དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། 2015ལོ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་དོན་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀའ་མངག་སེམས་ནང་བརྟན་པོ་བཅངས་ཏེ་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པ་དང་། གྲྭ་བཙུན་གཉེན་ཉེར་བརྩི་བ་དང་ལྷག་བསམ་རྣམ་དག་གིས་གྲྭ་བཙུན་དང་གྲོགས་པོ་སྒྲིག་རྒྱུ་རྒྱུན་འཁྱོངས་བྱས་ཐོག་སློབ་གསོ་དོ་དམ་ཞབས་ཞུའི་འགན་ནུས་ལག་ལེན་ཏན་ཏིག་བསྟར་བ་དང“གཅིག་དྲུག”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཐབས་བརྒྱ་ཇུས་སྟོང་ངང་དགོན་སྡེའི་གྲྭ་བཙུན་གྱི་སེམས་ཁྲལ་དང་དཀའ་ངལ་བསལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱ་ཆེའི་གྲྭ་བཙུན་གྱི་ཡིད་ཆེས་ཐོབ་པ་དང་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་མངོན་འགྱུར་ཐུབ་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཡོང་བ་བྱེད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཆབ་སྲིད་ལངས་ཕྱོགས་བརྟན་པ་དང་། འགན་ཁུར་ཕོད་པ། རང་འགན་འབད་སྒྲུབ་དང་ལས་གནས་བརྟན་སྲུང་། ལེགས་སྐྱེས་འབུལ་འདོད་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད་པ་རེད།
སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་དཔེ་མཚོན་བཏོད་དེ་ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ། ཆོས་ལུགས་ལས་དོན་མི་སྣ་བཅས་ལ་དགོན་སྡེ་དོ་དམ་ཐད་སྔར་བས་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲས་སྤུངས་དགོན་པའི་དོ་དམ་ཨུ་ལྷན་སོགས་དགོན་སྡེ་དོ་དམ་ཨུ་ལྷན(ཡུག་ཁུལ་དོ་དམ་ཨུ་ལྷན་དང་དགོན་སྡེའི་ཆེད་བསྐོས་དོ་དམ་ཆེད་མངགས་པ)182ལ“2015ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྔོན་ཐོན་དགོན་སྡེ་དོ་དམ་ཨུ་ལྷན”དང་། བློ་བཟང་བྱམས་པ་སོགས་དགོན་སྡེར་བཅའ་སྡོད་ལས་བྱེད་པ་1300ལ“2015ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགོན་སྡེར་བཅའ་སྡོད་ལས་བྱེད་པ” ཚེ་རིང་ནོར་བུ་སོགས་ཆོས་ལུགས་ལས་དོན་ལས་བྱེད་པ་100ལ“2015ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་གྱི་ཕུལ་བྱུང་ལས་བྱེད་པ”བཅས་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུའི་གཏན་འབེབས་བྱས་ཤིང་། ཕྱག་བསྟར་མའི་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་ལས་བྱེད་པས་གཟི་བརྗིད་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། སླར་ཡང་བྱས་རྗེས་གསར་པ་འཇོག་པ་བཅས་བྱེད་རེ་ཡོད།
ལྗོངས་ཡོངས་ཀྱི་རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་། རྒྱ་ཆེའི་དགོན་སྡེར་བཅའ་སྡོད་ལས་བྱེད་པ། ཆོས་ལུགས་ལས་དོན་ལས་བྱེད་པ་བཅས་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་མི་སྒེར་མིག་དཔེར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་་་དགོངས་དོན་དང་། ལྷག་པར་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་གལ་ཆེན་གྱི་དགོངས་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”ཕྱག་བྲིས་ཕྱག་བསྟར་མའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ཁྲིམས་ལྟར་དོ་དམ་དང་། སྤྱི་ཚོགས་དོ་དམ། དམངས་གཙོ་དོ་དམ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་དགོན་སྡེ་དོ་དམ་མ་ལག་བསྐྲུན་པ་དང་འཐུས་ཚང་དུ་བཏང་སྟེ་སློབ་གསོ་དོ་དམ་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཐོག་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་དྲང་ནུས་སྟོབས་ཆེན་གཅིག་འགྲིལ་བྱས་ནས་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།