དབུ་ཤོག>སྲིད་དོན།
  • བོད་ལྗོངས་སུ་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་མཁན་ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-18

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་དོན་གྱི་བྱ་སྤྱོད་དངོས་ལག་བསྟར་དང་། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྦྲེལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་གྱི་ནུས་ལྡན་བྱེད་ཐབས་དོན་འཁྱོལ། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན། སྤྱི་ཚོགས་བཅོས་སྐྱོང་མ་ལག་གསར་གཏོད་དང་སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན། གཞི་རིམ་གྱི་རྨང་གཞི་བརྟན་གཏོང་དང་མཐའ་སྐྱོང་བོད་བརྟན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུའི་ཞིབ་ཕྲའི་བླང་བྱ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་སྦྱོང་བརྡར་སྤྲོས་པའི་ཐབས་ལམ་ནུས་ལྡན། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དགོས་མཁོ་བཅས་ཡིན། ལོ་བཞི་ལྷག་ཙམ་རིང་གི་ལག་ལེན་གྱི་ཐོག་ནས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་དེ་རང་ལྗོངས་ཀྱི་དོན་དངོས་དང་འཚམ་ཞིང་མང་ཚོགས་ཀྱི་འདོད་བློ་དང་མཐུན་པ་དང་འབྲེལ་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་གདེང་འཇོག་གང་ལེགས་ཐོབ་པ། སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཚོའི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་སྙིང་དབུས་ནས་བརྩི་བཀུར་ཐོབ་པ་བསྟན་ཡོད།

    ཁག་བཞི་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུལ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་དང་པོ་ནས་གསུམ་པ་བར་གྱིས་བཏིང་བའི་ལས་ཀའི་རྨང་གཞི་བརྟན་པོའི་ཐོག་ལམ་སྲོལ་འཛུགས་པ་དང་། ཟབ་ཏུ་གཏོང་རྒྱུར་དམ་འཛིན། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཕན་འདོགས་པ་བཅས་བྱས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱས་ཡོད། གྲོང་ཚོར་བཅའ་སྡོད་རྒྱ་ཆེའི་ལས་དོན་རུ་མི་ཚོས་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་དགའ་ཞེན་ཚད་མེད་བྱེད་པ་དང་ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་ཐོག་ནས་རང་རྟོགས་ངང“ནན་གསུམ་དྲང་གསུམ”གྱི་བླང་བྱ་ལག་ལེན་བསྟར་བ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ལུས་པོ་གཞིས་ཆགས་པ་དང་། སེམས་གནས་པ། རྩ་བ་ཚུགས་པ་བཅས་དང་རང་འགན་གཙང་སྒྲུབ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་སྡུག་ཡོད་ཀྱང་དཀའ་སྡུག་ལ་མི་སྐྲག་པ་དང་། དཀའ་སྡུག་དཀའ་སྡུག་ལ་མི་བརྩི་བ། དཀའ་སྡུག་ཡོད་ཀྱང་སྡུག་སྐད་མི་རྒྱག་པ། ཤ་བྲི་བར་མི་ཞེད་པ། པགས་པ་འབུད་པར་མི་སྐྲག་པ། རྔུལ་ཆུ་འདོན་རྒྱུར་མི་འཛེམས་པ། ཚེ་སྲོག་བློས་གཏོང་བར་མི་སྐྲག་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་བརྟེན་མཐུན་སྒྲིལ་འབད་འཐབ་དང་། འབད་འབུངས་སྟོབས་བརྩོན། གྲུབ་འབྲས་མངོན་གསལ་དོད་པ་བཅས་ཀྱི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་འབོར་ཆེན་ཞིག་ཐོན་ཡོད།

    སྔོན་ཐོན་ལ་གཟེངས་བསྟོད་དང་དཔེ་མཚོན་གཏོད་དེ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མུ་མཐུད་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ནང་ཞུགས་རྒྱུར་སྔར་བས་སྐུལ་ལྕག་བྱ་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་བཅའ་སྡོད་ལྷ་ས་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱི་ལས་དོན་རུ་ཁག་སོགས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་683ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་ཁག”དང་། སྨོན་དགའ་སོགས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་2729ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་གྲོང་ཚོར(གྲོང་ལྷན)བཅའ་སྡོད་སྔོན་ཐོན་ལས་དོན་རུ་མི”རང་སྐྱོང་ལྗོངས་སྒྲིག་ཨུད(སྒྲིག་བཤེར་ཐིང)སོགས་ཚན་པ་256ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཕུལ་བྱུང་སྒྲིག་འཛུགས་ཚན་པ”རང་སྐྱོང་ལྗོངས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་མཛུབ་ཁྲིད་མཐུན་སྦྱོར་ཚོགས་ཆུང་སོགས་ཚན་པ་20ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ཚན་པ”སྐྲ་བཟང་སོགས་བློ་མཐུན་150ལ“སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་སྔོན་ཐོན་ལས་དོན་པ”བཅས་ལ་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། ཡང་འབད་བསྐྱར་འབད། སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་བཅས་ཀྱི་རེ་བ་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་རྒྱ་ཆེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མའི་དགོངས་དོན་ལག་བསྟར་དོན་འཁྱོལ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་གིས་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས། ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས། ཁྲིམས་ལྟར་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྦྲེལ། རྨང་གཞི་བརྟན་གཏོང་བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས། ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱར་གཞིགས་པ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་མུ་མཐུད་ཟབ་ཏུ་གཏོང་བ། ཁ་ཕྱོགས་མཐའ་འཁྱོངས་དང་། དམིགས་ཚད་ཁ་གསལ། ལས་འགན་དོན་འཁྱོལ། ལེགས་འདེམས་ཧྲག་སྒྲུག ཕྱོགས་སྟོན་འཛུགས་པ། དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐད་ཧུར་ཐག་གཞོལ་བ། གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་། མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།