དབུ་ཤོག>སྲིད་དོན།
  • 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-30

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་པོ་འཛུགས་པ་དང་། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་བླ་ན་མེད་པའི་བསམ་སྤྱོད་རང་འགུལ་ངང་སྐྱེད་སྲིང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཧུར་ཐག་གཏོང་བ། སྤྱོད་གཙང་རང་འདོམས་བྱེད་པ། ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་སྒོ་ནས་དུས་ནམ་ཡང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་བརྟན་སྲུང་བྱེད་དགོས།

    ཏང་ཡོན་གྱི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི།

    དོན་ཚན་དང་པོ། གཞུང་སྒེར་ཁ་གསལ་དང་། གཞུང་སྔོན་སྒེར་རྗེས། རང་གཅུན་སྤྱི་གཞོལ་བཅས་མཐའ་འཁྱོངས་བྱེད་པ།

    དོན་ཚན་གཉིས་པ། སྤྱོད་གཙང་རུལ་འགོག་དང་། མི་སྤྱོད་གཙང་མ། གཞུངས་དྲང་ལས་སྒྲུབ་བཅས་མཐའ་འཁྱོངས་བྱེད་པ།

    དོན་ཚན་གསུམ་པ། སྤྱོད་མཁས་སྤྲོས་སྤོང་དང་། དཀའ་སྤྱད་བབ་ཆགས། ཧུར་བསྲི་གྲོན་ཆུང་བཅས་མཐའ་འཁྱོངས་བྱེད་པ།

    དོན་ཚན་བཞི་པ། དཀའ་བ་སྔོན་སྤྱོད་དང་། ལོངས་སྤྱོད་རྗེས་ལེན། ལེགས་སྐྱེས་འབུལ་སེམས་བཅས་མཐའ་འཁྱོངས་བྱེད་པ།

    ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི།

    དོན་ཚན་ལྔ་པ། སྤྱོད་གཙང་སྲིད་སྐྱོང་གིས་རང་རྟོགས་ངང་མི་དམངས་ཀྱི་སྤྱི་ཞབས་པའི་རང་བཞིན་རྒྱུན་འཁྱོངས་བྱེད་པ།

    དོན་ཚན་དྲུག་པ། སྤྱོད་གཙང་དབང་འཛིན་གྱིས་རང་རྟོགས་ངང་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ།

    དོན་ཚན་བདུན་པ། སྤྱོད་གཙང་རང་གཅུན་གྱིས་རང་རྟོགས་ངང་བསམ་བློ་ཀུན་སྤྱོད་ཀྱི་གོ་རྟོགས་གོང་མཐོར་གཏོང་བ།

    དོན་ཚན་བརྒྱད་པ། སྤྱོད་གཙང་ཁྱིམ་སྐྱོང་གིས་རང་རྟོགས་ངང་ཁྱིམ་སྲོལ་བཟང་པོ་འཛུགས་རྒྱུར་སྣེ་ཁྲིད་བྱེད་པ།

    (གསལ་བཤད། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》དེ་རིང་གི་འགྱུར་མ་འདི་ཚད་མར་འཛིན་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།