སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་རིང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་རྩ་འཛུགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་པ་དང་། “ནན་གསུམ་དྲང་གསུམ”གྱི་བླང་བྱ་ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་ལས་དོན་ནང་དོན་འཁྱོལ་ཏན་ཏིག་བྱས་པ། ཏང་ཡོན་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་ལས་དོན་ཏན་ཏིག་སྤེལ་བས་ཏང་ཡོན་གྱི་དཔུང་ཁག་སྔར་བས་སྟོབས་ཆེར་སོང་བ་དང་ཏང་ཡོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་སོང་ཡོད་པ་རེད། ལས་དོན་རུ་ཁག་ཁག་བཞི་པས་ལས་དོན་སྤེལ་འགོ་བཙུགས་ཚུན་གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོ(གྲོང་ལྷན)ཡི་ཏང་རྩ་འཛུགས་ལ་གཞོགས་འདེགས་བྱས་ནས་ཏང་ཞུགས་ཧུར་བརྩོན་ཅན་4759གཏན་འཁེལ་བྱེད་རོགས་བྱས་པ་དང་གྲ་སྒྲིག་ཏང་ཡོན་1079དང་ལེན་བྱེད་རོགས་བྱས་པ་རེད།
“སྔོན་སྤེལ་གཉིས”ཀྱི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ལ་གཞོགས་འདེགས་ཀྱིས་མཐིལ་རྟོགས་ལས་དོན་དང་གསོ་སྐྱོང་ལས་དོན་སྔོན་དུ་སྤེལ་ཏེ་ལེགས་འདེམས་ཧྲག་འདེམས་བྱས་པ་དང་ཏང་ཞུགས་ཧུར་བརྩོན་ཅན་ལ་བརྟག་དཔྱད་ཞིབ་བཤེར་ནན་པོ་བྱས་པའི་ཐོག་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་། གསོ་སྦྱོང་ཡག་པོ་ཡོང་བ། སྤུས་ཚད་ལོན་པ་བཅས་ཀྱི་འགན་ལེན་བྱས་པ་དང་། མང་ཚོགས་ལ་འཚམས་འདྲིར་སྐྱོད་པ་དང་། ཏང་ཡོན་གྱི་ཚོགས་ཆེན་འཚོགས་པ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ལ་བརྟེན་ནས་ཏང་ཞུགས་ཞུ་ཡིག་ཕུལ་བའི་མི་སྣར་ནན་ཏན་ངང་རྟོག་ཞིབ་བྱས་པ་དང་ཆབས་ཅིག་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཡང་ཉན་འཇོག་ཞིབ་ཕྲ་བྱས་པ། མང་ཚོགས་ཀྱི་ཚོགས་ཆེན་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་བྱེད་སྒོ འོས་འགན་ངལ་རྩོལ་སོགས་ཀྱི་སྐབས་དང་བསྟུན་ཏེ་ཏང་ཞུགས་ཧུར་བརྩོན་ཅན་སྒྲིག་འཛུགས་བྱས་ནས་ཏང་གི་ཤེས་བྱ་སློབ་སྦྱོང་བྱེད་བཅུག་པ་དང་། ཏང་ནང་ཞུགས་པའི་ཆ་རྐྱེན་དང་གོ་རིམ་དང་དེ་བཞིན་ཏང་ཡོན་གྱི་དབང་ཆ་དང་འོས་འགན་གསལ་འགྲེལ་བྱས་པ། ཏང་ཞུགས་ཧུར་བརྩོན་ཅན་ལ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་རྩ་འཛུགས་ལ་ཉེ་བཅར་ཧུར་ཐག་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད་པ་རེད།
“འགག་སྒོ་གསུམ”ནན་པོར་བསྲུངས་ཤིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“མཛུབ་ཁྲིད་དང་། རོགས་རམ། མཐུན་སྦྱོར”བཅས་བྱེད་དགོས་པའི་ལས་ཀའི་བླང་བྱ་གཞིར་བཟུང་ཏང་ཡོན་འཕེལ་རྒྱས་གཏོང་སྟངས་དང་གཏོང་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང་ཆབས་ཅིག“འགག་སྒོ་གསུམ”ནན་པོར་བསྲུངས་ནས་ཏང་ཡོན་འཕེལ་རྒྱས་ལས་དོན་ཏན་ཏིག་སྤེལ་ཡོད། འཛུལ་སྒོ་ནན་པོར་བསྲུངས་ཤིང་། འཚར་ལོངས་རེ་བྱུང་ན་འཕེལ་རྒྱས་རེ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། 1∶3གྱི་བསྡུར་གྲངས་ལྟར་ཏང་ཞུགས་ཧུར་བརྩོན་ཅན་ཁྲོད་ནས་གྲ་སྒྲིག་ཏང་ཡོན་བསྡུ་བ། རིམ་པ་བཞིན་འདེམས་པའི་རྣམ་པའི་ཐོག་ནས་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། རིག་གནས་ཆུ་ཚད་མཐོ་བ། ཕྱུག་འགྱུར་འཇོན་ཐང་ཆེ་བ་བཅས་ཀྱི་ཏང་ཞུགས་ཧུར་བརྩོན་ཅན་གྲ་སྒྲིག་ཏང་ཡོན་དུ་འཕེལ་རྒྱས་བཏང་ཡོད། གོ་རིམ་གྱི་འགག་སྒོ་ནན་པོར་བསྲུངས་ཤིང་། ཏང་ཡོན་འཕེལ་རྒྱས་གཏོང་རིང་འོས་སྦྱོར་བྱེད་པ་དང་། ཡོངས་བསྒྲགས་བྱེད་པ། སྤ་སེ་འཕེན་པ། བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་བྱེད་པ། ཚོགས་འདུ་འཚོགས་པ་སོགས་ཀྱི་གོ་རིམ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མི་ཆག་པ་དང་། གོ་རིམ་མི་འགྱུར་བ། བྱེད་ཤུགས་ཆུང་དུ་མི་འགྲོ་བ་བཅས་ཐུབ་པ་བྱས་ཡོད། དོ་དམ་གྱི་འགག་སྒོ་ནན་པོར་བསྲུངས་ཤིང་། ཏང་ཡོན་དང་། གྲ་སྒྲིག་ཏང་ཡོན། ཏང་ཞུགས་ཧུར་བརྩོན་ཅན། འཕེལ་རྒྱས་གཏོང་ཡུལ། ཕྱོགས་མིའི་ཏང་ཡོན་བཅས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ་དང་། དེ་དག་གི་འཚོ་བ་དང་ལས་ཀ་སོགས་ཀྱི་རྩ་བའི་ཆ་འཕྲིན་ཐོ་འགོད་དང་བདེན་མིན་ཞིབ་དཔྱད་བྱས་པ། འཐུས་སྒོ་ཚང་བའི་གཞི་གྲངས་མཛོད་བཙུགས་པ་དང་འབྲེལ་དུས་ངེས་མེད་ཐོག་རྗེས་སྙེག་ཀྱང་བྱས་ནས་དོ་དམ་ལས་དོན་ཞིབ་ཕྲ་ཅན་དང་། འགུལ་རྣམ་ཅན། ཆ་འཕྲིན་ཅན་བཅས་ཡོང་བའི་འགན་ལེན་བྱས་ཡོད་པ་རེད།
“བྱེད་སྒོ་བཞི”ཏན་ཏིག་སྤེལ་ཞིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཏང་ཞུགས་ཧུར་བརྩོན་ཅན་དང་ཏང་ཡོན་ལ་ཏང་ཡོན་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་དང་། ཏང་ཡོན་གྱི་འགན་འཁྲི་སེམས་ལ་བརྟན་པོར་ངེས་དགོས་པ། ཏང་ཡོན་གྱི་འོས་འགན་སྒྲུབ་དགོས་པ་བཅས་ཀྱི་ཁྲིད་སྟོན་ཡང་བྱས་ཡོད། ཏང་གི་བཀའ་དྲིན་ཚོར་བར་བྱེད་པའི་བྱེད་སྒོ་སྤེལ་ཞིང་། ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་དང་། ཏང་གི་སློབ་ཚན་ཁྲིད་པ། ཏང་ཡོན་རྒན་གྲས་ཀྱིས་མྱོང་ཁྲིད་བྱེད་པ། ཏང་ཡོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་ཏང་ཡོན་ལ་འགན་འཁྲི་སེམས་ལ་བརྟན་པོར་ངེས་དགོས་པ་དང་ཏང་ཡོན་གྱི་འོས་འགན་སྒྲུབ་དགོས་པའི་ཁྲིད་སྟོན་བྱས་ཡོད། སྔོན་ཐོན་ལ་གཟེངས་བསྟོད་ཀྱི་བྱེད་སྒོ་སྤེལ་ཞིང་། “བཟང་པོ་ལྔ་ལྡན”གྱི་ཏང་ཀྲི་པུའུ་འཛུགས་གཏོད་བྱེད་ཤུགས་དང“སྣེ་ཁྲིད་ལྔ”ཡི་ཕུལ་བྱུང་ཏང་ཡོན་གསོ་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའུ་ལ་གཞོགས་འདེགས་ཀྱིས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་ཕུལ་བྱུང་ཏང་དོན་ལས་དོན་པ་བདམས་ནས་གཟེངས་བསྟོད་བྱས་པ། སྔོན་གཏོད་ལེགས་བརྩོན་གྱི་ཚད་རྒྱུག་བཙུགས་ཡོད། རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ཞིང་། རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ཏང་ཡོན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། བྱ་བ་བཟང་པོ་དང་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲིར་བསྐྱོད་པ་དང་། སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་བ། ཐུན་མོང་ཐོག་འོས་འགན་ངལ་རྩོལ་ནང་ཞུགས་པ་སོགས་བརྒྱུད་གཞི་རིམ་ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱས་ཡོད་པ་རེད།