་དབུལ་པོར་ཕྱོགས་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དོ་དམ་བདག་སྐྱོང་ཐད་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོའི་ཐན་འགོག་ཆུ་ཁུངས་འཛུགས་སྐྲུན་དང་། ཆུ་བོ་འབྲིང་ཆུང་བཅོས་སྒྲིག ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤྭ་འོད་དང་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཆུ་གློག་གསར་སྤེལ་ལ་རྒྱབ་སྐྱོར་ཆེན་པོ་བྱེད་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གནམ་གཤིས་ཀྱིས་ཞིང་པར་ཞབས་འདེགས་ཞུ་བའི་མ་ལག་དང་གནོད་འཚེ་སྔོན་འགོག་གི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ས་ཁུལ་དབུལ་པོའི་ཞིང་དྲ་སྒྱུར་བཀོད་དང་རིམ་འཕར་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་ཞིང་དྲའི་གློག་འདོན་ནུས་པ་དང་གློག་འདོན་སྤུས་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་སྟེ་གྲོང་ཚོ་དབུལ་པོར་སྒུལ་ཤུགས་གློག་ཤར་གཏོང་གི་འཆར་འགོད་བཟོས་ནས་ས་ཁུལ་དབུལ་པོའི་གློག་ཤུགས་ཁྱབ་གདལ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་དབུལ་པོར་ལོ་འཁོར་གྱི་གློག་གཏོང་དམིགས་ཚད་མང་དུ་གཏོང་དགོས། ས་ཁུལ་དབུལ་པོའི་ཆུ་གློག་འདུ་འགོད་ལ་གློག་གསོག་ཉར་གྱི་བསྡུར་ཚད་ཆེ་རུ་གཏོང་དགོས། འོད་ཤུཌ་ཀྱི་དབུལ་སྐྱོར་འདུ་འགོད་ལ་སྐུལ་སྤེལ་མགྱོཌ་པོ་བཏང་ནས་འོད་ཤུཌ་གློག་ཁང་གི་སྒྲིག་ཆས་སྦྲེལ་མཐུད་ཀྱི་གློག་དྲའི་འཁོར་སྐྱོད་ལ་རྒྱབ་སྐྱོར་བྱས་ཏེ་འོད་ཤུགས་ཞིང་ལས་གོང་འཕེལ་ཡོང་བ་བྱེད་དགོས།
(བཅོ་ལྔ)“དྲ་སྦྲེལ་+”གྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གློག་འཕྲིན་ཁྱབ་གདལ་གྱི་ཞབས་ཞུའི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཤོང་ཆེའི་དྲ་རྒྱ་གྲོང་ཚོ་དབུལ་པོར་ཁྱབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་དགོས། གློག་ཚོང་གི་དབུལ་སྐྱོར་འདུ་འགོད་ལག་བསྟར་བྱེད་དགོས། ས་ཁུལ་དབུལ་པོའི་ཟོག་འགྲེམས་སྡེབ་སྐྱེལ་གྱི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་སྦྲག་ལས་དང་མཁོ་འཚོང་མཉམ་ལས་སོགས་མ་ལག་ལ་རྒྱབ་སྐྱོར་བྱས་ཏེ་ཤང་གྲོང་དབུལ་པོར་ཞབས་ཞུའི་དྲ་ཚིགས་བསྐྲུན་དགོས། གློག་ཚོང་ཁེ་ལས་ལ་གྲོང་གསེབ་ཀྱི་ལས་སྒོ་རྒྱ་སྐྱེད་གཏོང་རོགས་བྱས་ཏེ་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་ཟོག་དྲ་ཐོག་ཕྱིར་འཚོང་གི་ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་གློག་ཚོང་ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། ཁྱིམ་ཚང་དབུལ་པོར་དྲ་ཚོང་བཙུགས་ནས་དྲ་རྒྱ་ནས་མ་དངུལ་ཁ་གསབ་སྤྲོད་པ་དང་གྲངས་ཉུང་དངུལ་བུན་གཏོང་བ་སོགས་ཀྱི་རྒྱབ་སྐྱོར་བྱེད་དགོས། དྲ་བས་ཞིང་པར་དམངས་ཕན་གྱི་ཞབས་འདེགས་ཞུས་ཏེ་ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་དྲ་སྦྲེལ་གྱི་དངུལ་རྩའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་ནས་ཆ་འཕྲིན་གྲོང་ཚོ་དང་དུད་ཚང་དུ་ཁྱབ་ཁྱོན་རྒྱ་ཆེར་གཏོང་དགོས།
(བཅུ་དྲུག)གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་མགྱོགས་སུ་གཏོང་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་ཞིང་ཁང་གི་ཡོམ་འགོག་སྒྱུར་བཀོད་སྤྱི་འདོམས་བྱས་ཏེ་ཡིག་ཚགས་བཟོ་བ་དང་གཱ་བཟོ་རྒྱུའི་དུད་ཚང་དབུལ་པོ་དམིགས་བསལ་གནས་བབ་ཐོག་བཞག་ནས་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་དང་དངུལ་བུན་གྱི་སྐྱེད་ཀ་སྤྱོད་པ་དང་མཉམ་སྡེབ་ཀྱི་བོགས་གཏོང་ཁང་པ་བསྐྲུན་པ་སོགས་ཀྱི་ཐབས་ཤེས་མང་པོ་འཚོལ་ཞིབ་བྱས་ནས་དུད་ཚང་དབུལ་པོའི་གཞི་རྩའི་སྡོད་ཁང་གི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། གྲོང་ཚོ་དབུལ་པོའི་འཚོ་བའི་གད་སྙིགས་ཐག་གཅོད་དང་། བཙོག་ཆུ་བཅོས་སྒྲིག གསང་སྤྱོད་སྒྱུར་བཀོད། གྲོང་ཚོ་སྔོ་འགྱུར་སོགས་ཀྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་གྲོང་གསེབ་ཀྱི་ཁོར་ཡུག་ཡུག་སྦྲེལ་བཅོས་སྒྲིག་ལ་མུ་མཐུད་སྐུལ་སྤེལ་གཏོང་དགོས། ས་ཁུལ་དབུལ་པོར་འཚོ་བརྟེན་ལས་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་རི་ཆུ་ཞིང་ནགས་ལམ་འཛུགས་སྐྲུན་དང་ཆུ་བོ་རྒྱུག་ཁུལ་ཆུང་གྲས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལ་རྒྱབ་སྐྱོར་བྱེད་དགོས། ནོར་སྲིད་ནས་རྒྱབ་སྐྱོར་བྱས་པའི་འཛུགས་སྐྲུན་རྣམ་གྲངས་ཆུང་གྲས་གྲོང་ཚོ་དབུལ་པོ་དང་འབྲེལ་བ་ཡོད་རིགས་དོན་རེར་གྲོས་རེ་བྱེད་པའི་བྱ་ཐབས་གཞིར་བཟུང་གྲོང་ཚོ་རིམ་པའི་རྩ་འཛུགས་ལ་སོ་སོས་འཛུགས་སྐྲུན་བྱས་ནས་སོ་སོས་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱེད་ཆོག གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་རྒྱུ་ལས་སྟེགས་སུ་བྱས་ནས་གྲོང་ཚོ་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་མགྱོགས་པོ་བཏང་སྟེ་མཛེས་སྡུག་ལྡན་པའི་མི་སྡོད་ཤང་གྲོང་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།
(བཅུ་བདུན)གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་དང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས་པ། དབུལ་སྒྲོལ་འགག་སྒྲོལ་བྱ་ཤུགས་ཆེ་རུ་བཏང་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་གསར་སྤེལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མཛུབ་ཁྲིད་བསམ་འཆར་བཏོན་ནས་གཙོ་གནད་ཀྱི་དབུལ་པོའི་གསར་བརྗེའི་རྟེན་གཞི་ཁུལ་རྙིང་དར་སྤེལ་དང་འཕེལ་རྒྱས་ཀྱི་འཆར་འགོད་ལག་བསྟར་བྱེད་མགྱོགས་སུ་གཏོང་དགོས་པ་དང་གསར་བརྗེའི་རྟེན་གཞི་ཁུལ་རྙིང་གི་ནོར་སྲིད་མ་དངུལ་སྒྱུར་སྤྲོད་གི་གཞི་ཁྱོན་རྒྱ་ཆེར་གཏོང་དགོས། མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་ཚོགས་སྤྱིར་ཕྱོགས་བསྡུས་དབུལ་སྒྲོལ་གྱི་ལས་གྲྭ་ལག་བསྟར་བྱས་ཏེ་མི་འབོར་ཅུང་ཉུང་ཙམ་གྱི་མི་རིགས་ཁྱོན་ཡོངས་དབུལ་སྒྲོལ་ཐུབ་པའི་དམིགས་བསལ་སྲིད་ཇུས་བྱེད་ཐབས་འདོན་དགོས། མཐའ་མཚམས་མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་གཞི་རྩའི་སློབ་གཉེར་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྐད་གཉིས་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ། སློབ་གསོའི་ཁ་གཏད་རོགས་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས་པ། མི་རིགས་ས་ཁུལ་གྱི་དོན་དངོས་དང་འཚམ་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དགེ་རྒན་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་སྲུང་སྐྱོབ་བྱ་ཤུགས་དང་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་དགོས། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་བྱ་ཤུགས་ཆེ་ཏུ་གཏོང་དགོས་པ། མཐའ་མཚམས་མི་སེར་གྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། མཐའ་མཚམས་ས་ཁུལ་གྱི་དམིགས་བསལ་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གཅིག་སྡུད་ཐོག་ལེགས་སུ་གཏོང་བ། མཐའ་མཚམས་ཉོ་ཚོང་དང་ཁྱད་ལྡན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་རོཌ་སྐྱོར་བྱས་ནས་མཐའ་མཚམས་མི་སེར་བློ་བདེའི་ངང་ཐོན་སྐྱེད་བྱེད་ཐུབ་པ་དང་འཚོ་བ་སྐྱེལ་ཐུབ་པ། བློ་བདེའི་ངང་མཐའ་མཚམས་བརྟན་པོ་སྲུང་ཐུབ་པ་བྱེད་དགོས། ས་ཁུལ་གྱི་འབྲེལ་གཏུག་མཐུན་སྦྱོར་གྱི་ལམ་སྲོལ་མཐུས་ཚང་དུ་བཏང་ནས་གཅིག་སྡུད་ཡུག་འབྲེལ་གྱི་དམིཌ་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་ལག་བསྟར་བྱེད་མགྱོཌ་སུ་གཏོང་དགོས། ཀྲུང་དབྱང་གི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་དམིཌ་བསལ་རོཌ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ནས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིཌ་ས་ཁུལ་དང་། ཤིན་ཅང་དང་ནན་ཅང་གི་ས་ཁུལ་དང་ཀྲོའུ་བཞིའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས།
ལྔ། སྲིད་ཇུས་ཀྱི་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས།
(བཅོ་བརྒྱད)ནོར་སྲིད་ཀྱིས་དབུལ་སྐྱོར་གྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་ཁྲོད་ཀྱི་སྲིད་གཞུང་གི་མ་འཇོག་བྱེད་པའི་གྲུབ་ཆ་གཙོ་བོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དབུལ་སྐྱོར་གསར་སྤེལ་གྱི་མ་རྩའི་ཐབས་ལམ་གསར་པ་གསར་འབྱེད་ཧུར་ཐག་བྱས་ནས་སྲིད་གཞུང་གི་མ་འཇོག་བྱ་ཤུགས་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཕན་ཚུན་འཚམ་མཐུན་ཡོང་རྒྱུའི་འགན་ལེན་བྱེད་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ས་ཁུལ་དབུལ་པོར་མ་དངུལ་སྒྱུར་སྤྲོད་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་རྩའི་གཞི་ཁྱོན་དེ་ཚད་གཞི་ཆེ་ཙམ་ནང་འཕར་བ་བྱེད་དགོས་པ་དང་། སྤྱིར་བཏང་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་དང་། དམངས་འཚོ་དང་འབྲེལ་བ་ཡོད་པའི་ཆེད་དོན་མ་དངུལ་སྒྱུར་སྤྲོད་དང་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་རྩ་དེ་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོར་སྔར་བས་ཕྱོགས་དགོས། ཀྲུང་དབྱང་གི་གཅིག་སྡུད་རྒྱན་ཤོག་གི་སྤྱི་ཕན་དངུལ་གྱིས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་མ་དངུལ་སྒྱུར་སྤྲོད་སོགས་ཞིང་འབྲེལ་མ་རྩ་དེ་བསྡུར་གྲངས་ངེས་ཅན་ཞིག་གི་ཐོག་ནས་གྲོང་ཚོ་དབུལ་པོར་སྤྱོད་རྒྱུ་ཁ་གསལ་བཏོན་དགོས། སྡེ་ཚན་ཁག་གིས་བཀོད་སྒྲིག་བྱས་པའི་དམངས་ཕན་སྲིད་ཇུས་དང་། རྣམ་གྲངས། ལས་གྲྭ་བཅས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ས་ཁུལ་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དབུལ་པོའི་མི་འབོར་བཅས་ལ་ཕྱོགས་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱིས་ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་དགོས་མཁོར་གཞིགས་ནས་དབུལ་སྐྱོར་མ་དངུལ་གྱི་གཏོང་ཆ་ཆེ་རུ་ཏན་ཏིག་གཏོང་དགོས། 2016ལོ་ནས་བཟུང་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་གཏོང་སྒོའི་གཞི་ཁྱོན་ཆེ་རུ་བཏང་བ་བརྒྱུད་ས་ཁུལ་དབུལ་པོའི་ཆུ་གློག་ལམ་རླངས་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་གཏོང་ཆ་མང་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་དེ་འཆར་འགོད་མང་བའི་སྦྲེལ་མཐུད་དང་སྡེ་ཚན་མང་བའི་མཐུན་སྦྱོར་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དམིགས་ཚད་འདྲ་བ་དང་ཁ་ཕྱོགས་གཅིག་མཚུངས་ཀྱི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱེད་དགོས། དབང་ཆ་དང་འགན་འཁྲི་གཅིག་གྱུར་གྱི་རྩ་དོན་ལྟར་དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་འབྲེལ་ས་ཁུལ་དང་རྫོང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གིས་རྫོང་དེའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། དབུལ་སྐྱོར་འཆར་འགོད་ཁྲིད་སྟོན་དུ་བྱེད་པ་དང་གཙོ་གནད་དབུལ་སྐྱོར་རྣམ་གྲངས་སྟེགས་བུར་བྱས་ནས་ཆེད་དོན་དབུལ་སྐྱོར་མ་དངུལ་དང་། འབྲེལ་ཡོད་ཀྱི་ཞིང་འབྲེལ་མ་དངུལ། སྤྱི་ཚོགས་རོགས་སྐྱོར་མ་དངུལ་བཅས་བསྡམས་བཀྱིགས་བྱས་ཏེ་གཅིག་སྡུད་ངང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོར་བཀོད་སྒྲིག་བྱས་པའི་རྒྱལ་ཁབ་ཀྱི་སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་རྣམ་གྲངས་དང་རྫོང་རིམ་པ་དང་ནུབ་རྒྱུད་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་འབྲེལ་ས་ཁུལ་དང་གྲོང་ཁྱེར་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་ལྷན་སྦྱར་མ་དངུལ་མེད་པ་བཟོ་བའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་འབྲེལ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་མ་དངུལ་ཁ་གསབ་ཀྱི་བསྡུར་གྲངས་ཆེ་རུ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་བྱེད་རིང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་དང་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་སྟངས་ཁྱབ་གདལ་གཏོང་དགོས། ནོར་སྲིད་ཀྱི་ལྟ་སྐུལ་ཞིབ་བཤེར་དང་། རྩིས་བཤེར་ཞིབ་བཤེར་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་མ་དངུལ་སྒྲིག་འགལ་ངང་སྤྱོད་པའི་འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཛུགས་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ནང་རྫུན་ཞུ་གཡོ་ལེན་བྱེད་པ་དང་། བཙན་བཀག་དང་སྒེར་ལ་བགོ་བཤའ་རྒྱག་པ། གཞུང་རྒྱུ་ཧམ་བཟའ་དང་གཞན་བཀོལ། བག་མེད་ལོངས་སྤྱོད་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་དགོས། དབུལ་སྐྱོར་གསར་སྤེལ་ཁྱབ་ཁོངས་ནང་གི་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་དང་། གཅིག་སྡུད་བཅོས་སྐྱོང་། དབུལ་སྐྱོར་ཁྱབ་ཁོངས་ནང་གི་ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་དབུལ་པོར་དབུལ་སྐྱོར་ཡོངས་བསྒྲགས་ལམ་ལུགས་འཛུགས་དགོས་པ་དང་སྤྱི་ཚོགས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་མ་དངུལ་ཁ་གསབ་འཁོར་རྒྱུག་བྱེད་རྒྱུར་འགན་ལེན་བྱེད་དགོས།
(བཅུ་དགུ)དངུལ་རྩའི་དབུལ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་དགོས། ཚོང་ལས་རང་བཞིན་དང་། སྲིད་ཇུས་རང་བཞིན། མཉམ་ལས་རང་བཞིན་སོགས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་དབུལ་སྐྱོར་གསར་སྤེལ་ནང་དངུལ་རྩའི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས། དངུལ་ལོར་སྲིད་ཇུས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དངུལ་རྩའི་སྒྲིག་གཞིར་ཡུན་རིང་དང་མ་གནས་དམའ་བའི་མ་དངུལ་མཁོ་འདོན་བྱས་ནས་དབུལ་སྐྱོར་གསར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་དགོས། དབུལ་སྐྱོར་ཐོག་སླར་ཡང་དངུལ་བུན་བཏང་སྟེ་ཞིང་སྐྱོར་དངུལ་བུན་ལས་ཀྱང་དམའ་བའི་སྐྱེད་ཚད་ལག་ལེན་བསྟར་ཐོག་ས་ཁུལ་དབུལ་པོར་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་དབུལ་པོའི་ལས་ཞུགས་ལས་གཏོད་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། འོས་འཚམ་གྱི་སྲིད་ཇུས་བཀོད་སྒྲིག་བྱེད་པ་དང་ནོར་སྲིད་ཀྱི་སྐྱེད་གསབ་མ་དངུལ་དང་དངུལ་རྩའི་སྒྲིག་གཞི་ཁག་གཅིག་གི་མ་དངུལ་ལྷག་མ་སྤྱད་དེ་སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་སྒྲིག་གཞིའི་མ་དངུལ་དགོས་མཁོ་དང་འབྲེལ་མཐུད་བྱས་ནས་དབུལ་སྐྱོར་མ་དངུལ་གྱི་ཡོང་ཁུངས་དང་ཐབས་ལམ་རྒྱ་ཆེར་གཏོང་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་དངུལ་བུན་གཏོང་བ་དང་། སྐྱེད་ཚད་དམའ་བའམ་ཡང་ན་མ་གནས་འགན་ལེན་གྱི་རྩ་དོན་ལ་གཞིགས་ཏེ་ཡུན་རིང་དངུལ་བུན་བཏང་ཐོག་ཀྲུང་དབྱང་ནོར་སྲིད་ཀྱིས་དངུལ་བུན་སྐྱེད་གསབ་90%སྤྲད་ནས་དབུལ་སྐྱོར་གནས་སྤོ་བྱ་རྒྱུར་སྤྱོད་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས“དབུལ་སྐྱོར་དངུལ་རྩའི་བྱ་གཞག་པུའུ”སོ་སོར་བཙུགས་ཏེ་ཁྲིམས་ལྟར་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་དགོས། ཀྲུང་གོ་ཞིང་ལས་དངུལ་ཁང་དང་། སྦྲག་སྲིད་དངུལ་ཁང་། གྲོང་གསེབ་ཡིད་རྟོན་ཁང་སོགས་དངུལ་རྩའི་སྒྲིག་གཞིས་ཞབས་ཞུའི་དྲ་མིག་སྣུར་སྲིང་བྱས་ཏེ་དངུལ་རྩའི་ཐོན་རྫས་གསར་གཏོད་བྱས་ནས་ས་ཁུལ་དབུལ་པོར་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་དགོས། དངུལ་བུན་ཕྱིར་སྤྲོད་ཐུབ་པའི་དབུལ་སྐྱོར་རྣམ་གྲངས་ལ་ཡིད་རྟོན་དངུལ་བུན་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱིས་སྤྱི་འགན་ཁུར་བའི་བླང་བྱ་གཞིར་བཟུང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་མ་དངུལ་མཉམ་འདུའི་གཙོ་གཟུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཡིད་རྟོན་ཁང་དང་གྲོང་ཚོ་དང་གྲོང་རྡལ་གྱི་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞིས་དུད་ཚང་དབུལ་པོར་གཏའ་འཇོག་བྱེད་མི་དགོས་པ་དང་ཁག་ཐེག་བྱེད་མི་དགོས་པའི་གྲངས་ཉུང་དབུལ་སྐྱོར་ཡིད་རྟོན་དངུལ་བུན་མཁོ་འདོན་བྱས་ཏེ་ནོར་སྲིད་ཀྱིས་རྨང་གཞིའི་སྐྱེད་ཀར་གཞིགས་ནས་སྐྱེད་གསབ་བྱེད་དགོས། ལས་གཏོད་ཁག་ཐེག་དངུལ་བུན་དང་། སློབ་རོགས་དངུལ་བུན། བུད་མེད་ཀྱི་གྲངས་ཉུང་དངུལ་བུན། བདེ་ཐང་སླར་གསོའིདབུལ་སྐྱོར་དངུལ་བུན་བཅས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དབུལ་པོར་གྲོང་ཚོ་དང་གྲོང་རྡལ་དངུལ་ཁང་དང་གྲངས་ཉུང་དངུལ་བུན་གཏོང་བའི་ཀུང་སི་སོགས་སྒྲིག་གཞི་འཛུགས་རྒྱུར་དམིགས་བསལ་ཐོག་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོར་ཞིང་པའི་མ་དངུལ་རོགས་རེས་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་ཞིང་པའི་མཉམ་ལས་ཁང་གི་ཡིད་རྟོན་མཉམ་ལས་ཚོད་ལྟ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོར་དབུལ་སྐྱོར་དངུལ་བུན་གྱི་ཉེན་གསབ་ཐེབས་རྩ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོར་སྲིད་གཞུང་གིས་མ་དངུལ་གཏོང་བའི་མ་དངུལ་འདུ་སྒྲིལ་ཁག་ཐེག་སྒྲིག་གཞི་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དབུལ་སྐྱོར་ཁག་ཐེག་ལས་སྒོ་གཙོ་གནད་ཐོག་སྤེལ་དགོས། དབུལ་སྐྱོར་གྲངས་ཉུང་དངུལ་བུན་འགན་ལེན་དང་འགན་བཅོལ་ཧུར་ཐག་བྱས་ཏེ་དུད་ཚང་དབུལ་པོར་འགན་ལེན་འགན་བཅོལ་ཐད་ཁ་གསབ་སྤྲོད་དགོས། ཞིང་ལས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་དངུལ་བྱ་དགར་བསྒྱུར་བ་སོགས་བརྒྱུད་ས་ཁུལ་དབུལ་པོར་ཁྱད་ལྡན་ཞིང་ལས་ཐོན་རྫས་འགན་བཅོལ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོའི་དངུལ་རྩའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་དགོས། ས་ཁུལ་དབུལ་པོར་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རིན་གོང་འགན་བཅོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆ་རྐྱེན་ཡོད་པའི་ས་ཆར་མ་དངུལ་འགན་ལེན་ཁ་གསབ་ངེས་ཅན་སྤྲོད་ཆོག ས་ཁུལ་དབུལ་པོའི་གཏའ་འཇོག་ཁག་ཐེག་གི་གཞི་ཁྱོན་ཆེ་རུ་ནུས་ལྡན་གཏོང་དགོས།
(ཉི་ཤུ)དབུལ་སྐྱོར་གསར་སྤེལ་གྱི་ས་སྤྱོད་སྲིད་ཇུས་འཐུས་ཚང་བཟོ་དགོས། ས་ཁུལ་དབུལ་པོར་རྒྱབ་སྐྱོར་བྱ་རྒྱུ་དེ་རྒྱལ་ཡོངས་ས་ཆ་བརྟག་དཔྱད་ཐེངས་གཉིས་པ་དང་དེ་བཞིན་ལོ་འཁོར་གསར་པའི་བརྗེས་སྒྱུར་བརྟག་དཔྱད་གྲུབ་འབྲས་ལ་གཞིགས་ནས་ས་ཆ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་བཅོས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། གསར་འཕར་འཛུགས་སྐྲུན་ས་སྤྱོད་འཆར་གཞིའི་དམིགས་ཚད་ཀྱིས་སྔོན་ལ་དབུལ་སྐྱོར་གསར་སྤེལ་གྱི་ས་སྤྱོད་དགོས་མཁོ་འགན་ལེན་བྱས་ཏེ་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་གི་ལོ་འཁོར་གྱི་གསར་འཕར་འཛུགས་སྐྲུན་ས་སྤྱོད་འཆར་གཞིའི་དམིགས་ཚད་ཀྱི་ཆེད་གཉེར་རྣམ་གྲངས་བཀོད་སྒྲིག་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་རིམ་པས་ས་ཆ་བཅོས་སྒྲིག་ལས་གྲྭ་དང་རྣམ་གྲངས་བཀོད་སྒྲིག དེ་བཞིན་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་འཆར་འགོད་དང་ཁ་གསབ་མ་དངུལ་བགོ་བཤའ་དང་གཤམ་སྤྲོད་བྱེད་སྐབས་ས་ཁུལ་དབུལ་པོར་གཟིགས་སྐྱོང་བྱེད་དགོས། ཡུག་སྦྲེལ་ས་ཁུལ་དབུལ་པོ་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དུ་དབུལ་སྐྱོར་གནས་སྤོ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ས་སྤྱོད་འཕར་ཆག་དང་འབྲེལ་བ་ཡོད་པའི་དམིགས་ཚད་དེ་ཞིང་ཆེན་གྱི་ཁྱབ་ཁོངས་ནང་སྤྱོད་ཆོག ཆ་རྐྱེན་འཛོམས་པའི་ས་ཁུལ་དབུལ་པོར་རྒྱལ་ཁབ་ས་ཆ་ཐོན་ཁུངས་དོ་དམ་ལམ་ལུགས་སྒྱུར་བཅོས་ཚོད་ལྟ་སྔོན་ལ་བཀོད་སྒྲིག་བྱས་ཏེ་བཟོ་གཏེར་ཁུལ་གྱི་བེད་མེད་ས་ཆ་བསྐྱར་དུ་གསར་སྦོལ་བྱ་རྒྱུ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱོད་གོ་དེ་ཙམ་ཆེན་པོ་མེད་པའི་ས་ཆ་སླར་ཡང་གསར་སྤེལ་དང་། རི། ཐང་རྒོད་སོགས་བེད་མེད་ས་ཆ་གསར་སྤེལ་ཚོད་ལྟར་རྒྱབ་སྐྱོར་བྱེད་དགོས།
(ཉེར་གཅིག)ཚན་རྩལ་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་དགོས། ཚན་རྩལ་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྣོད་བཅུད་འཛུགས་སྐྲུན་ཁྲོད་ཀྱི་འགག་རྩའི་ལག་རྩལ་གནད་དོན་ཐག་གཅོད་བྱེད་དགོས། ལག་རྩལ་གསར་གཏོད་སྣེ་ཁྲིད་ཆེད་གཉེར་རྣམ་གྲངས(ཐེབས་རྩ)ཀྱིས་ཚན་རྩལ་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་གྲུབ་འབྲས་ས་ཁུལ་དབུལ་པོར་བསྒྱུར་མགྱོགས་སུ་གཏོང་དགོས། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་གཏིང་ཟབ་བཏང་ནས་ཚན་རྩལ་ཆེད་མངགས་པས་བྱ་གཞག་གསར་གཏོད་ཅན་གྱི་དབུལ་སྐྱོར་ཞབས་ཞུ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་དབུལ་པོའི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་རིགས་གསར་པའི་ཞིང་པའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། སྲིད་ཇུས་ཀྱི་ཐོག་ནས་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་སྟེ་རིགས་ཁག་གི་ཤེས་ལྡན་མི་སྣས་ས་ཁུལ་དབུལ་པོའི་གཞི་རིམ་དུ་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱས་ཏེ་ཕུལ་བྱུང་མི་སྣའི་ལས་གནས་ཐོབ་ཐང་དཔྱད་བསྡུར་དང་གདན་ཞུ་སོགས་ལ་གཟིགས་སྐྱོང་བྱེད་དགོས། ཐག་རིང་ལུང་ཁུག་གི་ས་ཁུལ་དབུལ་པོ་དང་། མཐའ་མཚམས་མི་རིགས་ས་ཁུལ། གསར་བརྗེའི་གནས་རྙིང་བཅས་ལ་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི་དང་ས་ཁུལ་དབུལ་པོ་དེ་རང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་དགོས། གྲོང་ཚོ་དབུལ་པོའི་བྱ་གཞག་གསར་གཏོད་དང་ཕྱུག་འགྱུར་སྣེ་ཁྲིད་མི་སྣའི་གསོ་སྦྱོང་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
དྲུག སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་པ།
(ཉེར་གཉིས)ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གནད་སྨིན་འབྲེལ་མཐུད་ཀྱི་ལམ་སྲོལ་བཙུགས་ནས་རོགས་སྐྱོར་མ་དངུལ་གཙོ་བོ་གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་སྤྱོད་དགོས། ཤར་རྒྱུད་ས་ཁུལ་གྱིས་ནོར་ཤུགས་འཕར་ཚུལ་ལ་གཞིགས་ནས་ཁ་གཏད་རོགས་སྐྱོར་གྱི་ནོར་སྲིད་མ་འཇོག་རིམ་གྱིས་མང་དུ་གཏོང་བ་དང་འབྲེལ་ལོ་འཁོར་གྱི་སྔོན་རྩིས་ནང་འཇུག་དགོས། ཁེ་ལས་དང་མཉམ་ལས་བྱ་རྒྱུ་གཞི་རྟེན་དུ་བྱེད་པའི་དབུལ་སྐྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཤར་ནུབ་རྒྱུད་ཀྱིས་ས་གནས་དེ་གའི་བྱེད་པོའི་ནུས་པའི་ངེས་གནས་ལ་གཞིགས་ཏེ་ཐོན་ལས་གླིང་མཉམ་དུ་བསྐྲུན་ནས་ཤར་རྒྱུད་ཀྱི་ཤེས་ལྡན་མི་སྣ་དང་། མ་དངུལ། ལག་རྩལ་བཅས་ས་ཁུལ་དབུལ་པོར་སྐོར་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་སྟོབས་ཆེའི་རྫོང(གྲོང་ཁྱེར)དང་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གཙོ་གནད་རྫོང“མཉམ་དུ་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི”བྱ་སྤྱོད་ལག་བསྟར་བྱས་ཏེ་ཤར་རྒྱུད་ཀྱི་ཞིང་ཆེན(ཐད་གཏོགས་གྲོང་ཁྱེར)ཁག་གིས་ས་ཆ་དེ་རང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཧུར་ཐག་སྒྲུབ་དགོས་པ་དང་ཆབས་གཅིག རྫོང(གྲོང་ཁྱེར)གི་ནུས་པ་དེ་བས་འདོན་སྤེལ་བྱས་ནས་དབུལ་སྐྱོར་མཉམ་ལས་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་དང་ཆ་སྒྲིག་རོགས་རམ་གྱི་ལས་དོན་སྤེལ་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཛུགས་དགོས།
(ཉེར་གསུམ)གནས་གཏན་འཁེལ་གྱི་དབུལ་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་བཙུགས་ཏེ་ཚན་པ་ཁག་གི་དབུལ་སྐྱོར་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་འགན་ལེན་བྱེད་དགོས། ཀྲུང་དབྱང་ཁེ་ལས་ཀྱིས་གནས་གཏན་འཁེལ་དབུལ་སྐྱོར་བྱ་ཡུལ་གྱི་གསར་བརྗེའི་གནས་རྙིང་རྫོང་དུ“རྫོང་བརྒྱ་གྲོང་ཁྲིའི”བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་དགོས། གནས་གཏན་འཁེལ་གྱི་དབུལ་སྐྱོར་སྣེ་ཁྲིད་ཀྱི་འབྲེལ་གཏུག་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྡེ་ཚན་ཁག་གིས་སྣེ་ཁྲིད་བྱས་ཏེ་ལས་བགོས་ལྟ་སྐུལ་མཛུབ་ཁྲིད་གཞིར་བཟུང་། ཚན་པའི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་དགོས།
(ཉེར་བཞི)སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དམངས་གཉེར་ཁེ་ལས་དང་། སྤྱི་ཚོགས་རྩ་འཛུགས། མི་སྒེར་བཅས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་རྒྱུར་ལྕག་སྐུལ་བཏང་ནས་སྤྱི་ཚོགས་ཀྱི་དབུལ་སྐྱོར་ཐོན་ཁུངས་དང་གནད་སྨིན་དབུལ་སྐྱོར་སྦྲེལ་མཐུད་ནུས་ལྡན་ཐུབ་པ་བྱེད་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་ལྟེ་བ་གཤམ་ལ་ཕྱོགས་ནས་གྲོང་ཚོ་དང་དུད་ཚང་རང་མོས་ངང་འགན་གཙང་ལེན་དུ་བཅུག་སྟེ་དུད་ཚང་དབུལ་པོ་ཚང་མར་ཏང་ཡོན་ལས་བྱེད་པའམ་སེམས་བཟང་ཅན་གྱི་ཆ་སྒྲིག་རོགས་སྐྱོར་ཐོབ་པར་བྱེད་དགོས། གྲོང་གསེབ་ཀྱི་དབུལ་པོ་ལས་ཞུགས་བྱེད་པའི་ཁེ་ལས་བཀུག་ནས་གཏན་འབེབས་བཞིན་ཁྲལ་འབབ་གཟིགས་སྐྱོང་དང་ལས་རིགས་གསོ་སྦྱོང་ཁ་གསབ་སོགས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག ཁེ་ལས་དང་མི་སྒེར་གྱི་སྤྱི་ཕན་དབུལ་སྐྱོར་ཞལ་འདེབས་ཀྱི་ཐོབ་ཁྲལ་མ་བཅག་གོང་གི་འཕྲི་འཐེན་སྲིད་ཇུས་དོན་འཁྱོལ་བྱེད་དགོས། དམངས་གཙོ་ཏང་ཤོག་ཁག་དང་། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣས་ཤེས་ལྡན་དང་རིག་སྟོབས་ཀྱི་དབུལ་སྐྱོར་ལེགས་ཆ་དང་ནུས་པ་ལེགས་པར་འདོན་དགོས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ཁོངས་གཏོགས་ཀྱིས་དམངས་གཉེར་ཁེ་ལས་སྒྲིག་འཛུགས་ཀྱིས“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་པ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྤེལ་དགོས། སྲིད་གཞུང་གིས་ཞབས་ཞུའི་ལས་གནས་ཉོ་བ་སོགས་ཀྱི་ཐབས་ལམ་བརྒྱུད་སྤྱི་ཚོགས་རྩ་འཛུགས་ཁག་གྲོང་ཚོ་དང་དུད་ཚང་ལ་བསྐྱོད་དེ་གནད་སྨིན་དབུལ་སྐྱོར་ཡོང་བར་སྐུལ་མ་གཏོང་དགོས། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་གཏན་འཁེལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དུད་ཚང་དབུལ་པོར་འབབ་འཕར་ཡོང་བའི་ཁེ་ལས་ཀྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་དབུལ་སྐྱོར་སྤྱི་ཕན་ཐེབས་རྩ་འཛུགས་པ་དང་དབུལ་སྐྱོར་སྤྱི་ཕན་གྱི་ཡིད་རྟོན་འཕེལ་བ་བྱེད་དགོས། “10·17”གྱི་རྒྱལ་ཡོངས་དབུལ་སྐྱོར་ཉིན་མོའི་སྤྱི་ཚོགས་སྐུལ་སློང་ནུས་པ་ཆེ་རུ་གཏོང་དགོས། དབུལ་སྐྱོར་དང་བླངས་པའི་བྱ་སྤྱོད་འཆར་གཞི་དང་སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་པའི་ས་ཁུལ་དབུལ་པོའི་ཞབས་ཞུའི་འཆར་གཞི་ལག་ལེན་བསྟར་དགོས། དབུལ་སྐྱོར་སྤྱི་ཕན་སྤུས་རྟགས་དམིགས་བཀར་དུ་བཏོད་དེ་དབུལ་སྐྱོར་ཞལ་འདེབས་ཆ་འཕྲིན་ཁྱོན་ཡོངས་དང་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ཏེ་སྤྱི་ཚོགས་དབུལ་སྐྱོར་གྱི་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་དང་མཚན་སྙན་བཟང་པོ་མཐོ་རུ་གཏོང་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་ཆ་འཕྲིན་ཞབས་ཞུའི་དྲ་རྒྱ་བཙུགས་པ་དང་སྤྱི་ཕན་ཀུན་གྲབས་བྱེད་པའི་དབུལ་སྐྱོར་འཕེལ་རྒྱས་གཏོང་རྒྱུ་འཚོལ་ཞིབ་བྱེད་དགོས།
བདུན། རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ་དབུལ་སྒྲོལ་འགག་སྒྲོལ་ལ་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས།
(ཉེར་ལྔ) ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་དགོས། དུས་སྐབས་གསར་པའི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་འཐབ་ཇུས་དང་དགོངས་པ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་རང་རེའི་ཏང་དང་སྲིད་གཞུང་གིས་མི་དམངས་དུང་ཕྱུར་མང་པོ་སྣེ་ཁྲིད་དེ་དབུལ་སྒྲོལ་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་བྱེད་པ་དང་གནད་སྨིན་དབུལ་སྐྱོར་གྱི་ལག་ལེན་གྱི་གྲུབ་འབྲས་ཉམས་ལེན་དང་རིམ་སྤོར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་དབུལ་སྐྱོར་འགག་སྒྲོལ་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་གཏོད་དགོས།
(ཉེར་དྲུག) དབུལ་པོའི་ས་ཁུལ་གྱི་ཤང་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་འབད་བརྩོན་ལྷོད་མེད་དང་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་གཏོང་བ་དང་། དབུལ་པོའི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ཤུགས་འཕེལ་བ་བྱེད་པ། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་ཏུ་གཏོང་བ་བཅས་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། དེང་རབས་ཤེས་དཔལ་གྱི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་རྗེས་ལུས་ཀྱི་ཡུལ་སྲོལ་གོམས་གཤིས་འགྱུར་ལྡོག་བཏང་ནས་དབུལ་སྐྱོར་དཀའ་སེལ་ཁྲོད་ཀྱི་ཤང་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་མཁས་པོ་བྱེད་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་དབུལ་སྒྲོལ་གྱི་སྤྲོ་སེམས་འཕེལ་བ་བྱེད་དགོས། རིག་གནས་ཀྱི་གཏོང་ཆ་དབུལ་པོའི་ས་ཁུལ་དུ་གཟིགས་སྐྱོང་བྱ་རྒྱུར་སྐུལ་མ་བཏང་སྟེ་རིག་གནས་དམངས་ཕན་གྱི་དབུལ་སྐྱོར་རྣམ་གྲངས་ཁག་ཅིག་གཅིག་སྡུད་ཐོག་ལག་བསྟར་བྱས་ནས་གྲོང་ཚོ་རིམ་པའི་རིག་གནས་ལྟེ་གནས་ཡོངས་ཁྱབ་ངང་སྐྲུན་དགོས། དབུལ་པོའི་ས་ཁུལ་གྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་དང་ཤེས་དཔལ་ཁྱིམ་ཚང་གཏོད་དགོས། དབུལ་པོའི་ས་ཁུལ་གྱི་རྫོང་རིམ་པའི་སྤྱི་ཕན་རིག་གནས་ཀྱི་ལུས་རྩལ་སྒྲིག་ཆས་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་རྒྱུར་སྐུལ་མ་གཏོང་དགོས། དབུལ་པོའི་ས་ཁུལ་ལ་གསར་བརྗེ་དང་མི་རིགས། དམངས་སྲོལ་རིག་གནས་ཐོན་ཁུངས་བཅས་སྔོག་འདོན་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིག་གནས་ཚན་པ་དང་། རིག་རྩལ་ལས་དོན་པ། སྤྱི་ཚོགས་སྟོབས་ཤུགས་གཞན་བཅས་ཀྱིས་དབུལ་པོའི་ས་ཁུལ་ལ་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་མ་གཏོང་དགོས།
(ཉེར་བདུན) དབུལ་སྒྲོལ་འགག་སྒྲོལ་དྲིལ་བསྒྲགས་བྱེད་པའི་ལས་དོན་ཏན་ཏིག་སྒྲུབ་དགོས། ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་དབུལ་སྐྱོར་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་དྲིལ་བསྒྲགས་དང་ཏང་དང་སྲིད་གཞུང་གི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་དང་སྲིད་ཇུས་བྱ་ཐབས་ལྟ་ཀློག་ཡང་དག་བྱས་ཏེ། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཕུན་སུམ་ཚོགས་པའི་ལག་ལེན་དང་སྔོན་ཐོན་དཔེ་མཚོན་གསོན་ཉམས་དོད་པོས་དྲིལ་བསྒྲགས་བྱེད་དགོས། རྒྱལ་ཁབ་ཀྱི་དབུལ་སྐྱོར་གཟི་བརྗིད་ལམ་ལུགས་འཛུགས་པ་དང་དབུལ་སྐྱོར་གསར་སྤེལ་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་རྩ་འཛུགས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱ་ཤུགས་ཆེ་རུ་བཏང་ནས་དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་གསུང་སྒྲ་བརྒྱུད་བསྒྲགས། དབུལ་པོ་ཉུང་དུ་གཏོང་བའི་ཀྲུང་གོའི་འདུ་ཤེས་རྒྱས་བཤད་ཡག་པོ་བཅས་བྱེད་དགོས།
(ཉེར་བརྒྱད) རྒྱལ་སྤྱིའི་དབུལ་པོ་ཉུང་ཏུ་གཏོང་བའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཕྱི་ཕྱོགས་སུ་རོགས་སྐྱོར་དང་། རྣམ་གྲངས་མཉམ་ལས། ལག་རྩལ་རྒྱ་སྐྱེད། རིག་མཛོད་སྤེལ་རེས་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྒྲིག་གཞིའི་དབར་དབུལ་པོ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་སྤྱིའི་སྔོན་ཐོན་གྱི་དབུལ་པོ་ཉུང་ཏུ་གཏོང་བའི་འདུ་ཤེས་དང་ཉམས་མྱོང་དཔྱད་གཞིར་ཧུར་ཐག་འཛིན་དགོས། དབུལ་པོ་ཉུང་ཏུ་གཏོང་བའི་རྒྱལ་སྤྱིའི་འགན་འཁྲི་ལག་བསྟར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོ་བར་རྒྱུན་མཐུད་འཕེལ་རྒྱས་གཏོང་བའི་གྲོས་རིམ་དོན་འཁྱོལ་ཧུར་ཐག་བྱས་ཏེ་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་དུ་གཏོང་བའི་བྱ་གཞག་ཐད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
བརྒྱད། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།
(ཉེར་དགུ)དབུལ་སྒྲོལ་འགག་སྒྲོལ་གྱི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་གིས་སྤྱི་འདོམས་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱིས་སྤྱི་འགན་ཁུར་བ། གྲོང་ཁྱེར(ས་ཁུལ)དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་ལས་ཀའི་ལམ་སྲོལ་ལག་བསྟར་བྱས་ཏེ་ཡུག་ཁུལ་གཙོ་གནད་དུ་བཟུང་རྒྱུ་དང་དམིགས་ས་ཡོད་པའི་སྒོ་ནས་གྲོང་ཚོ་དང་དུད་ཚང་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དབུལ་སྐྱོར་གསར་སྤེལ་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྤྱི་འདོམས་བྱས་ནས་བཟོ་རྒྱུའི་འགན་ཁུར་ཏེ་སྲིད་ཇུས་ཀྱི་བྱེད་ཐབས་གལ་ཆེན་འདོན་པ་དང་འདུ་འགོད་གལ་ཆེན་གྱི་རྣམ་གྲངས་འཆར་འགོད་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་སྤྱི་འགན་ཁུར་ནས་དམིགས་ཚད་གཏན་འཁེལ་དང་། རྣམ་གྲངས་དོན་འཁྱོལ། མ་དངུལ་གཏོང་བ། སྒྲིག་འཛུགས་སྐུལ་སློང་། ལྟ་སྐུལ་དཔྱད་ཞིབ་སོགས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཁྱེར(ས་ཁུལ)ཏང་ཨུད་དང་སྲིད་གཞུང་གིས་གོང་འོག་འབྲེལ་མཐུད་དང་། ས་ཁོངས་མཐུན་སྦྱོར། ལྟ་སྐུལ་ཞིབ་བཤེར་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་ནས་སེམས་ནུས་ཚང་མ་རྫོང་དབུལ་པོ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་རྒྱུའི་ཐོག་འཇོག་དགོས། རྫོང་རིམ་པའི་ཏང་ཨུད་དང་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་འཁུར་དགོས་པ་དང་། ཧྲུའུ་ཅི་དང་རྫོང་དཔོན་འགན་འཁུར་བ་དང་པོ་ཡིན་པའི་ཐོག་ནས་མྱུར་ཚད་བཀོད་སྒྲིག་དང་། རྣམ་གྲངས་དོན་འཁྱོལ། མ་དངུལ་བེད་སྤྱོད། མི་ཤུགས་བཀོད་སྒྲིག ལག་བསྟར་བྱ་རྒྱུར་བཀོད་འདེད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲིའི་ཡི་གེ་རིམ་གྱིས་བཞག་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལྕི་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ཀྲུང་དབྱང་དང་དབུལ་སྒྲོལ་འགན་འཁྲིའི་ཡི་གེ་བཞག་སྟེ་ལོ་ལྟར་ཀྲུང་དབྱང་ལ་དབུལ་སྐྱོར་དབུལ་སྒྲོལ་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུ་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར(ས་ཁུལ)རྫོང(གྲོང་ཁྱེར) ཤང་གྲོང་བཅས་ལ་བླང་བྱ་འདོན་དགོས་པ་དང་འབྲེལ་འགན་འཁྲིའི་ལམ་ལུགས་རིམ་གྱིས་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པའི་དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་གཞིར་བཟུང་། སྡེ་ཚན་གྱི་ཆེད་དོན་འཆར་འགོད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཆར་འགོད་ནུས་ལྡན་ངང་འབྲེལ་མཐུད་བྱས་ཏེ། ལས་རིགས་ཐོན་ཁུངས་གང་ལེགས་སྤྱད་ནས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་གནས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ནང་ཧུར་ཐག་ཞུགས་དགོས། རྫོང་རིམ་པའི་ལས་བྱེད་པ་བསྐོ་སྤྱོད་ཀྱི་ལམ་སྲོལ་ལེགས་སུ་གཏོང་བ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ནང་གི་ཕུལ་བྱུང་ལས་བྱེད་པ་གཅིག་འདོམས་ཀྱིས་དབུལ་སྐྱོར་ལས་འགན་ལྕི་བའི་རྫོང་དུ་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་ལས་འགན་ཁུར་བར་མངགས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་གྲུབ་འབྲས་དངོས་ལས་བྱེད་པ་འདེམས་པའི་གཞི་འཛིན་ས་གལ་ཆེན་དུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་རིང་གི་རྫོང་དབུལ་པོའི་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལས་ཀའི་རྣམ་འགྱུར་ལེགས་པ་དང་ཆ་རྐྱེན་འཚམ་རིགས་དེ་རང་དུ་གོ་གནས་སྤར་དགོས། ཕུལ་བྱུང་ན་གཞོན་ལས་བྱེད་པ་དང་། ལྷག་པར་དུ་རྗེས་གྲབས་ལས་བྱེད་པ་ས་ཁུལ་དབུལ་པོར་གཏོང་བའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། འཆར་གཞི་ཡོད་པའི་སྒོ་ནས་ཞིང་ཆེན་རིམ་པའི་རྗེས་གྲབས་ལས་བྱེད་པ་རྫོང་དབུལ་པོར་གོ་གནས་འཁུར་རྒྱུའི་བཀོད་སྒྲིག་བྱེད་དགོས་པ་དང་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུད་དང་སྲིད་གཞུང་ཁག་གིས་ཐིང་དང་ཅུས་རིམ་པའི་རྗེས་གྲབས་ལས་བྱེད་པ་རྫོང་དབུལ་པོར་གོ་གནས་ཁུར་བར་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བྱས་ཏེ་སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། བླང་བྱ་ནན་པོ་འདོན་པ། སྤྱོད་ཚུལ་ཏན་ཏིག་བཅས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་འགོ་ནས་མཇུག་བར་ཁྱབ་པ་བྱེད་དགོས།
(སུམ་ཅུ) གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱེད་དགོས། ཤང་དང་གྲོང་རྡལ་དབུལ་པོའི་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དམིགས་ས་ཡོད་པའི་སྒོ་ནས་ཆབ་སྲིད་ཀྱི་ཆུ་ཚད་མཐོ་བ་དང་། ལས་ཀའི་ནུས་པ་ཆེ་བ། “ཞིང་གསུམ”ལས་དོན་ལ་རྒྱུས་མངའ་ཡོད་པ་བཅས་ཀྱི་ལས་བྱེད་པ་ཤང་དང་གྲོང་རྡལ་དབུལ་པོའི་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོའི་འགན་འཁུར་རྒྱུར་བདམས་སྦྱོར་བྱེད་དགོས། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྲོག་ཤིང་དུ་བྱེད་པའི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གྲོང་ཚོའི་ཏང་རྩ་འཛུགས་གཅིག་སྡུད་ཐོག་དག་ཐེར་བྱེད་པ་དང་། གྲོང་ཚོ་དབུལ་པོའི་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཆེ་རུ་གཏོང་བ། བཟོ་ཚོགས་དང་། གུང་གཞོན་སྡེ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། གྲོང་ཚོ་རིམ་པའི་འགོ་ཁྲིད་ཚན་ཁག་བདམས་སྦྱོར་ཡག་པོ་བྱེད་པ་དང་། གྲོང་ཚོའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་ལ་མངོན་གསལ་དུ་དམ་འཛིན་ཡག་པོ་བྱེད་པ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་འཁོར་སྐྱོད་འགྲོ་གྲོན་འགན་ལེན་གྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གྲོང་ཚོའི་ལས་བྱེད་པའི་གླ་ཆ་དང་། གྲོང་ཚོའི་གཞུང་དོན་འགྲོ་གྲོན། དགོས་ངེས་ཀྱི་འགྲོ་གྲོན་གཞན་བཅས་འགན་ལེན་གྱི་གཙོ་གནད་དུ་བརྩི་དགོས། བསམ་བློའི་ཆུ་ཚད་མཐོ་བ་དང་། སྤྱོད་ཚུལ་བཟང་བ། ནུས་པ་ཆེ་བ་བཅས་ཀྱི་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་ས་ཁུལ་དབུལ་པོའི་གྲོང་ཚོར་བཅའ་སྡོད་བྱེད་པར་འདེམས་གཏོང་བྱེད་པ་དང་སློབ་ཆེན་ཐོན་པའི་སློབ་མ་གྲོང་ཚོ་དབུལ་པོར་ལས་ཀ་བྱེད་པར་གདམ་གསེས་དང་གདན་ཞུ་བྱ་རྒྱུར་སྣང་ཆེན་བྱེད་དགོས། གྲོང་ཚོ་དབུལ་པོའི་དངོས་ཡོད་དགོས་མཁོ་གཞིར་བཟུང་། ཧྲུའུ་ཅི་དང་པོ་གནད་སྨིན་བདམས་སྦྱོར་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གནད་སྨིན་འདེམས་གཏོང་བྱས་ནས་རྫོང་རིམ་པ་ཡན་གྱི་ལས་ཁུངས་ཀྱིས་ལས་བྱེད་པ་འདེམས་གཏོང་བྱེད་པའི་བསྡུར་ཚད་ཆེ་རུ་གཏོང་དགོས། གྲོང་ཚོར་བཅའ་སྡོད་ལས་བྱེད་པར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་བརྟན་པོ་མ་བྱུང་ན་དཔུང་ཁག་ཕྱིར་འཐེན་བྱེད་མི་རུང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བྱས་རྗེས་བཞག་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་གཙོ་གནད་ཐོག་གསོ་སྐྱོང་བྱེད་པ་དང་བེད་སྤྱོད་གཏོང་དགོས། གྲོང་ཚོ་དབུལ་པོའི་གྲོང་དོན་ལྟ་སྐུལ་ཨུ་ལྷན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས“གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས”དང་གྲོང་དོན་འབྲེལ་གཏུག་ཨུ་ལྷན་སོགས་ཀྱི་ལམ་ལུགས་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གྲོང་མིའི་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དགོས་མཁོ་དངོས་ཡོད་པའི་ས་གནས་སུ་གྲོང་མིའི་ཚོགས་ཆུང་ངམ་ཡང་ན་རང་བྱུང་གྲོང་ཚོར་གྲོང་མི་རང་སྐྱོང་བྱ་རྒྱུ་འཚོལ་ཞིབ་བྱེད་པ་དང་། ལས་དོན་ལ་གྲོས་མོལ་བྱས་པ་བརྒྱུད། མང་ཚོགས་ཀྱིས་རང་རྟོགས་ངང་དབུལ་སྐྱོར་གསར་སྤེལ་ནང་རྒྱ་ཁྱབ་ཞུགས་རྒྱུའི་སྒྲིག་འཛུགས་བྱེད་དགོས།
(སོ་གཅིག) དབུལ་སྐྱོར་དཔྱད་ཞིབ་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་པོ་བྱེད་དགོས། ཀྲུང་དབྱང་གིས་དུས་ཚོད་དམ་འཛིན་གྱིས་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་ཨུད་དང་སྲིང་གཞུང་གི་དབུལ་སྐྱོར་གསར་སྤེལ་ལས་ཀའི་ཕན་འབྲས་ལ་དཔྱད་ཞིབ་བྱེད་ཐབས་འདོན་དགོས། ལོ་འཁོར་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རིམ་པ་རེ་རེ་བཞིན་ལྟ་སྐུལ་བྱེད་པའི་ལམ་ལུགས་བཟོས་ཏེ། གནད་ཆེའི་སྡེ་ཚན་དང་གནད་ཆེའི་ས་གནས་གདམ་ག་བྱས་ཏེ་མཉམ་འབྲེལ་ཐོག་ལྟ་ཞིབ་བྱས་ནས་དོན་འཁྱོལ་ནུས་ལྡན་མ་བྱུང་བའི་སྡེ་ཚན་དང་ས་གནས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་སྙན་ཞུ་བྱེད་པ་མ་ཟད། འགན་འཁྲི་བདའ་འདེད་ཀྱི་གྲོས་འགོའང་འདོན་དགོས་པ་དང་། ལོ་འཁོར་གྱི་དབུལ་པོ་ཉུང་གཏོང་གི་ལས་འགན་ལེགས་གྲུབ་བྱུང་མེད་པའི་ཞིང་ཆེན་ལ་དེའི་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་ཁ་ཆད་གྲོས་མོལ་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་རྫོང་དབུལ་པོར་དབུལ་སྐྱོར་བྱེད་པའི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས་མགྱོགས་མྱུར་བཟོས་ཏེ་དབུལ་ཕོངས་ཉུང་གཏོང་དམིགས་ཚད་ཀྱིས་རྫོང་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བྱེད་པའི་དམིགས་ཚད་ནང་བཟུང་བའི་དབང་ཟློས་ཆེས་ཆེར་གཏོང་བ་དང་དབུལ་སྐྱོར་ལས་དོན་གྱི་འགན་འཁྲིའི་གསལ་ཐོ་བཟོ་དགོས། གསར་སྤེལ་ཚོད་འཛིན་ས་ཁོངས་དང་སྣོད་བཅུད་ཞན་པའི་རྫོང་དབུལ་པོར་ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་ལ་དཔྱད་ཞིབ་མི་བྱེད་པའི་བླང་བྱ་མགྱོགས་མྱུར་དོན་འཁྱོལ་བྱེད་དགོས། རྫོང་དབུལ་པོར་ཚོད་འཛིན་བྱེད་པའི་ལམ་སྲོལ་དོན་འཁྱོལ་དང་། རྒྱས་སྤྲོས་ཆུད་ཟོས་གཏན་འགོག བསྲི་ཚགས་གྲོན་ཆུང་། “གཞུང་དོན་གསུམ”གྱི་འགྲོ་གྲོན་ཚོད་འཛིན་ནན་པོ། རྫོང་དབུལ་པོའི“རྒྱས་སྤྲོས་གཞུང་དོན་ཁང་”དང“ཞྭ་མོ་གཡོག་པའི”ཕྱུག་ངོམ་སྲོལ་ངན་མཐའ་གཅིག་ཏུ་བཀག་འགོག དོན་དངོས་དང་མི་མཐུན་པའི་གཟུགས་བརྙན་འདུ་འགོད་གཏན་འགོག་བཅས་བྱེད་དགོས། དབུལ་འབྲེལ་དོན་རྐྱེན་ཚབས་ཆེན་ཐག་གཅོད་དང་ལྡོག་འདྲེན་ལམ་སྲོལ་བཟོས་ནས་དཔེ་མཚོན་དོན་རྐྱེན་ཐག་གཅོད་བྱེད་རིང་། གནད་དོན་ཤེས་རྟོགས་ཐུབ་པ་དང་དབུལ་སྐྱོར་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་དབུལ་པོ་བསྡོམས་རྩིས་དང་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་དང་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་བཏང་ནས་གཞི་གྲངས་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་པ་བྱེད་དགོས།
(སོ་གཉིས)དབུལ་སྐྱོར་གསར་སྤེལ་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་དང་ལས་ཀའི་སྒྲིག་གཞི་བརྟན་དུ་གཏོང་བ་དང་ཤུགས་སྣོན་རྒྱག་དགོས། དབུལ་སྐྱོར་གསར་སྤེལ་གྱི་ལས་འགན་ལྕི་བའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་། གྲོང་ཁྱེར(ས་ཁུལ) རྫོང(གྲོང་ཁྱེར)བཅས་ཀྱི་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཏང་སྲིད་འགན་ཁུར་བ་གཙོ་བོའི་བློ་མཐུན་གྱིས་བྱས་ནས་རིམ་ཁག་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་འཐབ་ཇུས་བཀོད་སྒྲིག་དང་། སྤྱི་འདོམས་མཐུན་སྦྱོར། ལྟ་སྐུལ་དོན་འཁྱོལ། ཞིབ་བཤེར་དཔྱད་ཞིབ་བཅས་ཀྱི་འགན་ནུས་ལ་ཤུགས་སྣོན་རྒྱག་དགོས། གནད་སྨིན་དབུལ་སྐྱོར་ལས་དོན་གྱི་བླང་བྱ་དང་འཚམ་པའི་དབུལ་སྐྱོར་གསར་སྤེལ་དཔུང་ཁག་དང་སྒྲིག་གཞི་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་རིམ་ཁག་དབུལ་སྐྱོར་གསར་སྤེལ་སྒྲིག་གཞིའི་སྒྲིག་བཀོད་དང་འགན་ནུས་འཐུས་ཚང་དུ་བཏང་ནས་རིམ་ཁག་དབུལ་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། དབུལ་སྐྱོར་གྱི་ལས་འགན་ལྕི་བའི་ཤང་གྲོང་དུ་ཆེད་འགན་འཁུར་མཁན་ལས་བྱེད་པས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་འགན་ཁུར་དགོས། ས་ཁུལ་དབུལ་པོའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་དབུལ་སྐྱོར་ལས་བྱེད་པའི་བསམ་བློའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྐྱོར་ལས་བྱེད་པའི་དཔུང་ཁག་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས།
(སོ་གསུམ)དབུལ་སྐྱོར་གསར་སྤེལ་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་བྱེད་ཐབས་ཐོག་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ཁོངས་འཆར་འགོད་དང་། རྣམ་གྲངས་བཀོད་སྒྲིག མ་དངུལ་བེད་སྤྱོད། ལྟ་སྐུལ་དོ་དམ་སོགས་ཀྱི་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་དབུལ་པོའི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་རྒྱུ་དང་གཞི་རིམ་གྱི་ཁྲིམས་འཛིན་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁུལ་དབུལ་པོའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་དབུལ་པོའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས། དབུལ་སྐྱོར་གསར་སྤེལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། དབུལ་སྐྱོར་གསར་སྤེལ་གྱི་སྲོལ་ཡིག་དམ་འཛིན་བྱས་ནས་བཟོ་དགོས།
ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གོང་བུ་གཅིག་སྒྲིལ་དང་། འབད་འབུངས་སྟོབས་བརྩོན། དཀའ་སྤྱད་དངོས་སྒྲུབ། དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་པའི་གློག་འཕྲིན)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣