འདི་ནི་མཚོ་སྣ་རྫོང་གིས་སྤེལ་བའི《ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྩི་སྲུང་བྱེད་གཞིར་བྱས་ཏེ“ནན་གསུམ་དྲང་གསུམ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས》ཞེས་པའི་ཆེད་དོན་སྙན་ཞུ་བྱ་ཡུལ་ཡིན་པ།
མི་རིང་བའི་གོང་མཚོ་སྣ་རྫོང་གི་ཚན་ཁག་ཆེ་བ་བཞིའི་འགོ་ཁྲིད་དང་ཤང་གྲོང་དང་རྫོང་ཐད་གཏོགས་ཚན་པ་ཁག་གི་འགན་འཁུར་བ་ཁྱོན་200ལྷག་ཙམ་མཚོ་སྣ་རྫོང་གི་ཚོགས་ཁང་དུ་མཉམ་འཛོམས་ཀྱིས་ལྷོ་ཁ་ས་ཁུལ་ཞིབ་དཔྱོད་ཡན་ལག་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཞིབ་དཔྱོད་དཔོན་དང་། མཚོ་སྣ་རྫོང་དུ་བཅའ་སྡོད་ལྷོ་ཁ་ས་ཁུལ་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཀྲེ་ཀང་གིས་མཚོ་སྣ་རྫོང་གི་ལས་བྱེད་ལས་བཟོ་ཡོངས་ལ་འགོ་བརྗོད་དུ《ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྩི་སྲུང་བྱེད་གཞིར་བྱས་ཏེ“ནན་གསུམ་དྲང་གསུམ”ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས》ཞེས་འཁོད་པའི་ཆེད་དོན་སྙན་ཞུ་ཉན་པ་རེད།
“ནན་གསུམ་དྲང་གསུམ”ནི་གཅུན་ལྕག་ཡིན་ལ་ཚད་ཤིང་ཡང་ཡིན་པ་དང་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་པ་དང་། བྱ་བ་སྒྲུབ་པ། མི་ཡག་པོ་ཞིག་བྱེད་པ་བཅས་ཀྱི་བཙན་ཞིང་ནན་པའི་གཅུན་འདོམས་ཤིག་ཡིན་ལ་ཏང་ཡོན་ལས་བྱེད་པ་ཡོངས་ལ་བཏོན་པའི་གཞི་རྩའི་བླང་བྱ་ཞིག་ཀྱང་རེད། ཆེས་བབ་ཆགས་པའི་སྐད་ཆ་དེ་མདོར་བསྟན་པ་དང་གནད་ལ་འཕིགས་པ་ཞིག་ཡོད།
“ནན་གསུམ་དྲང་གསུམ”གྱི་ནང་དོན་ཅི་ཞིག་ཡིན་ནམ།
“ནན་གསུམ་དྲང་གསུམ”ནི་སྐད་ཆ་སྟབས་བདེ་ལ་དོན་སྙིང་ཕུན་སུམ་ཚོགས་པ་དང་ནང་དོན་གཏིང་ཟབ་པ་ཞིག་ཡོད་པ་དེས་རང་གཅུན་དང་མི་ཡག་པོ་ཞིག་བྱེད་པའི་རིན་ཐང་ལྟ་བ་མཚོན་ལ་བྱ་གཞག་གསར་གཏོད་བྱེད་ཐབས་སྨྲ་བའི་ནང་དོན་ཚུད་པ་དང་འགག་སྒྲོལ་དཀའ་སེལ་གྱི་སྙིང་སྟོབས་ལྡན་ལ་ཏང་ཡོན་ལས་བྱེད་པས་མི་ཡག་པོ་ཞིག་བྱེད་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཔོན་པོ་ཡག་པོ་ཞིག་བྱེད་པ་བཅས་ཐད་ཀྱི་ནང་དོན་ཚུད་ནས་ཆ་ཚང་བའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆགས་ཏེ་དུས་བབ་གསར་པའི་འོག་ཏང་གི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གལ་ཆེའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་ཏང་གི་སློབ་ཚན་ཐོག་ལིའུ་ཀྲེ་ཀང་གིས་བཤད།
དེ་གར་ཡོད་པའི་ཏང་ཡོན་ལས་བྱེད་པ་ཚོས་གཟབ་ནན་ངང་ཉན་པ་དང་ཆབས་ཅིག་ཟིན་བྲིས་ཀྱང་བཀོད་བཞིན་ཡོད། “གོ་གནས་གང་ཞིག་བཟུང་ན་དེ་ཡི་སྲིད་དོན་སྒྲུབ་དགོས། དཔོན་པོ་བྱས་ན་རང་འགུལ་ངང་བྱས་རྗེས་བཞག་ནས་ང་ཚོའི་འགན་འཁྲིའི་ཁྱབ་ཁོངས་ནང་བྱེད་དགོས་ངེས་ཀྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ་དང་རང་ཉིད་ཀྱིས་འཁུར་དགོས་ངེས་ཀྱི་ལས་འགན་འཁུར་ཐུབ་པ་དགོས”ཞེས་པ་སོགས་ཟིན་ཐོའི་གཙོ་གནད་ལས་ཚོགས་འདུའི་ནང་ཞུགས་མཁན་ཚོའི་མོས་སེམས་དང་མྱོང་ཚོར་མཚོན་ཐུབ།
གསོན་ཉམས་དོད་པོས་ཏང་གི་སློབ་ཚན་ཁྲིད་པ་དང་ཏང་ཡོན་ལས་བྱེད་པས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ནས་ཚང་མས་ཟིན་བྲིས་བཀོད་ཀྱི་ཡོད། ཚང་མར་བག་ཆགས་ཟབ་ཤོས་བྱུང་བ་ནི་ལིའུ་ཀྲེ་ཀང་གིས་བཤད་པའི“ནན་མིན་དྲང་མིན”གྱི་ཞིབ་ཕྲའི་མཚོན་ཚུལ་དང་གནོད་འཚེ་ཚབས་ཆེན་དེ་ཡིན།
ཚོགས་ཞུགས་ཏང་ཡོན་ལས་བྱེད་པས“ཏང་གི་སློབ་ཚན་དེ་ལྟ་བུ་ནི་གསོན་ཉམས་དོད་ལ་གཏིང་ཟབ་པས་མུ་མཐུད་ཉན་འདོད་ཆེན་པོ་འདུག”ཅེས་གསར་འགོད་པར་ཏང་གི་སློབ་ཚན་ཉན་པའི་མྱོང་ཚོར་བཤད།
གནས་ལུགས་རྒྱུ་མཚན་གཏིང་ཟབ་པ་དང་སྐད་ཆ་སྟབས་བདེ་བ་ལས་ཚང་མར་ཚོར་སྣང་ཟབ་མོ་བྱུང་བ་དང་ཏང་གཤིས་ལ་སྣང་ཆེན་དང་། འགན་འཁྲི་འཁུར་ཕོད་པ། དངོས་སྒྲུབ། དབང་ཆ་སྤྱོད་པ་བཅས་སྐོར་གླེང་བ་དེ་དག་ཚང་མ་སྙིང་གཏམ་ཞིག་རེད།