དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-28

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཅིག་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་ནོར་སྲིད་ཐིང་གི་ཐིང་ཀྲང་ལང་ཧྥུ་ཁོན་གྱིས་གནང་བའི《བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྙན་ཞུ》གསན་ནས་ཞིབ་བཤེར་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི《བོད་རང་སྐྱོང་ལྗོངས་ཀྱི་2015ལོའི་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྙན་ཞུ》ལ་མོས་མཐུན་གནང་ཡོད།

    ཚོགས་འདུས་བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་2015ལོའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་གཞིའི་སྙན་ཞུར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།