འདི་ལོ་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་ལས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ནང་དོན། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་དང་མཐའ་སྐྱོང་བོད་བརྟན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པའི་བྱ་ཐབས་གལ་ཆེན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་བཅས་སུ་བརྩིས་ཏེ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་མུ་མཐུད་གཏིང་ཟབ་ཏུ་བཏང་ཡོད། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མང་ཚོགས་ཆེད་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུའི་འགག་རྩ་དེ་ཁོང་དུ་བརྟན་པོར་ཆུད་པ་དང་དུད་སྦྲེལ་དུས་བདེ་དང་དུད་སྦྲེལ་འབབ་འཕར་གྱི་ལྟེ་བར་དམ་པོར་དམིགས་ཏེ་གཙོ་གནད་མངོན་གསལ་དོད་པ་དང་ལས་འགན་ཁ་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། ལམ་སྲོལ་གསར་གཏོད། ཁྱོན་ཡོངས་ལ་ཁྱབ་པ། མཉམ་གཏོད་མཉམ་སྤྱོད་བཅས་བྱས་པས་འབྱུང་རྩ་ནས་རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པ་ཆགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བརྟན་ལྷིང་སྲུང་སྐྱོང་འགོག་སྲུང་དྲ་བ་ཞིབ་ཚགས་སུ་སོང་བ། མཉམ་འགོག་མཉམ་བཅོས་ཀྱི་བརྟན་ལྷིང་སྲུང་སྐྱོང་རྣམ་པ་བཙུགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་བཅས་བྱུང་ནས་བརྟན་ལྷིང་འགན་ལེན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོར་ཕན་པ་བཅས་ཀྱི་སྔོན་ཐོན་མཉམ་སྡེབ་དང་ཏང་གཅེས་རྒྱལ་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། གུས་བཀུར་ཡིད་རྟོན། གྲོན་ཆུང་རང་སྟོབས། སོ་སྲུང་རོགས་རེས་བཅས་ཀྱི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འབོར་ཆེན་ཐོན་ཡོད།
སྔོན་ཐོན་ལ་གཟེངས་བསྟོད་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་དུས་བདེ་ཞི་མཐུན་མཉམ་གཏོད་དང་། ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་ཡོང་བ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་པ་བཅས་ཀྱི་འོས་འགན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་སྔར་བས་འཕེལ་བ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷོ་ཁ་ས་ཁུལ་སོགས་ས་ཁུལ་དང་གྲོང་ཁྱེར་3དང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སོགས་རྫོང(ཆུས)24 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་སོགས་ཤང་གྲོང(ཁྲོམ་གཞུང)62 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྤྱི་སོ་གྲོང་ཚོ་སོགས་གྲོང་ཚོ(གྲོང་ལྷན)98བཅས་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ར་ཆོས་ཚོགས་ཆུང་གི་ཚེ་གཡང་སོགས་དུད་སྦྲེལ་ཚན་པ་200ཡི་ཁྱིམ་ཚང་2000བཅས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད་ཅིང་། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གྱིས་གཟི་བརྗིད་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། སླར་ཡང་བྱས་རྗེས་གསར་པ་གཏོད་རྒྱུའི་རེ་བ་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”མིག་དཔེར་འཛིན་ནས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། ལྷག་དོན་དུ་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་གལ་ཆེན་གྱི་དགོངས་པ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་དགོས་པའི”ཕྱག་བྲིས་ཕྱག་བསྟར་མའི་དགོངས་དོན་བཅས་ལག་བསྟར་དོན་འཁྱོལ་བྱེད་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་འདོམས་དང་། ཏང་གི་བོད་སྐྱོང་ཇུས་ཆེན། མི་དམངས་ཀྱི་གཙོ་གཟུགས་གནས་བབ། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་བཅས་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། དུད་སྦྲེལ་དུས་བདེ་དང་དུད་སྦྲེལ་འབབ་འཕར་ལྟེ་བར་བྱེད་པ། དུད་སྦྲེལ་དབུལ་སྐྱོར་དང་དུད་སྦྲེལ་འབྱོར་འབྲིང་ཡོང་བ་བྱ་རྒྱུ་གཙོ་གནད་དུ་བྱས་ཐོག བྱ་ཐབས་སྔར་བས་གསར་གཏོད་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུགས་སྐྱོང་བྱེད་སྒོ་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།