དབུ་ཤོག>སྲིད་དོན།
  • རྒྱལ་རྩེ་རྫོང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-11-05

    འདི་ལོ་ཚུན་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་རྨང་གཞི་ཅུང་ཞན་པ་དང་འབྲེལ་ཡོད་ལམ་ལུགས་ཚད་ལྡན་མེད་པའི་གནད་དོན་ལ་དམིགས་ནས། རྒྱལ་རྩེ་རྫོང་གིས“གནས་ཁྱོན་ངོས་གསུམ”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་རིམ་པ་སྟར་ཆགས་བཞིན་འགན་འཁྲི་དོན་འཁྱོལ་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གཏིང་ཟབ་ངང་སྤེལ་ཡོད་པ་རེད།

    འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་སྲིད་གཙང་འཛུགས་སྐྱོང་གི་འཇུག་གཞི་འཚོལ་ཞིབ་བྱས་ཤིང་། རྒྱལ་རྩེ་རྫོང་ཨུད་ཀྱིས་ཤང་གྲོང་ཁག་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་དབར《2015ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་ལས་འགན་ཞིབ་ཕྲ་དང་ཚད་འབེབས་སུ་བཏང་ནས། འགན་འཁྲི་ཞིབ་ཕྲའི་ལས་གནས་དང་ཞིབ་ཕྲའི་མི་སྣར་དོན་འཁྱོལ་ཐུབ་པ་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བའི་གནད་དོན་ལ་གཞིགས་ནས་ཤང་གྲོང་ཏང་ཨུད་ཧྲུའུ་ཅི་དང་གྲོས་མོལ་བྱས་པ་དང་འབྲེལ་དུས་བཀག་ནང་དག་ཐེར་བྱེད་རྒྱུའི་ཆ་རྐྱེན་བཏོན་པ་རེད།

    ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་རུལ་རྒོལ་འགྱུར་འགོག་གི་དམ་བསྒྲགས་ཚད་གཞི་བརྟན་དུ་བཏང་ཞིང་། འདི་ལོ་ཚུན་དུ་རྒྱལ་རྩེ་རྫོང་གིས་རྫོང་ཨུད་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཆེད་དོན་སློབ་ཚན་ཐེངས་མང་འཚོགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་ཤང་གྲོང་ཁག་དང་སྡེ་ཚན་ཁག་ཏུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་500ལྷག་ཙམ་སྤྲད་དེ་སྲིད་གཙང་སློབ་གསོའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་། ཤང་གྲོང་ཁག་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང“གཞུང་གྲོན་གསུམ”དོ་དམ་ལམ་ལུགས་སོགས་ཀྱི་ལམ་ལུགས་ཁག་2014བཟོ་བཅོས་དང་འཐུས་ཚང་དུ་བཏང་བའི་ཁར་ལས་བྱེད་ལས་བཟོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཡོད་པ་རེད།

    སྤྱོད་ཚུལ་འཛུགས་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་སྒྲིག་ཁྲིམས་ལག་བསྟར་འགན་འཁྲིའི་ཁྱབ་ཚད་མཐོ་རུ་བཏང་ཞིང་། ཤང་གྲོང་ཁག་དང་རྫོང་ཐད་གཏོགས་སྡེ་ཚན་ཁག་གིས་ལས་གནས་ཀྱི་སྲིད་གཙང་ཉེན་ཁའི་གནས་451བསལ་བ་དང་། འགན་དབང་དཀར་ཆག་ཁག་89རྩོམ་བཟོ་བྱས་པ། དབང་ཆ་ཡོངས་བསྒྲགས་སུ་སྤྱོད་པའི་དཔེ་རིས་ཁག་105བཟོས་པ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་119བཟོས་པ་དང་འཐུས་ཚང་དུ་བཏང་བ་བཅས་ཀྱི་ཐོག་ནས་ལམ་ལུགས་ཐད་ནས་སྲིད་གཙང་གི་ཉེན་ཁ་ཐོན་རྒྱུ་སྔོན་འགོག་བྱས་ཡོད་པ་རེད། འདི་ལོ་ཚུན་དུ་རྒྱལ་རྩེ་རྫོང་གིས་སྔ་རྗེས་སུ་རྫོང་ཡོངས་ཀྱི་ལས་རེས་དང་ལས་སྣེ་ཁྲིད་ཚུལ་ཐད་མངོན་ཞིབ་ལྐོག་བཤེར་བྱས་ནས་དགོངས་ཞུའི་འགྲོ་ལུགས་མི་གཉེར་བར་ལས་བྱོལ་ལས་མི་1ལ་སྲིད་འཛིན་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། རྫོང་ཡོངས་ཀྱི་གཞུང་འཁོར་159ཚང་མར་གཞུང་འཁོར་གྱི་མཚོན་རྟགས་སྦྱར་བ་དང་གཞུང་འཁོར་སྤྱོད་པའི་ཐད་གནད་དོན་ལྷག་པའི་ཚན་པའི་འགོ་ཁྲིད་མི་སྣ་གཙོ་བོར་དུས་བཏབ་གྲོས་མོལ་བྱས་པ། 《སྲིད་འཛིན་ལྟ་ཞིབ་ཀྱི་གྲོས་འགོའི་ཡི་གེ》འགྲེམས་སྤེལ་བྱས་ནས“གཞུང་གྲོན་གསུམ”གཏོང་ཚད་ནན་དུ་བཏང་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།