དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་གྲོང་བསྐོར་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-12-07

    232044_yis_1449376442100.jpg

    འདི་ནི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་གྲོང་བསྐོར་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭར་བརྟག་ཞིབ་གནང་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་གྲོང་བསྐོར་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་འཛུགས་སྐྲུན་ལ་བརྟག་ཞིབ་གནང་བ་དང་སྦྲགས་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཤིང་། ཁོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་སྲིད་ཇུས་ཀྱི་ཁེ་སྤོགས་དམ་འཛིན་ནན་པོ་དང“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་སྤྱི་འདོམས་བསམ་གཞིག་དང་ད་བརྒལ་འཆར་འགོད་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་དང“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཚུགས་ལོ་ལ་ཆེ་སྒྲུབ་བྱས་ནས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་པ་དང་མྱུར་ཚད་འགྲན་རེས་བྱེད་པའི་རྣམ་འགྱུར་གྱི་ཐོག་ནས་དད་སེམས་བརྟན་དུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། སྤེན་པ་བཀྲ་ཤིས། ཅང་ཅེ་དང་བཅས་པ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ལྷ་སའི་གྲོང་བསྐོར་མྱུར་བགྲོད་གཞུང་ལམ་དེ་ཤར་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་སྦྲེལ་བ་དང་། ལྷོ་ལྷ་ས་ནས་གོང་དཀར་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་དང་སྦྲེལ་བ། ནུབ་རྒྱལ་ལམ་318དང་སྦྲེལ་བ། བྱང་རྒྱལ་ལམ་109དང་སྦྲེལ་བ་བཅས་ཡོད་པ་དེ་འཆར་འགོད་བྱེད་བཞིན་པའི་ལྷ་གཞིས་དང་ལྷ་ནག་གི་མཐོ་རིམ་གཞུང་ལམ་དང་ཕན་ཚུན་སྦྲེལ་མཐུད་བྱས་ཡོད་པ་རེད། མིག་སྔར་རྔ་ཆེན་ཟམ་ཆེན་ཨར་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་གྲོང་བསྐོར་ལམ་གྱི་བྱང་དུམ་བུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་གྲོང་བསྐོར་ལམ་གྱི་ལྷོ་དུམ་བུ་དང་སྣེའུ་ཟམ་ཆེན་སྔོན་དཔག་བྱས་ན་ཟླ་12པའི་ཟླ་མཇུག་ཏུ་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་ཡིན་པས་སྐབས་དེར“ཟམ་པ་གཉིས་དང་མ་ལམ་གཉིས”ཀྱིས་སྒྲོམ་གཞི་བྱེད་པ་དང་། ཤར་ནུབ་སྦྲེལ་བ། ཕྱོགས་བཞི་ཤར་གཏོང་ཐུབ་པ་བཅས་ཀྱི་གྲོང་ཁྱེར་གྱི་མྱུར་བགྲོད་བསྐོར་ལམ་འགྲིམ་འགྲུལ་ཞིག་ཆགས་རྒྱུ་རེད། བློ་བཟང་རྒྱལ་མཚན་གྱིས་གྲོང་བསྐོར་ལམ་གྱི་བྱང་དུམ་བུ་དང་ལྷོ་དུམ་བུའི་བཟོ་དུས་དང་པོ་དང་བཟོ་དུས་གཉིས་པ། སྣེའུ་ཟམ་ཆེན་གྱི་ལས་གྲྭའི་འཆར་འགོད་དང་། ཇུས་འགོད། མྱུར་ཚད་བཅས་ཀྱི་གནས་ཚུལ་སྙན་ཞུ་ནན་ཏན་ངང་གསན་ནས་ལས་གྲྭའི་འཆར་འགོད་འཛུགས་སྐྲུན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་དང་། བསྐལ་ལ་ཕུག་ལམ། ཡར་ཀླུང་གཙང་པོའི་ཟམ་པ་ཧ་ཅང་ཆེན་པོ་བཅས་ཀྱི་རྒྱས་སྐྲུན་ལས་བསྒྲུབས་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། དེ་བཞིན་ལྷ་ས་ནས་གཞིས་རྩེ་བར་དང་ལྷ་ས་ནས་ནག་ཆུའི་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་དེ་ཉིན་རེའི་གྲོས་རིམ་ནང་བཅུག་པ་དང་། ལྷ་སའི་གྲོང་ཁུལ་གྱི་ལྷོ་བྱང་རྒྱུད་གཉིས་ཀྱི་འཆར་འགོད་འཛུགས་སྐྲུན་གྱི་གྲོང་བསྐོར་མྱུར་བགྲོད་ལམ་བུ་བརྒྱུད་ལྟེ་བའི་གྲོང་ཁྱེར་བསྐོར་ལམ་གྱི་འགྲིམ་འགྲུལ་མ་ལག་ཆགས་པ་བྱས་ཏེ། ལྟེ་བའི་གྲོང་ཁྱེར་གྱི་འགག་རྩའི་ནུས་པ་ཆེ་རུ་གཏོང་རྒྱུར་ཧ་ཅང་དགོས་ངེས་དང་དོན་སྙིང་གལ་ཆེན་ལྡན་ཡོད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་གྲོང་ཁྱེར་གྱི་གྲོང་སྲིད་ལམ་བུ་དང་སྦྲེལ་མཐུད་བྱས་ཡོད་པས། ད་ཡོད་ཀྱི་འགྲོ་ལམ་བཀོད་པ་དེ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་གྲོང་ཁྱེར་འགྲིམ་འགྲུལ་གྱི་དགོས་མཁོ་དང་དེ་བས་མི་འཚམ་པས་ལམ་དྲ་འཐུས་ཚང་དུ་གཏོང་རྒྱུ་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། གྲོང་བསྐོར་གཞུང་ལམ་གྱི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་འགྲིམ་འགྲུལ་གྱི་ལས་ཕྱོད་མཐོ་རུ་བཏང་ནས་དེང་རབས་འགྲིམ་འགྲུལ་ལ་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་རྒྱུན་ཆད་མེད་པར་འཚམ་པ་དང་མི་དམངས་མང་ཚོགས་འགྲོ་སྐྱོད་སྟབས་བདེའི་རེ་སྒུག་གསར་པའི་དགོས་མཁོ་བསྐང་རྒྱུ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྷ་སའི་གྲོང་སྐོར་གྱི་མྱུར་བགྲོད་གཞུང་ལམ་ནི་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཡིན་ལ་བོད་ཀྱིས“ལྷ་སས་ལྟེ་བ་བྱེད་པའི་ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་འཁོར་རྒྱ”གཏོད་པའི་འགག་རྩ་གལ་ཆེན་ཞིག་ཡིན་པས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་སའི་དཔལ་འབྱོར་འཁོར་རྒྱ་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་འཁོར་རྒྱུག་འབུར་ཚིགས་གྲོང་ཁྱེར་འཛུགས་སྐྲུན་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་རྟེན་གཞི་གལ་ཆེན་སྟོབས་ཆེར་གཏོང་བ། རང་ལྗོངས་ཀྱི་དེང་རབས་ཀྱི་མ་ལམ་གཙོ་བོའི་དྲ་བའི་གྲུབ་ཆ་འཐུས་ཚང་དུ་བཏང་ནས་བོད་དབུས་ཀྱི་དཔལ་འབྱོར་ཁུལ་དང་འཁོར་རྒྱའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ལྷ་ས་གྲོང་ཁྱེར་གྱིས་འཐབ་ཇུས་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལྷ་སའི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་དང་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་དང་ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་སོགས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་ཏེ་དུས་འགོའི་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། མྱུར་ཚད་མགྱོགས་སུ་གཏོང་བ། གཅིག་སྒྲིལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྔ་ཙམ་ཕན་འབྲས་ཐོན་རྒྱུའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་རྣམ་གྲངས་ལ་དམ་འཛིན་ཡག་པོ་བྱེད་པ་ནི་དཔལ་འབྱོར་དམ་འཛིན་དང་། བརྟན་པོའི་ངང་འཕར་བ། འཕེལ་རྒྱས་ལ་སྐུལ་མ་གཏོང་བ་བཅས་ཀྱི་འདུ་ཤེས་ལག་བསྟར་ཡག་པོ་དང་དམངས་འཚོ་སྔོན་ལ་སྤེལ་བ་དང་། རྣམ་གྲངས་ཀྱིས་སྐུལ་འདེད། དངུལ་རྩ་དྲན་སྐུལ། ཁྲོམ་རར་སྐུལ་འདེད། གསར་གཏོད་འདེད་སྐུལ། ཁོར་ཡུག་གི་སྐུལ་སྤེལ་བཅས་ཀྱི་ནུས་ལྡན་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་བསམ་བློར་བཅིངས་འགྲོལ་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ལས་གྲྭའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་འགོ་ཚུགས་ས་མཐོ་པོའི་སྒོ་ནས་འཆར་འགོད་བྱེད་པ་དང་། སྤུས་ཚད་མཐོ་པོའི་སྒོ་ནས་འཛུགས་སྐྲུན་བྱེད་པ། ཆུ་ཚད་མཐོ་པོ་ནས་དོ་དམ་བྱེད་པ། ཕན་འབྲས་མཐོ་པོའི་སྒོ་ནས་ཞབས་འདེགས་ཞུ་བ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ལས་གྲྭ་རྩེ་གྲ་དང་། བདེ་འཇགས་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་གཏོད་དགོས། དམངས་འཚོའི་ཁྲིད་སྟོན་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་གྲྭའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་མང་ཚོགས་དེའི་ནང་ཞུགས་རྒྱུར་བསྡུ་ལེན་ཧུར་ཐག་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་ཁྲིད་སྟོན་བྱས་ཏེ་དམངས་འཚོའི་གཞུང་ལམ་དང་། དམངས་སེམས་གཞུང་ལམ། འཕེལ་རྒྱས་གཞུང་ལམ་བཅས་ལ་སྐྲུན་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བླང་བྱ་དེ་ལས་གྲྭའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས“གཏོར་བཤིག་མི་ཐེབས་པ་དང་། བསུན་པོ་མི་བཟོ་བ། སླར་གསོ་མང་ཙམ་བྱེད་པ”བཅས་མཐའ་འཁྱོངས་བྱས་ཏེ་ལྷ་ཉིང་རིམ་པ་མཐོ་བའི་གཞུང་ལམ་གྱི་སྔོན་ཐོན་སྔོ་འགྱུར་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དཔྱད་གཞིར་བཟུང་ནས་ལམ་རྒྱུད་ཀྱི་སྔོ་འགྱུར་ལེགས་པར་བྱས་ཏེ་གཞུང་ལམ་དེ་ཉིད་སྣོད་བཅུད་བགྲོད་ལམ་དང་། ལྗང་མདོག་བར་འཁྱམས། མཛེས་ལྗོངས་ལམ་ཆེན་བཅས་ལ་འགྱུར་བ་བྱེད་དགོས། འཆར་འགོད་ལག་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་གྱི་འགྲོ་ལམ་དྲ་བའི་འཆར་འགོད་དང་ཕན་ཚུན་སྦྲེལ་མཐུད་དང་། གྲོང་ཁྱེར་གྱི་འཆར་འགོད་དང་ཟུང་འབྲེལ། གྲོང་ཁྱེར་འཛུགས་སྐྲུན་གྱི་ལྷན་སྦྱར་དང་སྡེ་ཁུལ་འཛུགས་སྐྲུན་དང་ཕན་ཚུན་གཅིག་འདོམས། རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་དང་སྦྲེལ་མཐུད་བཅས་ལ་དོ་སྣང་དང་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་དང་མཐུན་སྦྱོར་ངང་སྐུལ་མ་བཏང་སྟེ་གྲོང་ཁྱེར་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་གྲོང་ཁྱེར་གྱི་ཁྱད་ཆོས་རྒྱུན་ཆད་མེད་པར་མངོན་པར་བྱས་ཏེ་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།