《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》
ལེའུ་དང་པོ། སྤྱིའི་རྩ་འཛིན།
ས་བཅད་དང་པོ། མཛུབ་ཁྲིད་བསམ་བློ་དང་། རྩ་དོན། བེད་སྤྱོད་བྱེད་ཁོངས།
དོན་ཚན་དང་པོ། ཏང་གི་སྒྲིག་སྲོལ་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་སྲུང་སྐྱོང་དང་། ཏང་གི་སྒྲིག་ཁྲིམས་ནན་གཏོང་། ཏང་གི་རྩ་འཛུགས་དྭངས་གཙང་ཡོང་བ། ཏང་ཡོན་གྱི་དམངས་གཙོའི་དབང་ཆ་འགན་སྲུང་། ཏང་ཡོན་ལ་སྒྲིག་བཀུར་ཁྲིམས་སྲུང་གི་སློབ་གསོ་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས། གྲོས་ཆོད། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་བཅས་ལག་བསྟར་བྱ་རྒྱུ་འགན་སྲུང་ཡོང་ཆེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ལ་གཞིགས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། སྲོལ་ཡིག་འདིར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཡོད།
དོན་ཚན་གསུམ་པ། ཏང་གི་སྒྲིག་ཡིག་ནི་ཏང་ནང་གི་ཆེས་རྩ་བར་གྱུར་བའི་ཁྲིམས་སྲོལ་ཞིག་དང་། ཏང་དོ་དམ་དང་ཏང་ནན་སྐྱོང་བྱེད་པའི་སྤྱིའི་སྒྲིག་ལམ་ཞིག་རེད། ཏང་གི་སྒྲིག་ཁྲིམས་ནི་ཏང་གི་རྩ་འཛུགས་རིམ་པ་ཁག་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བསྲུང་དགོས་པའི་སྤྱོད་ལམ་གྱི་ཚད་གཞི་ཞིག་ཡིན་པས་ཏང་རྩ་འཛུགས་དང་ཏང་ཡོན་ཚོས་ངེས་པར་དུ་རང་རྟོགས་ངང་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ་དང་། ཏང་གི་སྒྲིག་ཁྲིམས་ལག་བསྟར་དང་སྲུང་སྐྱོང་ནན་པོ་བྱས་ཏེ་རང་རྟོགས་ངང་ཏང་གི་སྒྲིག་ཁྲིམས་ཀྱི་གཅུན་འདོམས་དང་ལེན་ཞུ་བ། རང་དཔེ་གཞན་སྟོན་ཐོག་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་བཅས་བྱེད་དགོས།
དོན་ཚན་བཞི་པ། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལས་ཀའི་ཐད་གཤམ་གསལ་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་སྟེ།
(གཅིག)ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ། ཏང་གི་རིམ་ཁག་རྩ་འཛུགས་དང་ཏང་ཡོན་ཡོངས་ལ་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་ཁྲིམས་སྔོན་དུ་བཟོས་ནས་སྔ་ཙམ་དང་ཆུང་ཙག་ནས་དམ་འཛིན་བྱེད་པར་དོ་སྣང་བྱ་རྒྱུ།
(གཉིས)ཏང་གི་སྒྲིག་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ། ཏང་གི་སྒྲིག་ཁྲིམས་དང་འགལ་མཁན་ཏང་རྩ་འཛུགས་དང་ཏང་ཡོན་ལ་ངེས་པར་དུ་སྒྲིག་ཁྲིམས་ནན་པོ་དང་ལག་ལེན་དྲང་གཞག་བསྟར་དགོས་པ་ལས་ཏང་ནང་དུ་སྒྲིག་ཁྲིམས་ཀྱིས་གཅུན་འདོམས་མི་ཐུབ་པའི་རྩ་འཛུགས་དང་ཏང་ཡོན་སུ་ཞིག་ཀྱང་ཡོད་མི་ཆོག (གསུམ)དངོས་ཐོག་བདེན་འཚོལ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་རིགས་ལ་དོན་དངོས་གཞིར་འཛིན་ཞིང་། ཏང་གི་སྒྲིག་ཡིག་དང་དེ་མིན་ཏང་ནང་གི་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་བཅས་ཚད་གཞིར་བྱས་ནས་སྒྲིག་འགལ་གྱི་ངོ་བོ་གཏན་འཁེལ་ཡང་དག་བྱེད་དགོས་པ་དང་། གནས་ཚུལ་མི་འདྲ་བར་གཞིགས་ནས་ཐག་གཅོད་འཚམ་པོ་བྱེད་དགོས།
(བཞི)དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུགས། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལག་བསྟར་བྱེད་པར་ཏང་རྩ་འཛུགས་ཀྱིས་གཏན་འབེབས་ཀྱི་གོ་རིམ་ལྟར་མཉམ་སྡེབ་ཐོག་གྲོས་མོལ་བྱས་ནས་ཐག་གཅོད་དགོས་པ་ལས། མི་སྒེར་རམ་ཡང་ན་མི་ཉུང་ཤས་ཀྱིས་རང་དགར་ཐག་གཅོད་པ་དང་ཆོག་མཆན་སྤྲོད་རིགས་རྩ་བ་ནས་བྱས་མི་ཆོག ཏང་གི་སྒྲིག་ཁྲིམས་དང་འགལ་མཁན་ཏང་རྩ་འཛུགས་དང་ཏང་ཡོན་ལ་གོང་རིམ་ཏང་རྩ་འཛུགས་ནས་ཐག་གཅོད་བྱེད་གཏན་འཁེལ་བ་དེ་གཤམ་རིམ་ཏང་རྩ་འཛུགས་ནས་ངེས་པར་དུ་ལག་ལེན་བསྟར་རྒྱུ། (ལྔ)སྔ་འགྱོད་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ། ཏང་གི་སྒྲིག་ཁྲིམས་དང་འགལ་མཁན་ཏང་རྩ་འཛུགས་དང་ཏང་ཡོན་ལ་ཐག་གཅོད་བྱེད་སྐབས་ཆད་གཅོད་བསླབ་འདོམས་དང་སློབ་གསོ་གཏོང་རྒྱུ་ཟུང་འབྲེལ་ཐོག་སྲོལ་ཡིག་དམ་ལྷོད་མཉམ་བཀོལ་བྱ་རྒྱུ།
དོན་ཚན་ལྔ་པ། སྲོལ་ཡིག་འདི་བཞིན་ཏང་གི་སྒྲིག་ཁྲིམས་དང་འགལ་ནས་ཏང་གི་སྒྲིག་ཁྲིམས་ཀྱིས་བདའ་འདེད་གཏོང་དགོས་ངེས་རིགས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་ལ་སྤྱོད་རྒྱུ།
ས་བཅད་གཉིས་པ། སྒྲིག་འགལ་དང་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཐབས།
དོན་ཚན་དྲུག་པ། ཏང་རྩ་འཛུགས་དང་ཏང་ཡོན་གྱིས་ཏང་གི་སྒྲིག་ཡིག་དང་དེ་མིན་ཏང་ནང་གི་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་བཅས་དང་འགལ་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་གཏན་འབེབས་ལྟར་སྒྲིག་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་པའམ་ཡང་ན་ཆད་པ་གཅོད་དགོས་རིགས་ཡིན་ན། དེ་དག་ཚང་མར་ངེས་པར་དུ་བདའ་འདེད་གཏོང་དགོས།
དོན་ཚན་བདུན་པ། ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རིགས་ཏེ།
(གཅིག)ཐ་ཚིག་སྒྲོག་པ་དང་།
(གཉིས)ཐ་ཚིག་ནན་པོ་སྒྲོག་པ།
(གསུམ)ཏང་ནང་གི་གོ་གནས་མེད་པ་བཟོ་བ།
(བཞི)ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ།
(ལྔ)ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པ་བཅས་ཡིན།
དོན་ཚན་བརྒྱད་པ། ཏང་གི་སྒྲིག་ཁྲིམས་དང་འགལ་ཚབས་ཆེ་བའི་ཏང་རྩ་འཛུགས་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཐབས་ཏེ། (གཅིག)བསྐྱར་སྒྲིག་བྱེད་པ།
(གཉིས)ཁ་གཏོར་བ།
དོན་ཚན་དགུ་པ། ཏང་ཡོན་ལ་ཐ་ཚིག་སྒྲོག་པའི་ཆད་གཅོད་ཕོག་ནས་ལོ་གཅིག་ནང་ཚུན་དང་། ཐ་ཚིག་ནན་པོ་སྒྲོག་པའི་ཆད་གཅོད་ཕོག་ནས་ལོ་གཅིག་དང་ཕྱེད་ཀའི་ནང་ཚུན་དུ། དེ་ཉིད་ཏང་ནང་དུ་གོ་གནས་སྤོར་བ་དང་ཏང་ཕྱིའི་རྩ་འཛུགས་སུ་དེ་སྔའི་གོ་གནས་ལས་མཐོ་བའི་ཏང་ཕྱིའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱས་མི་ཆོག
དོན་ཚན་བཅུ་པ། ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་གཅོད་ཅེས་པ་ནི་ཆད་གཅོད་ཕོག་པའི་ཏང་ཡོན་ཏང་ནང་འདེམས་བསྐོས་སའམ་ཡང་ན་རྩ་འཛུགས་ནས་བསྐོ་བཞག་བྱས་པའི་ཏང་ནང་གི་གོ་གནས་མེད་པ་བཟོ་བར་ཟེར། ཏང་ནང་དུ་གོ་གནས་གཉིས་ཡན་འཁུར་མཁན་ལ་ཏང་རྩ་འཛུགས་ནས་ཆད་པ་གཅོད་རྒྱུར་ཐག་གཅོད་སྐབས། དེའི་གོ་གནས་ཚང་མ་མེད་པ་བཟོ་རྒྱུའམ་ཡང་ན་གོ་གནས་གཅིག་མེད་པ་བཟོ་རྒྱུ་ཡིན་པ་གསལ་པོ་འདོན་དགོས། གལ་ཏེ་དེའི་གོ་གནས་གཅིག་མེད་པ་བཟོ་རྒྱུ་ཡིན་ན་ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་དེ་མེད་པ་བཟོ་དགོས། གལ་ཏེ་དེའི་གོ་གནས་གཉིས་ཡན་མེད་པ་བཟོ་རྒྱུ་ཡིན་ན། ངེས་པར་དུ་དེས་འཁུར་བའི་གོ་གནས་མཐོ་ཤོས་ནས་རིམ་པ་ལྟར་མེད་པ་བཟོ་རྒྱུ། ཏང་ཕྱིའི་རྩ་འཛུགས་ནང་གོ་གནས་འཁུར་མཁན་ལ་ཏང་ཕྱིའི་རྩ་འཛུགས་ནས་གཏན་འབེབས་ལྟར་འོས་འཚམ་གྱི་ཐག་གཅོད་བྱ་རྒྱུའི་གྲོས་འགོ་འདོན་དགོས།
ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུའི་ཆད་པ་གཅོད་དགོས་ཀྱང་དོ་བདག་ལ་ཏང་ནང་གི་གོ་གནས་མེད་ཚེ། དེར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་དགོས། གལ་ཏེ་དེར་ཏང་ཕྱིའི་རྩ་འཛུགས་ནང་གོ་གནས་ཡོད་ཚེ་ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་འགོ་འདོན་དགོས།
ཏང་ཡོན་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་ཕོག་པའམ་ཡང་ན་དོན་ཚན་གོང་མའི་གཏན་འབེབས་ལྟར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་གཅོད་ཕོག་ཚེ། དེས་ལོ་གཉིས་ནང་ཚུན་དུ་ཏང་ནང་གི་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་ནང་དེ་སྔའི་གོ་གནས་དང་མཚུངས་པའམ་དེ་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱས་མི་ཆོག
དོན་ཚན་བཅུ་གཅིག་པ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་གཅོད་ལ་དབྱེ་ན་ཏང་ནང་བཞག་ནས་ལྟ་ཞིབ་ལོ་གཅིག་བྱེད་པ་དང་ལོ་གཉིས་བྱེད་པ་ཁག་གཉིས་ཡོད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་གཅོད་ལོ་གཅིག་ཕོག་མཁན་ཏང་ཡོན་དེའི་ཆད་གཅོད་དུས་བཅད་འཐིམས་ཀྱང་ཏང་ཡོན་གྱི་དབང་ཆ་སླར་གསོའི་ཆ་རྐྱེན་མ་འཛོམས་ཚེ། ངེས་པར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་ལོ་གཅིག་ནར་འགྱངས་བྱ་རྒྱུ། འོན་ཀྱང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་ཡུན་རིང་ཤོས་སུ་ལོ་གཉིས་ལས་བརྒལ་མི་ཆོག
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་གཅོད་ཕོག་རིང་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། གདམ་བྱའི་དབང་ཆ་བཅས་གང་ཡང་མེད། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་རིང་འགྱོད་བཤགས་བྱས་ཤིང་ཡོ་བསྲང་ཡག་པོ་བྱས་ཚེ། དེའི་དུས་བཅད་འཐིམས་རྗེས་ཏང་ཡོན་གྱི་དབང་ཆ་སླར་གསོ་བྱ་རྒྱུ། འགྱོད་བཤགས་དང་ཡོ་བསྲང་གཏན་ནས་མི་བྱེད་པའམ་ཡང་ན་ཏང་ཁྲིམས་ཀྱི་ཆད་པ་གཞན་དག་གཅོད་འོས་པའི་ཁྲིམས་འགལ་གྱི་བྱེད་སྤྱོད་ཡོད་ཚེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་དགོས།
ཏང་ཡོན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་གཅོད་ཕོག་ཚེ་དེའི་ཏང་ནང་གི་གོ་གནས་རང་བཞིན་གྱིས་མེད་པར་གྱུར་བ་ཡིན། ཏང་ཕྱིའི་རྩ་འཛུགས་སུ་གོ་གནས་འཁུར་ཡོད་ཚེ་ཏང་ཕྱིའི་རྩ་འཛུགས་ལ་དེའི་ཏང་ཕྱིའི་གོ་གནས་མེད་པ་བཟོ་རྒྱུའི་གྲོས་འགོ་འདོན་དགོས།
ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་གཅོད་ཕོག་མཁན་ཏང་ཡོན་དེའི་ཏང་ཡོན་གྱི་དབང་ཆ་སླར་གསོ་ཐུབ་རྗེས་དུས་ཡུན་ལོ་གཉིས་ནང་ཚུན་དུ་ཏང་ནང་གོ་གནས་འཁུར་མི་ཆོག་པ་དང་ཏང་ཕྱིའི་རྩ་འཛུགས་སུ་དེ་སྔའི་གོ་གནས་དང་གཅིག་མཚུངས་སམ་ཡང་ན་དེ་སྔའི་གོ་གནས་ལས་མཐོ་བའི་གོ་གནས་འཁུར་རྒྱུར་འོས་སྦྱོར་བྱས་མི་ཆོག
དོན་ཚན་བཅུ་གཉིས་པ། ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་གཅོད་ཕོག་ཚེ་ལོ་ལྔའི་ནང་ཚུན་དུ་ཏང་ནང་བསྐྱར་ཞུགས་བྱས་མི་ཆོག དེ་མིན་ད་དུང་ཏང་ནང་བསྐྱར་ཞུགས་བྱེད་མི་ཆོག་པའི་གཏན་འབེབས་གཞན་ཡོད་ཚེ་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས།
དོན་ཚན་བཅུ་གསུམ་པ། ཏང་གི་རིམ་ཁག་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ་ཡན་གྱི་ཆད་གཅོད་ཕོག་ཚེ(ཏང་ནང་བཞག་ནས་ལྟ་ཞིབ་བྱེད་མཁན་ཚུད)ཏང་རྩ་འཛུགས་ཀྱིས་དེའི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་དགོས།
དོན་ཚན་བཅུ་བཞི་པ། ཏང་གི་སྒྲིག་ཁྲིམས་དང་འགལ་ཚབས་ཆེ་ལ་ནོར་འཁྲུལ་ཡོ་བསྲང་མི་བྱེད་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞི་ཡིན་ཚེ། ངེས་པར་དུ་དེར་བསྐྱར་སྒྲིག་བྱེད་དགོས། བསྐྱར་སྒྲིག་ཐག་གཅོད་བྱེད་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་ཡིན་ན། ཏང་ནང་གི་གོ་གནས་མེད་པ་བཟོ་བ་ཡན་གྱི(ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུ་ཚུད)ཆད་པ་གཅོད་དགོས་པ་ཕུད་དེ་དག་གི་གོ་གནས་ཚང་མ་རང་བཞིན་གྱིས་མེད་པར་གྱུར་བ་ཡིན།
དོན་ཚན་བཅོ་ལྔ་པ། ཏང་ཡོན་ཡོངས་རྫོགས་སམ་ཡང་ན་ཏང་ཡོན་མང་ཆེ་བས་ཏང་གི་སྒྲིག་ཁྲིམས་དང་འགལ་ཚབས་ཆེ་ན་དེའི་ཏང་རྩ་འཛུགས་ཁ་ཐོར་གཏོང་རྒྱུ། རྩ་འཛུགས་ཁ་ཐོར་གཏོང་རྒྱུའི་ཐག་བཅད་པ་དེའི་ནང་གི་ཏང་ཡོན་རེ་རེ་བཞིན་དུ་འདྲི་དཔྱོད་བྱས་ནས་ཏང་ཡོན་གྱི་ཆ་རྐྱེན་འཛོམས་པར་བསྐྱར་དུ་ཐོ་འགོད་བྱས་ཏེ། རྩ་འཛུགས་གསར་པའི་ནང་ཞུགས་ཏེ་ཏང་གི་འཚོ་བ་སྐྱེལ་དུ་འཇུག་དགོས། དེའི་ནང་གི་ཏང་ཡོན་གྱི་ཆ་རྐྱེན་མ་འཛོམས་པར་དུས་བཀག་ལྟར་ཡོ་བསྲང་བྱེད་དགོས་པའི་སློབ་གསོ་རྒྱག་དགོས་པ་དང་། སློབ་གསོ་བརྒྱབ་ཀྱང་འགྱུར་ལྡོག་མི་གཏོང་མཁན་ལ་ཏང་ནང་ནས་ཐོན་དུ་འཇུག་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ། གལ་ཏེ་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ཡོད་ན་དེར་གཏན་འབེབས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ།
ས་བཅད་གསུམ་པ། སྒྲིག་ཁྲིམས་ཀྱི་ཆད་གཅོད་སྒྲིག་སྲོལ།
དོན་ཚན་བཅུ་དྲུག་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ་ཆད་པ་ཡང་པོ་གཅོད་པའམ་ཡང་ན་ཆད་པ་ཡང་དུ་གཏོང་རྒྱུ་སྟེ།
(གཅིག)རང་ཉིད་ལ་ཏང་ཁྲིམས་ཀྱི་ཆད་པ་ཕོག་དགོས་ངེས་ཀྱི་གནད་དོན་རྣམས་རང་འགུལ་ངང་ངོས་ལེན་ཞུ་བ་དང་། (གཉིས)ཉེས་པ་མཉམ་དུ་གསོག་མཁན་གྱི་མི་དང་ཏང་ཁྲིམས་ཀྱི་ཆད་པ་ཕོག་དགོས་ངེས་སམ་ཡང་ན་ཁྲིམས་ལུགས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས་ངེས་ཀྱི་མི་གཞན་གྱི་གནད་དོན་ཐེར་འདོན་བྱས་ཤིང་། དེ་ལྟར་རྩད་བཤེར་བྱས་པ་བརྒྱུད་དངོས་ར་གསལ་པོ་སྤྲོད་པ།
(གསུམ)རང་འགུལ་གྱིས་གྱོང་གུན་སེལ་བ་དང་། ཤུགས་རྐྱེན་ངན་པ་མེད་པ་བཟོ་བའམ་ཡང་ན་གནོད་འཚེའི་མཇུག་འབྲས་ངན་པ་མི་ལྷག་པའི་བཀག་འགོག་བྱེད་པ།
(བཞི)སྒྲིག་འགལ་ལས་ཐོབ་པའི་རྒྱུ་དངོས་རྣམས་རང་འགུལ་ངང་གོང་ལ་རྩིས་འབུལ་ཞུ་བ།
(ལྔ)བྱས་རྗེས་ཡག་པོ་འཇོག་པའི་རྣམ་འགྱུར་གཞན་དག་ཡོད་པ་བཅས།
དོན་ཚན་བཅུ་བདུན་པ། གྱོད་དོན་གྱི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས་ཀྲུང་དབྱང་སྒྲིག་ཨུད་ཀྱིས་གཏན་འཁེལ་བྱས་པའམ་ཡང་ན་ཞིང་ཆེན(པུའུ)རིམ་པའི་སྒྲིག་ཨུད(ཞིང་ཆེན་རིམ་པ་གཉིས་པའི་གྲོང་ཁྱེར་སྒྲིག་ཨུད་ཚུད་མེད)ཀྱིས་གཏན་འཁེལ་བྱས་པ་མ་ཟད། ཀྲུང་དབྱང་སྒྲིག་ཨུད་ནས་ཆོག་མཆན་ཞུས་ཐོབ་བྱུང་བ་ཡིན་ཚེ། སྒྲིག་ཁྲིམས་དང་འགལ་བའི་ཏང་ཡོན་དེར་སྲོལ་ཡིག་འདིའི་གཏན་འབེབས་ནང་འཁོད་ཆད་པ་གཅོད་ཚད་ཕུད། གཞན་གྱི་ཆད་པ་ཡང་དུ་བཏང་ནའང་འགྲིག
དོན་ཚན་བཅོ་བརྒྱད་པ། ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཏང་ཡོན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་དགོས་མོད། འོན་ཀྱང་སྲོལ་ཡིག་འདིའི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་ནང་འཁོད་ཀྱི་གནས་ཚུལ་གང་རུང་ཡོད་པའམ་ཡང་ན་སྲོལ་ཡིག་འདིའི་ཞིབ་གསལ་དོན་ཚན་ནང་གཏན་འབེབས་གཞན་དག་ཡོད་ཚེ། སྐྱོན་བརྗོད་དང་སློབ་གསོ་བྱེད་པའམ་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་ཆོག་པ་ལས་ཏང་ཁྲིམས་ཀྱི་ཆད་པ་མི་གཅོད་རྒྱུ། སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་མི་དགོས་པ་ཡིན་ཚེ་ཡིག་ཐོག་ནས་མཇུག་སྡོམ་རྒྱག་དགོས།
དོན་ཚན་བཅུ་དགུ་པ། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཡོད་ཚེ་ཆད་པ་ལྕི་པོ་གཅོད་པའམ་ཡང་ན་ཆད་པ་ལྗི་རུ་གཏོང་དགོས་པ་སྟེ།
(གཅིག)སྒྲིག་ཁྲིམས་གཅིག་བསྡུས་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ནང་ངན་སྤྱོད་བྱེད་མཚམས་མི་འཇོག་པ་དང་།
(གཉིས)མི་གཞན་ལ་སྒྲིག་འགལ་བྱེད་སྤྱོད་སྤེལ་རྒྱུར་བཙན་ཤེད་དང་ངན་སྐུལ་བྱེད་པ།
(གསུམ)སྲོལ་ཡིག་འདིའི་གཏན་འབེབས་གཞན་དག་བཅས།
དོན་ཚན་ཉི་ཤུ་པ། རྐང་བཙུགས་ནས་སྒྲིག་ཁྲིམས་དང་འགལ་བར་ཆད་པ་ཕོག་པའི་རྗེས་སུའང་ད་དུང་རྐང་བཙུགས་ནས་སྒྲིག་ཁྲིམས་དང་འགལ་ཞིང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་མཁན་ལ་ཆད་པ་ལྗི་པོ་གཅོད་དགོས།
ཏང་གི་སྒྲིག་ཁྲིམས་དང་འགལ་ནས་ཏང་ཁྲིམས་ཀྱི་ཆད་པ་ཕོག་མཁན་ཏང་ཡོན་ལ་ཆད་པ་དེ་མ་ཕོག་གོང་། སྒྲིག་འགལ་བྱེད་སྤྱོད་གཞན་དག་ཡོད་པ་ཤེས་ཤིང་ཏང་ཁྲིམས་ཀྱི་ཆད་པའང་གཅོད་དགོས་ངེས་ཡིན་ན། དེར་ཆད་པ་ལྗི་པོ་གཅོད་རྒྱུ།
དོན་ཚན་ཉེར་གཅིག་པ། ཆད་པ་ཡང་པོ་གཅོད་པ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཚད་ནང་དུ་ཆད་པ་ཡང་ཙམ་གཅོད་པར་ཟེར།
ཆད་པ་ལྗི་པོ་གཅོད་པ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཚད་ནང་དུ་ཆད་པ་ལྗི་ཙམ་གཅོད་པར་ཟེར།
དོན་ཚན་ཉེར་གཉིས་པ། ཆད་པ་ཡང་དུ་གཏོང་བ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཚད་ནས་ཡང་དུ་བཏང་བ་ཕུད། ད་དུང་ཆད་པ་རིམ་པ་གཅིག་ཡང་དུ་བཏང་བར་ཟེར།
ཆད་པ་ལྗི་རུ་གཏོང་བ་ཞེས་པ་ནི་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པའི་སྒྲིག་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཚད་ཕུད། ད་དུང་དེ་ལས་རིམ་པ་གཅིག་ལྗི་རུ་བཏང་ནས་ཆད་གཅོད་བྱེད་པར་ཟེར།
སྲོལ་ཡིག་འདིའི་ནང་གི་གཏན་འབེབས་ལྟར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཆད་གཅོད་བྱེད་པའི་རིམ་པ་དེ་གཅོད་དགོས་མཁན་གྱི་སྒྲིག་འགལ་བྱེད་སྤྱོད་ཕུད། དེ་བྱིངས་ལ་དོན་ཚན་དང་པོར་འཁོད་པའི་ཆད་པ་ཡང་དུ་གཏོང་བའི་གཏན་འབེབས་སྤྱད་ན་མི་འཚམ།
དོན་ཚན་ཉེར་གསུམ་པ། མི་གཅིག་ལ་སྲོལ་ཡིག་འདིའི་ནང་འཁོད་གཏན་འབེབས་ཀྱི་ཏང་ཁྲིམས་ཆད་གཅོད་ཕོག་ངེས་ཀྱི་སྒྲིག་འགལ་བྱེད་སྤྱོད་གཉིས་ཡན(རིགས་གཉིས་ཚུད)ཡོད་ན་དེ་རྣམས་མཉམ་དུ་ཐག་གཅོད་བྱེད་དགོས་པ་མ་ཟད། དེའི་སྒྲིག་འགལ་བྱེད་སྤྱོད་ཀྱི་སྣ་གྲངས་ལ་གཞིགས་ནས་ཆད་པ་ལྗི་ཤོས་དེ་ལས་ཀྱང་རིམ་པ་གཅིག་སྤར་ནས་ཆད་པ་གཅོད་རྒྱུ། དེའི་ནང་ནས་སྒྲིག་འགལ་བྱེད་སྤྱོད་རིགས་གཅིག་ཁོ་ནར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་དགོས་པར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཉེར་བཞི་པ། སྒྲིག་འགལ་བྱེད་སྤྱོད་གཅིག་ཁོ་ནས་དུས་མཚུངས་སུ་སྲོལ་ཡིག་འདིའི་དོན་ཚན་གཉིས་ཡན(གཉིས་ཚུད)དང་འགལ་ཚེ། ཆད་གཅོད་ལྗི་ཙམ་ཡོད་པའི་དོན་ཚན་ལྟར་ངོ་བོ་གཏན་འཁེལ་གྱིས་ཐག་གཅོད་བྱ་རྒྱུ།
དོན་ཚན་ཞིག་ནང་གཏན་འཁེལ་བྱས་པའི་སྒྲིག་འགལ་གྱི་གྲུབ་ཆ་གལ་ཆེན་རྣམས་དོན་ཚན་གཞན་ཞིག་ནང་གཏན་འཁེལ་བྱས་པའི་གྲུབ་ཆ་གལ་ཆེན་ཁོངས་སུ་ཚུད་ཡོད་པ་མ་ཟད། དམིགས་བསལ་གྱི་གཏན་འབེབས་དང་སྤྱིར་བཏང་གི་གཏན་འབེབས་དབར་གཅིག་མཐུན་མེད་པ་ཡིན་ན། དམིགས་བསལ་གྱི་གཏན་འབེབས་སྤྱད་ན་འཐུས།
དོན་ཚན་ཉེར་ལྔ་པ། མི་གཉིས་ཡན(མི་གཉིས་ཚུད)གྱིས་མཉམ་ཐོག་དུ་རྐང་བཙུགས་ནས་སྒྲིག་ཁྲིམས་དང་འགལ་ཚེ། གཙོ་བོ་དེར་ཆད་པ་ལྗི་པོ་གཅོད་དགོས་པ་དང་། ཁོངས་མི་གཞན་པར་སྲོལ་ཡིག་འདིའི་གཏན་འབེབས་དོན་ཚན་གཞན་དག་ཡོད་པ་ཕུད། མཉམ་ཐོག་སྒྲིག་འགལ་བྱེད་སྤྱོད་སྤེལ་བའི་ནང་ཐོན་པའི་ནུས་པ་དང་འཁུར་དགོས་ངེས་ཀྱི་འགན་འཁྲི་ལྟར་མི་སོ་སོར་ཆད་པ་གཅོད་རྒྱུ།
དཔལ་འབྱོར་ཐད་མཉམ་དུ་སྒྲིག་ཁྲིམས་དང་འགལ་ཚེ། མི་སྒེར་ལ་ཐོབ་པའི་གྲངས་འབོར་དང་དེས་སྒྲིག་འགལ་བྱེད་སྤྱོད་ནང་ཐོན་པའི་ནུས་པ་ལྟར་སོ་སོར་ཆད་པ་གཅོད་རྒྱུ། སྒྲིག་འགལ་བྱེད་མཁན་ཚོགས་པའི་བྱེད་གཏེར་ཚོགས་པའི་སྒྲིག་འགལ་གྱི་སྤྱིའི་གྲངས་འབོར་ལྟར་ཆད་པ་གཅོད་རྒྱུ། དེ་མིན་མཉམ་ཐོག་སྒྲིག་འགལ་བྱེད་མཁན་གྱི་བྱེད་གཏེ་ཡིན་ལ་གནས་ཚུལ་ཚབས་ཆེན་པོ་ཡིན་ན་མཉམ་ཐོག་སྒྲིག་འགལ་གྱི་སྤྱིའི་གྲངས་འབོར་ལྟར་ཆད་པ་གཅོད་རྒྱུ།
མི་གཞན་ལ་སྒྲིག་འགལ་བྱ་རྒྱུར་ངན་སྐུལ་བྱས་ན། མཉམ་ཐོག་སྒྲིག་འགལ་བྱེད་སྤྱོད་སྤེལ་བའི་ནང་ཐོན་པའི་ནུས་པར་གཞིགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།
དོན་ཚན་ཉེར་དྲུག་པ། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་སྒྲིག་གཞིས་མཉམ་ཐོག་ཏང་ཁྲིམས་དང་འགལ་རྒྱུར་ཐག་བཅད་པའམ་ཡང་ན་དེ་མིན་གྱི་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་སྤེལ་ཚེ། མཉམ་ཐོག་རྐང་བཙུགས་ནས་བྱེད་མཁན་གྱི་ཁོངས་མིར་མཉམ་ཐོག་སྒྲིག་འགལ་ལྟར་ཐག་གཅོད་བྱ་རྒྱུ། ལས་འཛོལ་ཤོར་བའི་རྐྱེན་གྱིས་སྒྲིག་ཁྲིམས་དང་འགལ་མཁན་གྱི་ཁོངས་མི་སོ་སོས་མཉམ་ཐོག་སྒྲིག་འགལ་བྱེད་སྤྱོད་ནང་ཐོན་པའི་ནུས་པ་དང་འཁུར་དགོས་ངེས་ཀྱི་འགན་འཁྲི་ལྟར་སོ་སོར་ཆད་པ་གཅོད་རྒྱུ།
ས་བཅད་བཞི་པ། ཁྲིམས་འགལ་ཉེས་གསོག་གི་ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་ཐབས།
དོན་ཚན་ཉེར་བདུན་པ། སྒྲིག་ཁྲིམས་ཀྱི་འདྲི་དཔྱོད་བྱེད་པའི་བརྒྱུད་རིམ་ནང་ཏང་ཡོན་ལ་ལྐོག་རྔན་ཟ་ལེན་དང་འགན་ཤོར་འགན་འཛོལ་སོགས་ཉེས་ཁྲིམས་གཏན་འབེབས་ནང་འཁོད་ཀྱི་བྱེད་སྤྱོད་ཡོད་ལ་ཉེས་གསོག་གི་དོགས་གཞི་ཡང་ཡོད་པ་ཏང་རྩ་འཛུགས་ནས་ཤེས་རྟོགས་བྱུང་ཚེ། དེར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པ་བཅས་ཀྱི་ཆད་པ་གཅོད་རྒྱུ།
དོན་ཚན་ཉེར་བརྒྱད་པ། སྒྲིག་ཁྲིམས་ཀྱི་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ནང་ཏང་ཡོན་ལ་ཉེས་ཁྲིམས་གཏན་འབེབས་ནང་འཁོད་བྱེད་སྤྱོད་ཡོད་པ་ཏང་རྩ་འཛུགས་ནས་ཤེས་རྟོགས་བྱུང་ཚེ། དེའི་བྱེད་སྤྱོད་རྣམས་ཉེས་གསོག་དང་འབྲེལ་བ་མེད་ཀྱང་དེར་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པར་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་གཏོང་བའི་བར་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་ཉེར་དགུ་པ། སྒྲིག་ཁྲིམས་ཀྱི་འདྲི་གཅོད་བྱེད་པའི་བརྒྱུད་རིམ་ནང་ཏང་ཡོན་ལ་དེ་མིན་གྱི་ཁྲིམས་འགལ་བྱེད་སྤྱོད་ཡོད་པའི་རྐྱེན་གྱིས་ཏང་གི་མཚན་སྙན་ལ་གནོད་པ་དང་། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་པའི་གནས་ཚུལ་ཡོད་པ་ཏང་རྩ་འཛུགས་ནས་ཤེས་རྟོགས་བྱུང་ཚེ། དེའི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ།
ཏང་ཡོན་གྱི་ཆ་རྐྱེན་རྒྱབ་སྐྱུར་དང་ཏང་གི་མཚན་སྙན་ཉམས་དམས་ཚབས་ཆེན་བཟོ་བའི་བྱེད་སྤྱོད་ཡོད་མཁན་ཏང་ཡོན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་སུམ་ཅུ་པ། ཏང་གི་སྒྲིག་ཁྲིམས་ཀྱི་བདའ་འདེད་ཕོག་པ་དང་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་པའི་ཏང་ཡོན་ཡིན་ཕྱིན། དུས་ཐོག་ཏུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པར་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ། དེར་སྲིད་འཛིན་ཆད་པ་གཅོད་པའམ་ཡང་ན་སྒྲིག་ཁྲིམས་ཀྱི་ཆད་པ་གཞན་དག་གཅོད་དགོས་ཚེ། འབྲེལ་ཡོད་ཚན་པའམ་ཡང་ན་རྩ་འཛུགས་ལ་དེ་ལྟར་གྲོས་འཆར་འདོན་རྒྱུ།
དོན་ཚན་སོ་གཅིག་པ། ཁྲིམས་བཞིན་འཛིན་བཟུང་བྱས་པའི་ཏང་ཡོན་ཡིན་ན། ཏང་རྩ་འཛུགས་ཀྱིས་དོ་དམ་དབང་ཚད་ལྟར་དེའི་བརྡས་ཐག་གཅོད་དབང་དང་། འདེམས་བསྐོ་བྱེད་དབང་། གདམ་བྱའི་དབང་ཆ་སོགས་ཏང་ཡོན་གྱི་དབང་ཆ་མཚམས་འཇོག་བྱ་རྒྱུ། ཁྲིམས་འཛིན་ཚན་པའི་ཐག་གཅོད་བྱས་འབྲས་ལ་གཞིགས་ཏེ་ཏང་ཡོན་གྱི་ཁེ་དབང་སླར་གསོ་བྱས་ན་ཆོག་པའི་ཏང་ཡོན་ལ་དེའི་ཁེ་དབང་དུས་ཐོག་ཏུ་སླར་གསོ་བྱ་རྒྱུ།
དོན་ཚན་སོ་གཉིས་པ། ཉེས་གསོག་གནས་ཚུལ་ཆུང་རིགས་ཡིན་ལ་མི་དམངས་ཞིབ་དཔྱོད་ཁང་ནས་ཁྲིམས་ལྟར་ཞུ་གཏུག་མི་བྱེད་པའི་ཐག་གཅོད་བྱས་པ་དང་། ཡང་ན་མི་དམངས་ཁྲིམས་ཁང་ནས་ཁྲིམས་ལྟར་ཉེས་ཡོད་ཁྲིམས་ཐག་བཅད་ཀྱང་ཉེས་དོན་གྱི་ཉེས་ཆད་མ་བཅད་པའི་ཏང་ཡོན་ཡིན་ན། དེར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པ་བཅས་ཀྱི་ཆད་པ་གཅོད་རྒྱུ།
ཏང་ཡོན་གྱིས་ཉེས་པ་བསགས་པར་དངུལ་ཆད་རྐྱང་གཅོད་བྱ་རྒྱུ་ཡིན་ན། དེ་དོན་ཚན་གོང་མའི་གཏན་འབེབས་ལྟར་ཐག་གཅོད་བྱ་རྒྱུ།
དོན་ཚན་སོ་གསུམ་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་ཡོད་པའི་ཉེས་གསོག་ཏང་ཡོན་ལ་ཏང་ནང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) རྐང་བཙུགས་ནས་ཉེས་པ་བསགས་པའི་རྐྱེན་གྱིས་ཁྲིམས་བཞིན་ཉེས་ཁྲིམས་གཏན་འབེབས་ནང་གི་ཁྲིམས་ཆད་གཙོ་བོ(ཁྲིམས་ཆད་འགྱངས་གཅོད་ཀྱི་ཁྱབ་བསྒྲགས་བྱས་པ་ཚུད)ཕོག་པ་དང་།
(གཉིས) ཉེས་ཆད་རྐྱང་གཅོད་བྱས་པའམ་ཡང་ན་ཟུར་སྣོན་དུ་ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ།
(གསུམ) ལས་འཛོལ་ཤོར་བའི་རྐྱེན་གྱིས་ཉེས་པ་བསགས་པར་ཁྲིམས་བཞིན་ལོ་གསུམ་ཡན(ལོ་གསུམ་མ་ཚུད)དུས་བཀག་བཙོན་འཇུག་བྱས་པ་བཅས།
ལས་འཛོལ་ཤོར་བའི་རྐྱེན་གྱིས་ལོ་གསུམ་མན(ལོ་གསུམ་ཚུད)གྱི་དུས་བཀག་བཙོན་འཇུག་བྱས་པའམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཁྲིམས་ཆད་དང་། བཙན་འཇུག་ཁྲིམས་ཆད་ཕོག་མཁན་ཡིན་ན། སྤྱིར་བཏང་བྱས་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ། ཏང་ནང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་མི་དགོས་པའི་དམིགས་བསལ་ཅན་ཡིན་ན། ཏང་ཡོན་ཆད་གཅོད་དབང་ཚད་ཀྱི་གཏན་འབེབས་ལྟར་གོང་རིམ་ཏང་རྩ་འཛུགས་ནས་ཆོག་མཆན་ཞུ་དགོས།
དོན་ཚན་སོ་བཞི་པ། ཁྲིམས་བཞིན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བའི་ཆད་པ་ཕོག་མཁན་ཏང་ཡོན་ལ་ཏང་རྩ་འཛུགས་ནས་སྲིད་ཁྲིམས་ཚན་པའི་ནུས་ཐོན་དཔྱད་མཚམས་དང་། ཁྲུན་བཅད། གཏན་འབེབས། དེ་བཞིན་གཏན་འཁེལ་དོན་དངོས་དང་། ངོ་བོ། ཉེས་ཚབས་བཅས་ལ་གཞིགས་ནས་སྲོལ་ཡིག་འདིའི་གཏན་འབེབས་ལྟར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་ཡང་ན་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ།
ཁྲིམས་བཞིན་སྲིད་འཛིན་ཉེས་ཆད་དང་སྲིད་འཛིན་ཆད་གཅོད་ཕོག་པའི་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཞིག་ཡིན་ན། ཏང་རྩ་འཛུགས་ཀྱིས་ནུས་ཐོན་སྲིད་འཛིན་ཉེས་ཆད་དང་སྲིད་འཛིན་ཆད་པ་གཅོད་རྒྱུའི་གཏན་འབེབས་ནང་དེའི་གཏན་འཁེལ་བྱས་པའི་དོན་དངོས་དང་། ངོ་བོ། ཉེས་ཚབས་བཅས་ལ་གཞིགས་ནས་ཞིབ་བསྡུར་བྱས་རྗེས། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་ཡང་ན་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ།
རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ལས་འགལ་བ་དང་། ཁེ་ལས་དང་བྱ་གཞག་ཚན་པའམ་ཡང་ན་དེ་མིན་གྱི་སྤྱི་ཚོགས་རྩ་འཛུགས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་འགལ་ནས་སྒྲིག་ཁྲིམས་ཀྱི་ཆད་པ་གཞན་དག་ཕོག་པའི་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་ཡིན་ན། ཏང་རྩ་འཛུགས་ཀྱིས་འབྲེལ་ཡོད་ཕྱོགས་ནས་གཏན་འཁེལ་བྱས་པའི་དོན་དངོས་དང་། ངོ་བོ། ཉེས་ཚབས་བཅས་ལ་ཞིབ་བསྡུར་བྱས་རྗེས། སྲོལ་ཡིག་འདིའི་གཏན་འབེབས་་གཞིར་བཟུང་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་ཡང་ན་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ།
ཏང་རྩ་འཛུགས་ནས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་པའམ་ཡང་ན་རྩ་འཛུགས་ནས་ཐག་གཅོད་བྱ་རྒྱུ་གཏན་འཁེལ་བྱས་རྗེས་སུ། ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་སོགས་ཀྱིས་ཁྲིམས་བཞིན་དེ་སྔའི་ནུས་ཐོན་གྱི་དཔྱད་མཚམས་དང་། ཁྲུན་བཅད། གཏན་འབེབས་སོགས་ལ་འགྱུར་བ་བཏང་བ་ལས་དེ་སྔའི་ཏང་ཁྲིམས་ཆད་གཅོད་དམ་ཡང་ན་རྩ་འཛུགས་ཀྱི་ཐག་གཅོད་གཏན་འབེབས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཚེ། ཏང་རྩ་འཛུགས་ཀྱིས་འགྱུར་བ་བཏང་རྗེས་ཀྱི་ནུས་ཐོན་གྱི་དཔྱད་མཚམས་དང་། ཁྲུན་བཅད། གཏན་འབེབས་སོགས་ལ་གཞིགས་ཏེ་བསྐྱར་དུ་འོས་འཚམ་གྱིས་ཐག་གཅོད་བྱ་རྒྱུ།
ས་བཅད་ལྔ་པ། གཏན་འབེབས་གཞན་དག
དོན་ཚན་སོ་ལྔ་པ། གྲ་སྒྲིག་ཏང་ཡོན་གྱིས་ཏང་གི་སྒྲིག་ཁྲིམས་ལས་འགལ་ཞིང་དེའི་གནས་ཚུལ་ཆུང་ཙམ་ཡིན་ན། གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་རང་སོར་བཞག་ཆོག་པ་དང་། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་དེར་སྐྱོན་བརྗོད་སློབ་གསོའམ་ཡང་ན་དེའི་གྲ་སྒྲིག་ཏང་ཡོན་བྱེད་ཡུན་རིང་དུ་གཏོང་དགོས། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ངེས་པར་དུ་དེའི་གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པ་བཟོ་དགོས།
དོན་ཚན་སོ་དྲུག་པ། སྒྲིག་ཁྲིམས་ལས་འགལ་རྗེས་གར་སོང་རྩད་ཆོད་མི་ཐུབ་པའི་ཏང་ཡོན་ཡིན་ན་ངེས་པར་དུ་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་དགོས་པ་སྟེ།
(གཅིག) ཚབས་ཆེའི་སྒྲིག་འགལ་བྱེད་སྤྱོད་ཡོད་མཁན་ལ་ངེས་པར་དུ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་དགོས་པ་ཡིན་ན་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཐག་གཅོད་དགོས།
(གཉིས) གོང་འཁོད་ནང་གསེས་གཏན་འབེབས་ཀྱི་གནས་ཚུལ་ཡོད་པ་ཕུད། ད་དུང་གར་སོང་རྩད་ཆོད་མི་ཐུབ་པའི་དུས་ཚོད་ཟླ་དྲུག་ལས་བརྒལ་བ་ཡིན་ན། ཏང་རྩ་འཛུགས་ཀྱིས་ངེས་པར་དུ་ཏང་གི་སྒྲིག་ཡིག་གི་གཏན་འབེབས་གཞིར་བཟུང་དེ་མིང་ཁོངས་ནས་འབུད་དགོས།
དོན་ཚན་སོ་བདུན་པ། སྒྲིག་ཁྲིམས་ལས་འགལ་བའི་ཏང་ཡོན་ལ་ཏང་རྩ་འཛུགས་ཀྱིས་ཆད་པ་གཅོད་རྒྱུའི་གཏན་འབེབས་མ་བྱས་གོང་ཤི་བ་དང་། སྒྲིག་འགལ་ཏང་ཡོན་ཤི་ཚར་རྗེས། དེར་དེ་སྔ་སྒྲིག་འགལ་གྱི་བྱེད་སྤྱོད་ཚབས་ཆེ་ཡོད་པ་ཤེས་རྟོགས་བྱུང་ཞིང་ངེས་པར་དུ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་དགོས་ན། དེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་དགོས། ངེས་པར་དུ་ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ(ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ་ཚུད)མན་གྱི་ཆད་པ་གཅོད་དགོས་ན། ཡིག་ཐོག་ནས་ཆོད་སྡོམ་བྱེད་པ་ལས་ཏང་གི་སྒྲིག་ཁྲིམས་ཐད་ཀྱི་ཆད་པ་བསྐྱར་དུ་གཅོད་རྒྱུ་མེད།
དོན་ཚན་སོ་བརྒྱད་པ། སྒྲིག་འགལ་བྱེད་སྤྱོད་ཀྱི་འབྲེལ་ཡོད་འགན་འཁྲི་ཡོད་མཁན་ཁག་དབྱེ་སྟངས་ཏེ།
(གཅིག) ཐད་ཀའི་འགན་འཁྲི་ཡོད་མཁན་ཞེས་པ་ནི་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་རང་ཉིད་ཀྱི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་དང་མཇུག་འབྲས་ལ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་མཁན་གྱི་ཏང་ཡོན་ནམ་ཡང་ན་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཟེར་བ་ཡིན། (གཉིས) འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད་མཁན་ཞེས་པ་ནི་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་ཐད་ཀར་གཙོ་འགན་འཁུར་བའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་དང་མཇུག་འབྲས་ལ་ཐད་ཀའི་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཟེར། (གསུམ) འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་ཡོད་མཁན་ཞེས་པ་ནི་དེ་གའི་འགན་འཁྲིའི་ཁྱབ་ཁོངས་ནང་དོ་དམ་བྱེད་དགོས་ངེས་ཀྱི་ལས་ཀའམ་ཡང་ན་ཐེ་ཞུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་ལས་ཀའི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཡང་དག་མ་བསྒྲུབས་པ་ལས་བྱུང་བའི་གྱོང་གུན་ནམ་དང་མཇུག་འབྲས་ལ་འགོ་ཁྲིད་ཀྱི་འགན་འཁྲི་སྤྱིར་བཏང་ཡོད་མཁན་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་ཟེར།
སྲོལ་ཡིག་འདིའི་ནང་བརྗོད་པའི་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ཞེས་པ་སྟེ་འགོ་ཁྲིད་ཀྱི་འགན་འཁྲི་གཙོ་བོ་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་གལ་ཆེན་ཡོད་མཁན་ཚུད།
དོན་ཚན་སོ་དགུ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་རང་འགུལ་གྱིས་ངོས་ལེན་ཞུ་བ་ཞེས་པ་ནི་སྒྲིག་འགལ་དོགས་ཡོད་ཏང་ཡོན་གྱིས་རྩ་འཛུགས་ནས་ཐོག་མའི་དཔྱད་ཞིབ་མ་བྱས་གོང་འབྲེལ་ཡོད་རྩ་འཛུགས་ལ་རང་ཉིད་ཀྱི་གནད་དོན་ངོས་ལེན་ཞུ་བ་དང་། ཡང་ན་དེའི་གནད་དོན་ལ་ཐོག་མའི་དཔྱད་ཞིབ་དང་གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱེད་རིང་རྩ་འཛུགས་ནས་ཤེས་རྟོགས་ཐུབ་མེད་པའི་གནད་དོན་ངོས་ལེན་ཞུ་བར་ཟེར།
ཐོག་མའི་དཔྱད་ཞིབ་དང་། ཡང་ན་གྱོད་ཁོངས་སུ་བཅུག་ནས་བརྟག་དཔྱད་བྱེད་རིམ་ནང་སྒྲིག་འགལ་དོགས་ཡོད་ཏང་ཡོན་གྱིས་བརྟག་དཔྱད་ལས་དོན་ལ་གཞོགས་འདེགས་བྱེད་པ་དང་། རྩ་འཛུགས་ཀྱིས་ཤེས་རྟོགས་ཟིན་པའི་རང་ཉིད་ཀྱི་སྒྲིག་འགལ་དོན་དངོས་གཙོ་བོ་རྣམས་ངོས་ལེན་ཇི་བཞིན་ཞུ་མཁན་ལ་ཉེས་ཆད་ཡང་བཟོས་བཏང་ཆོག
དོན་ཚན་བཞི་བཅུ་པ། དཔལ་འབྱོར་གྱི་གྱོང་གུན་རྩིས་རྒྱག་སྐབས་གཙོ་བོ་ཐད་ཀའི་དཔལ་འབྱོར་གྱི་གྱོང་གུན་རྩིས་རྒྱག་དགོས། ཐད་ཀའི་དཔལ་འབྱོར་གྱོང་གུན་ཞེས་པ་ནི་སྒྲིག་འགལ་བྱེད་སྤྱོད་དང་ཐད་ཀར་རྒྱུ་དང་འབྲས་བུའི་འབྲེལ་བ་ཡོད་པ་ལས་བྱུང་བའི་རྒྱུ་ནོར་གཏོར་བརླག་སོང་བ་དེའི་དངོས་ཡོད་རིན་ཐང་ལ་ཟེར།
དོན་ཚན་ཞེ་གཅིག་པ། སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་རྣམས་ངེས་པར་དུ་ཡར་བསྡུ་བའམ་ཡང་ན་ཕྱིར་སློག་སྐྱིན་ཚབ་འཇལ་འགན་འཁུར་དུ་འཇུག་དགོས།
སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་གོ་གནས་དང་། གོ་མིང་། སློབ་རིམ། སློབ་གནས། བྱ་དགའ། ཐོབ་ཐང་སོགས་ཀྱི་ཁེ་ཕན་གཞན་དག་རྣམས་ངེས་པར་དུ་གྱོད་དོན་ཞིབ་གཅོད་བྱེད་མཁན་སྒྲིག་བཤེར་ལས་ཁུངས་སམ་ཡང་ན་དེའི་གོང་རིམ་སྒྲིག་བཤེར་ལས་ཁུངས་ཀྱིས་འབྲེལ་ཡོད་རྩ་འཛུགས་དང་། སྡེ་ཚན། ཚན་པ་བཅས་ལ་གཏན་འབེབས་གཞིར་བཟུང་ཡོ་བསྲང་བྱ་རྒྱུའི་གྲོས་འཆར་འདོན་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པ་དང་དོན་ཚན་སོ་བདུན་པའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱས་པའི་ཏང་ཡོན་ཡིན་ན། བརྟག་དཔྱད་བྱས་པ་བརྒྱུད་དེར་དངོས་འབྲེལ་སྒྲིག་འགལ་བྱེད་སྤྱོད་ལས་ཐོབ་པའི་ཁེ་ཕན་རྣམས། དོན་ཚན་འདིའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་ཞེ་གཉིས་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་རྗེས། ངེས་པར་དུ་ཟླ་གཅིག་ནང་ཚུན་དུ་ཆད་པ་ཕོག་མཁན་ཏང་ཡོན་གནས་སའི་ཏང་གི་གཞི་རིམ་རྩ་འཛུགས་ནང་གི་ཏང་ཡོན་ཡོངས་རྫོགས་དང་ཁོ་པ་རང་ཉིད་ལ་ཡོངས་བསྒྲགས་བྱེད་དགོས་པ་མ་ཟད། ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བ་གཞིར་བཟུང་། ཆད་གཅོད་གཏན་འབེབས་ཀྱི་དཔྱད་ཡིག་བཟོས་ནས་ཆད་པ་ཕོག་མཁན་གྱི་ཡིག་ཚགས་ནང་འཇུག་དགོས། ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུ(ཏང་ནང་གི་གོ་གནས་མེད་པ་བཟོ་རྒྱུ་ཚུད)ཡན་གྱི་ཆད་པ་ཕོག་མཁན་ལ་ད་དུང་ངེས་པར་ཟླ་གཅིག་ནང་ཚུན་དུ་གོ་གནས་དང་གླ་ཕོགས་སོགས་བབ་མཚུངས་འགྱུར་ལྡོག་གཏོང་རྒྱུའི་འགྲོ་ལུགས་གཉེར་དགོས། ཏང་ཕྱིའི་གོ་གནས་མེད་པ་བཟོ་བའམ་ཡང་ན་སྒྲིག་སྐྱོར་བྱ་རྒྱུ་དང་འབྲེལ་བ་ཡོད་ན། ངེས་པར་དུ་དེའི་ཏང་ཕྱིའི་གོ་གནས་འཕྲལ་མར་མེད་པ་བཟོ་བའམ་ཡང་ན་སྒྲིག་སྐྱོར་བྱ་རྒྱུ་ཏང་ཕྱིའི་རྩ་འཛུགས་ལ་གྲོས་འཆར་འདོན་དགོས། དམིགས་བསལ་གནས་ཚུལ་འོག ཆད་གཅོད་གཏན་འབེབས་བྱས་པའམ་ཡང་ན་བྱ་རྒྱུར་ཆོག་མཆན་སྤྲད་ཟིན་པའི་རྩ་འཛུགས་ཀྱི་ཆོག་མཆན་ཡིན་ན། གཉེར་སྒྲུབ་ཀྱི་དུས་ཚད་འོས་འཚམ་གྱིས་རིང་དུ་བཏང་ཆོག གཉེར་སྒྲུབ་ཀྱི་དུས་ཚད་རིང་ཤོས་དེ་ཟླ་དྲུག་ལས་བརྒལ་མི་ཆོག
དོན་ཚན་ཞེ་གསུམ་པ། ཏང་གི་སྒྲིག་ཁྲིམས་ལས་འགལ་བར་ཆད་པ་གཅོད་རྒྱུའི་གཏན་འབེབས་ལག་བསྟར་བྱེད་མཁན་ལས་ཁུངས་སམ་ཡང་ན་ཆད་གཅོད་ཕོག་མཁན་ཏང་ཡོན་གནས་སའི་ཚན་པས་ངེས་པར་དུ་ཟླ་དྲུག་གི་ནང་ཚུན་དུ་ཆད་གཅོད་གཏན་འབེབས་ལག་བསྟར་བྱས་ཚུལ་རྣམས་ཆད་གཅོད་གཏན་འབེབས་བྱེད་མཁན་ནམ་ཡང་ན་ཆོག་མཆན་སྤྲོད་མཁན་ལས་ཁུངས་ལ་སྙན་སེང་ཞུ་དགོས། དོན་ཚན་ཞེ་བཞི་པ། སྲོལ་ཡིག་འདིའི་སྤྱིའི་རྩ་འཛིན་དེ་བཞིན། ཀྲུང་གུང་ཀྲུང་དབྱང་ནས་ཁྱབ་བསྒྲགས་བྱས་པའམ་ཡང་ན་ཁྱབ་བསྒྲགས་བྱ་རྒྱུར་ཆོག་མཆན་སྤྲད་པའི་ཏང་ནང་གི་ཁྲིམས་སྲོལ་གཞན་དག་ནང་དམིགས་བསལ་གཏན་འབེབས་ཡོད་པ་ཕུད། དེ་མིན་ཏང་ཁྲིམས་ཀྱི་ཆད་གཅོད་གཏན་འབེབས་ཡོད་པའི་ཏང་ནང་གི་ཁྲིམས་སྲོལ་གཞན་དག་ལ་སྤྱད་ན་འཐུས།
ལེའུ་གཉིས་པ། ཞིབ་གསལ་དོན་ཚན།
ས་བཅད་དྲུག་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་ཞེ་ལྔ་པ། ཆ་འཕྲིན་དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན། ཚགས་པར་དུས་དེབ། དཔེ་དེབ། འཆད་འཁྲིད། གླེང་སྟེགས། སྙན་སེང་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་འབྱོར་ལྡན་གྲལ་རིམ་གྱི་རང་མོས་ཅན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་། གཞི་རྩའི་རྩ་དོན་བཞིར་ངོ་རྒོལ། ཏང་གི་བསྒྱུར་བཅོས་སྒོ་དབྱེའི་ཐབས་ཇུས་ལ་ངོ་རྒོལ་བཅས་བྱེད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་སྤེལ་མཁན་ཡིན་ན། ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གོང་འཁོད་ནང་གསེས་ཀྱི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་འགྲེམས་སྤེལ་དང་། བརྙན་གཏོང་། དེབ་ཐོག་འགོད་པ། དཔེ་སྐྲུན་བཅས་བྱས་པའམ་ཡང་ན་གོང་གསལ་བྱེད་སྤྱོད་དེ་དག་ལ་སྟབས་བདེའི་ཆ་རྐྱེན་སྐྲུན་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་དྲུག་པ། ཆ་འཕྲིན་དྲ་རྒྱ་དང་། རླུང་འཕྲིན། བརྙན་འཕྲིན། ཚགས་པར་དུས་དེབ། དཔེ་དེབ། འཆད་ཁྲིད། གླེང་སྟེགས། སྙན་སེང་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ཞིང་གཤམ་གསལ་གྱི་བྱེད་སྤྱོད་གང་རུང་ཞིག་ཡོད་ན། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) གཞི་རྩའི་རྩ་དོན་བཞིར་རྒྱབ་འགལ་དང་། ཏང་གི་བསྒྱུར་བཅོས་སྒོ་དབྱེའི་ཐབས་ཇུས་ལ་རྒྱབ་འགལ་དང་འཁྱོག་བཤད། ཡང་ན་ཆབ་སྲིད་ཀྱི་གནད་དོན་ཚབས་ཆེའི་རིགས་གཞན་དག་ཡོད་པ་བཅས་ཀྱི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་ཡོངས་བསྒྲགས་ཐོག་སྤེལ་བའི་རིགས་དང་།
(གཉིས) ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་མཛད་ཕྱོགས་ལ་བྱུང་རྒྱལ་དུ་ལབ་གླེང་བྱས་པ་དང་ཏང་གི་གཅིག་སྡུད་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་རིགས།
(གསུམ) ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་དམའ་འབེབས་གཏོང་བའམ་ཡང་ན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ལ་དམའ་འབེབས་བྱེད་པ་དང་མཚན་ཤས་བཟོ་བ། ཏང་གི་ལོ་རྒྱུས་དང་དམག་དོན་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པའི་རིགས།
གོང་འཁོད་ཀྱི་ནང་དོན་འགྲེམས་སྤེལ་དང་། བརྙན་གཏོང་། དེབ་ཐོག་འགོད་པ། དཔེ་སྐྲུན་བཅས་བྱེད་པའམ་ཡང་ན་གོང་གསལ་བྱེད་སྤྱོད་དེ་དག་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་བདུན་པ། དོན་ཚན་ཞེ་ལྔ་པ་དང་དོན་ཚན་ཞེ་དྲུག་ནང་འཁོད་ཀྱི་ནང་དོན་གང་རུང་ཞིག་ཡོད་པའི་དཔེ་དེབ་དང་། སྒྲ་འཇུག་བརྙན་ཕབ་དངོས་ཆས། གློག་རྡུལ་ལྟ་དེབ། དྲ་ཐོག་བརྙན་ལམ་གྱི་དཔྱད་ཡིག་སོགས་བཟོ་སྒྲིག་དང་། ལྐོག་འཚོང་། བརྒྱུད་གཏོང་བཅས་བྱས་པ་ཡིན་ན། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་ལྔ་པ་དང་དོན་ཚན་ཞེ་དྲུག་ནང་འཁོད་ཀྱི་ནང་དོན་གང་རུང་ཞིག་ཡོད་པའི་དཔེ་དེབ་དང་། སྒྲ་འཇུག་བཪྙན་ཕབ་དངོས་ཆས། གློག་རྡུལ་ལྟ་དེབ་སོགས་རྒྱལ་མཚམས་ནས་རང་དགར་ཕར་འཁྱེར་ཚུར་འཁྱེར་བྱས་པ་ཡིན་ན། དེའི་གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་བརྒྱད་པ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱའམ་ཡང་ན་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་བཅས་ལ་ངོ་རྒོལ་བྱེད་པའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱེད་པ་དང་། དེའི་ནང་ཞུགས་པ། ཡང་ན་འཆད་འཁྲིད་དང་། གླེང་སྟེགས། སྙན་སེང་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སོགས་སྒྲིག་འཛུགས་བྱེད་ཐབས་ལ་བརྟེན་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་སམ་ཡང་ན་གལ་ཆེའི་མཛད་ཕྱོགས་སྲིད་ཇུས་ལ་ངོ་རྒོལ་བྱས་ནས་ཚབས་ཆེའི་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་བྱེད་མཁན། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དེའི་ནང་ཞུགས་མཁན་མི་གཞན་པའམ་ཡང་ན་ཆ་འཕྲིན་དང་། དཔྱད་ཡིག རྒྱུ་དངོས། ས་ཆ་སོགས་མཁོ་སྤྲོད་བྱེད་པའི་ཐོག་ནས་གོང་གསལ་བྱེད་སྒོ་སྤེལ་མཁན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། དེའི་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མ་ཤེས་ཤིང་རང་དབང་མེད་པར་འཛུལ་ཞུགས་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་མཁན་ཡིན་ན། ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
རྩ་འཛུགས་ཀྱི་ཆོག་མཆན་མ་ཐོབ་པར་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་སོགས་ཀྱི་བྱེད་སྒོ་གཞན་དག་ནང་ཞུགས་པ་ཡིན་ན། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་གམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་དགུ་པ། ཏང་གི་འགོ་ཁྲིད་ལ་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངོ་རྒོལ། ཡང་ན་སྲིད་གཞུང་དགྲར་འཛིན་པ་སོགས་དམིགས་ཡུལ་དུ་བཟུང་བའི་རྩ་འཛུགས་བཙུགས་པ་དང་དེའི་ནང་ཞུགས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དེའི་ནང་ཞུགས་མཁན་མི་གཞན་དག་ལ་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ལྔ་བཅུ་པ། རྨོངས་དད་ཚོགས་པའམ་ཡང་ན་ཆོས་ལོག་རྩ་འཛུགས་བཅས་སྒྲིག་འཛུགས་དང་དེའི་ནང་ཞུགས་པ་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དེའི་ནང་ཞུགས་མཁན་མི་གཞན་དག་ལ་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མི་ཤེས་པར་འཛུལ་ཞུགས་བྱེད་མཁན་ཡིན་ན། སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
དོན་ཚན་ང་གཅིག་པ། ཏང་ནང་དུ་གསང་བའི་ཚོགས་པ་སྒྲིག་འཛུགས་བྱེད་པའམ་ཡང་ན་ཏང་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གཞན་དག་སྒྲིག་འཛུགས་བྱེད་མཁན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གསང་བའི་ཚོགས་པའི་ནང་ཞུགས་པའམ་ཡང་ན་ཏང་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ནང་ཞུགས་མཁན་ལ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ང་གཉིས་པ། ཏང་ནང་ཤོག་ཁག་སྒྲིག་པ་དང་། དཔུང་སྡེབ་སྒེར་གཉེར། ངན་པ་ཁྱུ་སྒྲིག སྒེར་གྱི་སྟོབས་ཤུགས་གསོ་སྤེལ་བཅས་བྱེད་པའམ་ཡང་ན་ཁེ་ཕན་སྤྲོད་རེས་བྱས་ནས་སྒེར་གྱི་སྙན་གྲགས་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཆབ་སྲིད་ཀྱི་མ་རྩ་རག་ཐབས་བྱེད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ང་གསུམ་པ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་དེ་བཞིན་ཐབས་ཇུས་བཀོད་སྒྲིག་རྣམས་ལག་བསྟར་རྩ་བ་ནས་མི་བྱེད་པའི་རིགས་དང་།
(གཉིས)རྐང་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། དེ་བཞིན་ཐབས་ཇུས་ཀྱི་བཀོད་སྒྲིག་ལ་རྒྱབ་འགལ་གྱིས་གཏན་འབེབས་བཟོ་བའི་རིགས།
(གསུམ)ཀྲུང་དབྱང་ནས་གཏན་འབེབས་བྱེད་དགོས་པའི་གལ་ཆེའི་སྲིད་ཇུས་ཀྱི་གནད་དོན་རིགས་ལ་རང་དགར་གཏན་འབེབས་བྱེད་པ་དང་། དེ་ལྟར་ཕྱི་ཕྱོགས་སུ་འདོད་ཚུལ་ཤོད་པའི་རིགས་བཅས།
དོན་ཚན་ང་བཞི་པ། མི་རིགས་དབར་གྱི་འབྲེལ་བར་དཀྲུག་ཤིང་བརྒྱབ་ནས་འགལ་རྐྱེན་བཟོ་བའམ་ཡང་ན་མི་རིགས་ཁ་ཕྲལ་གཏོང་བའི་བྱེད་སྒོར་ཞུགས་མཁན་གྱི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ། ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འཛུལ་ཞུགས་བྱེད་མཁན་གཞན་དག་ལ་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མ་ཤེས་ཤིང་རང་དབང་མེད་པར་འཛུལ་ཞུགས་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་རིགས་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ང་ལྔ་པ། ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་བེད་སྤྱད་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་། དེ་བཞིན་གྲོས་ཆོད་ལ་ངོ་རྒོལ་བྱེད་མཁན་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འཛུལ་ཞུགས་བྱེད་མཁན་གཞན་དག་ལ་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མ་ཤེས་ཤིང་རང་དབང་མེད་པར་འཛུལ་ཞུགས་བྱེད་མཁན་ཡིན་ན། སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལས་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་རིགས་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་ང་དྲུག་པ། ཆོས་ལུགས་ཕྱོགས་གཏོགས་སྒྲིག་འཛུགས་དང་བེད་སྤྱད་ནས་ཏང་དང་སྲིད་གཞུང་གི་ཁ་གཏད་དུ་ལངས་ནས་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་། དེ་བཞིན་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱ་རྒྱུར་འགོག་རྐྱེན་བཟོ་བའི་རིགས་སམ་ཡང་ན་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་གཏོར་བཤིག་གཏོང་མཁན་ཡིན་ན། དེའི་ཇུས་འགོད་པ་དང་། སྒྲིག་འཛུགས་པ། རྐང་འཛིན་པ་བཅས་ལ། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འཛུལ་ཞུགས་བྱེད་མཁན་གཞན་དག་ལ་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མ་ཤེས་ཤིང་རང་དབང་མེད་པར་འཛུལ་ཞུགས་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
དོན་ཚན་ང་བདུན་པ། རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པར་ཁ་གཏད་དུ་ལངས་མཁན་ལ་གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)དཔང་རྟགས་རྣམས་ཁ་མཐུན་ངོས་ལེན་བྱེད་པའམ་ཡང་ན་རྫུན་བཟོ་བྱེད་པ་དང་། མེད་པ་བཟོ་བ། གཞན་སྒྱུར་བྱེད་པ། སྦས་སྐུང་བྱེད་པ་བཅས་ཀྱི་རིགས་དང་།
(གཉིས)མི་གཞན་ནས་ཉེས་ཞུ་ཐེར་འདོན་བྱེད་པ་དང་དཔང་རྟགས་དཔྱད་ཡིག་མཁོ་འདོན་བྱེད་པར་བཀག་འགོག་བྱེད་རིགས།(གསུམ)གྱོད་འབྲེལ་ངན་རོགས་འགེབས་སྲུང་བྱེད་རིགས། (བཞི)རྩ་འཛུགས་ལ་གནས་ཚུལ་རྫུན་ཞུ་བྱས་ཏེ་དོན་ངོ་མ་སྦས་གསང་བྱེད་རིགས།
(ལྔ)རྩ་འཛུགས་ཀྱི་ཞིབ་བཤེར་བྱེད་པར་ཁ་གཏད་གཅོག་པའི་བྱེད་སྤྱོད་གཞན་དག་བཅས།
དོན་ཚན་ང་བརྒྱད་པ། རྨོངས་དད་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་རིགས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
རྨོངས་དད་བྱེད་སྒོར་ཞུགས་ནས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གནས་ཚུལ་གསལ་པོ་མ་ཤེས་ཤིང་རང་དབང་མེད་པར་འཛུལ་ཞུགས་བྱེད་མཁན་ལ་སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད་སྔ་འགྱོད་ཕྱི་འདོམས་བྱེད་སེམས་དངོས་འབྲེལ་ཡོད་པར་ཆད་པ་གཅོད་མི་དགོས་པའམ་ཡང་ན་ཆད་པ་མ་བཅད་ན་འགྲིག
དོན་ཚན་ང་དགུ་པ། ཕྱིའི་རྒྱལ་ཁབ(མངའ་ཁོངས)དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ(གཞུང་ཚབ་ཁང་)ལས་ཁུངས་ལ་ཆབ་སྲིད་ཀྱི་ཉེན་གཡོལ་བྱ་རྒྱུའི་རེ་བ་ཞུས་པའམ་ཡང་ན་སྒྲིག་ཁྲིམས་ལས་འགལ་རྗེས་ཕྱིའི་རྒྱལ་ཁབ(མངའ་ཁོངས)དང་། ཀྲུང་གོར་བཅའ་སྡོད་ཕྱིའི་རྒྱལ་ཁབ་ཀྱི་གཞུང་ཚབ(གཞུང་ཚབ་ཁང་)ལས་ཁུངས་སུ་བྲོས་བྱོལ་དུ་སོང་བ་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་ཏང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་དང་། གཏམ་བཤད། བསྒྲགས་གཏམ། གསལ་བསྒྲགས་སོགས་མངོན་གསལ་དུ་སྤེལ་རིགས་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ།
རྐང་བཙུགས་ནས་གོང་གསལ་བྱེད་སྤྱོད་ལ་སྟབས་བདེའི་ཆ་རྐྱེན་སྐྲུན་མཁན་ཡིན་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་དྲུག་ཅུ་པ། ཕྱི་རྒྱལ་དང་འབྲེལ་བའི་བྱེད་སྒོའི་ཁྲོད་གཏམ་སྤྱོད་གཉིས་ཀྱི་ཐོག་ནས་ཆབ་སྲིད་ཐད་ཤུགས་རྐྱེན་ངན་པ་བཟོས་ཏེ་ཏང་དང་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་ཡིན་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་གཅིག་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་སོགས་དང་འགལ་བའི་ནོར་འཁྲུལ་གྱི་བསམ་བློ་དང་བྱེད་སྤྱོད་རིགས་རྒྱ་ཡན་དུ་གཏོང་བ་དང་། རྩ་དོན་མེད་པའི་ཐོག་ནས་མི་དགའ་དགའ་མདོག་བྱེད་པ་ལས་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། དེར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་གཉིས་པ། ཏང་གི་སྲོལ་རྒྱུན་བཟང་པོ་དང་ལས་ཀའི་གོམས་སྲོལ་སོགས་ཏང་གི་སྒྲིག་སྲོལ་དང་འགལ་ཏེ། ཆབ་སྲིད་ཐོག་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
ས་བཅད་བདུན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་རེ་གསུམ་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལས་འགལ་ཏེ་ཏང་རྩ་འཛུགས་ཀྱི་གཏན་འབེབས་གལ་ཆེན་ལག་བསྟར་རྩ་བ་ནས་མི་བྱེད་པ་དང་། ཡང་ན་རང་དགར་འགྱུར་བ་གཏོང་རིགས་དང་། ཡང་ན་དོན་གྲོས་ཀྱི་ལམ་སྲོལ་ལས་འགལ་ནས་མི་སྒེར་རམ་མི་ཉུང་ཤས་ཀྱིས་གལ་ཆེའི་གནད་དོན་གཏན་འབེབས་བྱས་པ་ཡིན་ན། དེར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་བཞི་པ། འོག་རིམ་ཏང་རྩ་འཛུགས་ཀྱིས་གོང་རིམ་ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་བསྟར་རྩ་བ་ནས་མི་བྱེད་པའམ་ཡང་ན་རང་དགར་འགྱུར་བ་བཏང་བ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་ལྔ་པ། ཏང་རྩ་འཛུགས་ཀྱི་ལས་བགོས་དང་། བཀོད་གཏོང་། སྤེལ་རེས་སོགས་ཀྱི་གཏན་འབེབས་ལག་བསྟར་རྩ་བ་ནས་མི་བྱེད་པའི་རིགས་ལ་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། དམིགས་བསལ་གྱི་དུས་སྐབས་སམ་ཡང་ན་ཛ་དྲག་གི་གནས་ཚུལ་འོག ཏང་རྩ་འཛུགས་ཀྱི་གཏན་འབེབས་ལག་བསྟར་རྩ་བ་ནས་མ་བྱས་པ་ཡིན་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་དྲུག་པ། འབྲེལ་ཡོད་གཏན་འབེབས་སམ་ཡང་ན་ལས་ཀའི་བླང་བྱ་གཞིར་བཟུང་མ་བྱས་པར། རྩ་འཛུགས་ལ་གལ་ཆེའི་གནད་དོན་དང་གལ་ཆེའི་དོན་གནད་དགོངས་སྐོར་དང་སྙན་སེང་ཞུ་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
བླང་བྱ་གཞིར་བཟུང་རང་སོ་སོའི་འགྲོ་ཁུངས་སྙན་སེང་མི་ཞུ་བའམ་ཡང་ན་སྙན་སེང་དྲང་པོ་མི་ཞུ་བའི་རིགས་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་བདུན་པ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)མི་སྒེར་གྱི་འབྲེལ་ཡོད་དོན་གནད་སྙན་སེང་ཞུ་བའི་གཏན་འབེབས་དང་འགལ་ནས། སྙན་སེང་མི་ཞུ་བ་དང་སྙན་སེང་དྲང་པོ་མི་ཞུ་བ།
(གཉིས)རྩ་འཛུགས་ནས་གླེང་མོལ་བྱེད་པ་དང་ཡིག་ཐོག་རྩད་འདྲི་བྱེད་སྐབས་རྩ་འཛུགས་ལ་གནས་ཚུལ་གསལ་བཤད་ཡག་པོ་མི་བྱེད་པ།
(གསུམ)མི་སྒེར་གྱི་ཡིག་ཚགས་དཔྱད་ཡིག་ཇི་བཞིན་མི་འབྲི་བ་བཅས།
མི་སྒེར་གྱི་ཡིག་ཚགས་དཔྱད་ཡིག་གཡོ་བཅོས་དང་རྫུན་བཟོ་བྱེད་པའི་རིགས་ལ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
ཏང་ནང་མ་ཞུགས་གོང་ནོར་འཁྲུལ་ཚབས་ཆེ་ཡོད་པ་སྦས་གསང་བྱས་པར་སྤྱིར་བཏང་བྱས་ན་ཏང་གི་མིང་ཁོངས་ནས་འབུད་དགོས། ཡིན་ཡང་ཏང་ནང་ཞུགས་རྗེས་བྱེད་སྟངས་ཡག་པོ་ཡོད་ན་ཐ་ཚིག་ནན་པོ་སྒྲོག་པ་དང་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་བརྒྱད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་རང་ངོས་ནས་བཙུགས་པའི་ཡུལ་མི་མཉམ་ཚོགས་དང་། སློབ་གྲོགས་མཉམ་ཚོགས། འཐབ་གྲོགས་མཉམ་ཚོགས་སོགས་སྒྲིག་འཛུགས་བྱེད་པ་དང་དེའི་ནང་ཞུགས་པ་ཡིན་ན། གནས་ཚུལ་ཚབས་ཆེ་བར་ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་རེ་དགུ་པ། མི་གཞན་ལ་སྙོན་འཛུགས་དང་མ་ཉེས་ཁ་གཡོག་བྱས་རྐྱེན་དེར་སྒྲིག་ཁྲིམས་ཀྱི་བདའ་འདེད་ཕོག་པའི་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བདུན་ཅུ་པ། ཏང་ཡོན་གྱི་བརྡས་ཐག་གཅོད་དབང་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་ལ་བཙན་གནོད་བྱེད་པའི་རིགས་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
བཙན་སྐུལ་དང་། འཇིགས་སྐུལ། མགོ་སྐོར། བསླུ་བྲིད་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཏང་ཡོན་གྱིས་བརྡས་ཐག་གཅོད་དབང་དང་། འདེམས་བསྐོའི་དབང་ཆ། གདམ་བྱའི་དབང་ཆ་བཅས་རང་དབང་ཐོག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་བའི་རིགས་ལ། ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་དོན་གཅིག་པ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)སྐྱོན་བརྗོད་དང་། ཐེར་འདོན། ཞུ་སྦྱོར་བྱེད་པར་བཀག་འགོག་བཙན་གནོན་བྱེད་པ་དང་། ཡང་ན་སྐྱོན་བརྗོད་དང་། ཐེར་འདོན། ཞུ་སྦྱོར་བཅས་ཀྱི་དཔྱད་ཡིག་ལྐོག་ཏུ་བཙན་ཉར་བྱེད་པ་དང་མེད་པ་བཟོ་བ། ཡང་ན་རྐང་བཙུགས་ནས་དེ་དག་མི་གཞན་ལ་བཤད་པའི་རིགས་དང་།
(གཉིས)ཏང་ཡོན་ནས་དག་སེལ་དང་། དག་འབུད། དཔང་འདོན་སོགས་བྱེད་པར་འགོག་གནོན་བྱས་པའི་མཇུག་འབྲས་ངན་པའི་རིགས།
(གསུམ)ཏང་ཡོན་ནས་ཞུ་འབུལ་བྱེད་པར་འགོག་གནོན་བྱས་པའི་མཇུག་འབྲས་ངན་པ་དང་། ཡང་ན་ཏང་ཡོན་ནས་ཞུ་འབུལ་བྱས་པ་དེར་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་མ་བྱས་པའི་རིགས།
(བཞི)ཏང་ཡོན་གྱི་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་གཞན་དག་ལས་བྱུང་བའི་མཇུག་འབྲས་ངན་པའི་རིགས།
སྐྱོན་བརྗོད་བྱེད་མཁན་དང་། ཐེར་འདོན་བྱེད་མཁན། ཞུ་སྦྱོར་བྱེད་མཁན། དཔང་འདོན་བྱེད་མཁན། དེ་བཞིན་མི་གཞན་དག་བཅས་ལ་འཁོན་ལན་སློག་པ་ཡིན་ན། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་ལྗི་གཅོད་དམ་ཡང་ན་ཆད་པ་ལྗི་རུ་གཏོང་རྒྱུ།
ཏང་རྩ་འཛུགས་ལ་གོང་འཁོད་ཀྱི་བྱེད་སྤྱོད་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་དོན་གཉིས་པ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)དམངས་གཙོའི་འོས་སྦྱོར་དང་། དམངས་གཙོའི་དཔྱད་འདེམས། རྩ་འཛུགས་ཀྱི་བརྟག་ཞིབ། ཏང་ནང་ཁུལ་གྱི་འདེམས་བསྐོ་བཅས་བྱེད་པའི་ནང་འདེམས་ཤོག་བླུ་ཉོ་བྱེད་པ་དང་འདེམས་རོགས་བྱེད་པ་སོགས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་རིགས་དང་། (གཉིས)བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འདེམས་ཤོག་འཕེན་པ་དང་འདེམས་བསྐོ་བྱེད་པའི་ནང་། རྩ་འཛུགས་ཀྱི་རྩ་དོན་དང་རྒྱབ་འགལ་གྱིས་རྩ་འཛུགས་མིན་པའི་བྱེད་སྒོ་སྤེལ་བ་དང་། མི་གཞན་སྒྲིག་འཛུགས་དང་། ངན་སྐུལ། བསླུ་བྲིད་བཅས་བྱས་ཏེ་འདེམས་ཤོག་འཕེན་པ་དང་བརྡས་ཐག་གཅོད་རིགས། (གསུམ)འདེམས་བསྐོ་བྱེད་པའི་ནང་ཏང་གི་སྒྲིག་ཡིག་དང་། དེ་མིན་ཏང་ནང་གི་ཁྲིམས་སྲོལ་དང་འབྲེལ་ཡོད་སྒྲིག་ཡིག་ལས་འགལ་བའི་བྱེད་སྒོ་སྤེལ་རིགས་བཅས།
དོན་ཚན་དོན་གསུམ་པ། ལས་བྱེད་པ་འདེམས་བསྐོ་བྱེད་པའི་ལས་དོན་ནང་། ལས་བྱེད་པ་འདེམས་བསྐོའི་གཏན་འབེབས་དང་འགལ་བ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
མི་བཀོལ་སྤྱོད་བྱེད་སྐབས་བརྟག་དཔྱད་བྱས་མ་ཐུབ་པའམ་ཡང་ན་ནོར་འཛོལ་ལས་བྱུང་བའི་ངན་འབྲས་ཚབས་ཆེ་ཐོན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་དོན་བཞི་པ། ལས་བྱེད་པ་དང་ལས་བཟོ་བ་བསྡུ་བ་དང་། དཔྱད་ཞིབ། གནས་སྤར། གོ་མིང་ཞིབ་དཔྱད་གཏན་འཁེལ་བཅས་དང་། དམག་མི་བསྡུ་བ་དང་དམག་ལོག་བཀོད་སྒྲིག་སོགས་ཀྱི་ལས་དོན་སྤེལ་སྐབས་དོན་དངོས་གནས་ཚུལ་སྦས་སྐུང་དང་འཁྱོག་བཤད་བྱེད་པ་དང་། ཡང་ན་འགན་དབང་སྤྱོད་པའམ་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ཀྱི་གཏན་འབེབས་དང་འགལ་ཏེ་རང་ཉིད་དམ་མི་གཞན་གྱི་ཆེད་དུ་ཁེ་ཕན་རག་ཐབས་བྱེད་རིགས་ཡིན་ན། དེར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
མི་བདེན་རྫུན་བཟོ་བྱེད་པ་དང་། གོ་གནས་དང་། གོ་རིམ། གོ་མིང་། ཐོབ་ཐང་། སློབ་རིམ། སློབ་གནས། མཚན་སྙན། ཡང་ན་ཁེ་ཕན་གཞན་དག་བཅས་གཡོ་ལེན་བྱེད་རིགས་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་དོན་ལྔ་པ། ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་གཞན་དག་གི་གཏན་འབེབས་དང་འགལ་ནས་མི་བདེན་རྫུན་བཟོ་བྱེད་པའམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཏང་ཡོན་གྱི་ཆ་རྐྱེན་མ་འཛོམས་མཁན་ཏང་ཡོན་ལ་བཅུག་པ་དང་། ཡང་ན་ཏང་ཡོན་མིན་མཁན་ལ་ཏང་ཡོན་གྱི་མིང་བབ་དཔང་འདོན་བྱས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འབྲེལ་ཡོད་གཏན་འབེབས་ཀྱི་གོ་རིམ་དང་འགལ་ནས་ཏང་ཡོན་ནང་བཅུག་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་དོན་དྲུག་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཕྱི་རྒྱལ་གྱི་རྒྱལ་ཁོངས་ཐོབ་ཐང་རག་ཐབས་བྱེད་པའམ་ཡང་ན་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་གཏན་སྡོད་གཞིས་ཆགས་ཀྱི་ཐོབ་ཐང་དང་ཡུན་རིང་གཞིས་སྡོད་འཁྲོལ་འཛིན་རག་ཐབས་བྱེད་མཁན་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་དོན་བདུན་པ། འབྲེལ་ཡོད་ཀྱི་གཏན་འབེབས་དང་འགལ་ཏེ་སྒེར་དོན་ཆེད་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་འགྲོ་བའི་ལག་ཁྱེར་དང་། ཤང་ཀང་ཨའོ་མེན་ལ་འགྲོ་ཆོག་པའི་ལམ་ཡིག ཡང་ན་ཆོག་མཆན་མ་ཐོབ་པར་རྒྱལ་མཚམས(མཐའ་མཚམས)ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡིན་ན། དེར་གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་དོན་བརྒྱད་པ། ཕྱི་རྒྱལ་དུ་བཅའ་སྡོད་ལས་ཁུངས་སམ་ཡང་ན་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་གནས་སྐབས་སྐྱོད་མཁན་ཚོགས་པའི(ཚོགས་ཆུང་)ནང་ཡོད་པའི་ཏང་ཡོན་གྱིས་རང་དགར་སྒྲིག་འཛུགས་དང་ཁ་བྲལ་བ་དང་། ཡང་ན་ཕྱི་དོན་དང་། གསང་གནད། དམག་དོན་སོགས་ཀྱི་ལས་དོན་སྒྲུབ་མཁན་ཏང་ཡོན་གྱིས་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཀྱི་ལས་ཁུངས་དང་མི་སྣར་འབྲེལ་བ་བྱེད་པ་དང་འགྲོ་འོང་བྱེད་མཁན་རིགས་ཡིན་ན། དེར་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། དོན་ཚན་དོན་དགུ་པ། ཕྱི་རྒྱལ་དུ་བཅའ་སྡོད་ལས་ཁུངས་སམ་ཡང་ན་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་གནས་སྐབས་སྐྱོད་མཁན་ཚོགས་པའི(ཚོགས་ཆུང་)ནང་ཡོད་པའི་ཏང་ཡོན་གྱིས་སྒྲིག་འཛུགས་དང་ཁ་བྲལ་ཡུན་ཟླ་དྲུག་ཟིན་མེད་ལ་རང་འགུལ་གྱིས་ཚུར་ལོག་བྱེད་མཁན་ཡིན་ན། ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་དང་། སྒྲིག་འཛུགས་དང་ཁ་བྲལ་ཡུན་ཟླ་དྲུག་ཡན་བརྒལ་བ་ཡིན་ན། དེ་ཉིད་རང་འགུལ་ཐོག་ཏང་གི་སྐྱིད་སྡུག་ནས་དོན་པར་བརྩིས་ཏེ་ཐག་གཅོད་བྱ་རྒྱུ་དང་། ཏང་ནང་གི་མིང་ཁོངས་ནས་འབུད་རྒྱུ།
རྐང་བཙུགས་ནས་མི་གཞན་དག་རྩ་འཛུགས་དང་ཁ་བྲལ་རྒྱུར་སྟབས་བདེའི་ཆ་རྐྱེན་སྐྲུན་མཁན་ལ་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
ས་བཅད་བརྒྱད་པ། སྤྱོད་གཙང་གི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་བརྒྱད་ཅུ་པ། འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་མི་གཞན་ལ་ཁེ་ཕན་རག་ཐབས་བྱེད་པ་དང་། རང་ཉིད་ཀྱི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་། དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་མི་བཅས་ཀྱིས་གཞན་གྱི་ས་ནས་རྒྱུ་དངོས་བླངས་པ་ཡིན་ན། དེའི་གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་གཅིག་པ། ཕན་ཚུན་འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཕར་ཕྱོགས་དང་དེའི་བཟའ་ཟླ་དང་། ཕར་ཕྱོགས་ཀྱི་བུ་ཕྲུག་དང་དེའི་བཟའ་ཟླ་སོགས་གཉེན་ཉེ་དང་། དེ་བཞིན་རང་གི་ཉེ་འཁོར་གྱི་ལས་བྱ་དང་དམིགས་བསལ་གྱི་འབྲེལ་བ་ཡོད་མི་བཅས་ལ་ཁེ་ཕན་རག་ཐབས་བྱེད་པ་དང་དབང་ཆ་ཉོ་ཚོང་བྱེད་མཁན་ཡིན་ན། དེར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་གཉིས་པ། བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་རང་གི་ཉེ་འཁོར་གྱི་ལས་བྱ་བཅས་ཀྱིས་ཏང་ཡོན་ལས་བྱེད་པ་དེ་གའི་འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་ཁེ་ཕན་རག་ཐབས་བྱེད་པར་རྒྱ་ཡན་དུ་གཏོང་བ་དང་མངོན་མེད་དུ་ཁས་ལེན་བྱེད་མཁན་རིགས་ཡིན་ན། དེར་གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
ཏང་ཡོན་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་ལས་ཀ་དངོས་འབྲེལ་མ་བྱས་ཀྱང་ཕོགས་ཐོབ་ལེན་པའམ་ཡང་ན་ལས་ཀ་དངོས་འབྲེལ་བྱས་ཀྱང་གོ་གནས་རིམ་མཚུངས་ཀྱི་ཚད་གཞི་ལས་མངོན་གསལ་དོད་པོས་བརྒལ་བའི་ཕོགས་ཐོབ་ལེན་རིགས་ལ་ཏང་ཡོན་ལས་བྱེད་པ་དེས་གནས་ཚུལ་ཤེས་བཞིན་དུ་ཡོ་བསྲང་མ་བྱས་ཚེ། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་གྱ་གསུམ་པ། གཞུང་དོན་དྲང་བཞག་བསྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་བཟོ་ཡོད་རིགས་ཀྱི་འབུལ་རྟེན་ལག་རྟགས་དང་། འབུལ་རྟེན་དངུལ་སྨར། འཛད་སྤྱོད་གཱ་སོགས་ལེན་མཁན་རིགས་ཡིན་ན། དེར་གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དེ་མིན་རྒྱུན་གཏན་གྱི་འབྲེལ་བ་ལས་མངོན་གསལ་དོད་པོས་བརྒལ་བའི་འབུལ་རྟེན་ལག་རྟགས་དང་། འབུལ་རྟེན་དངུལ་སྨར། འཛད་སྤྱོད་གཱ་སོགས་ལེན་པ་ཡིན་ན། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་གྱ་བཞི་པ། གཞུང་དོན་སྒྲུབ་མཁན་མི་སྣ་དང་དེའི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་། དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་མི་བཅས་ལ་རྒྱུན་གཏན་གྱི་འབྲེལ་བ་ལས་མངོན་གསལ་དོད་པོས་བརྒལ་བའི་འབུལ་རྟེན་ལག་རྟགས་དང་། འབུལ་རྟེན་དངུལ་སྨར། འཛད་སྤྱོད་གཱ་སོགས་སྤྲོད་མཁན་རིགས་ཡིན་ན། དེར་གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་ལྔ་པ། འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་གཉེན་སྒྲིག་རྟེན་འབྲེལ་དང་འདས་པོའི་རྗེས་འཇུག་བྱེད་པ་སོགས་ཀྱི་བྱ་བ་སྤེལ་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
གཉེན་སྒྲིག་རྟེན་འབྲེལ་དང་འདས་པོའི་རྗེས་འཇུག་བྱེད་པའི་སྐབས་དང་བསྟུན་ནས་རྒྱུ་ནོར་ཐོབ་ཐབས་བྱེད་པའམ་ཡང་ན་རྒྱལ་ཁབ་དང་། མཉམ་སྡེབ། མི་དམངས་བཅས་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་པའི་བྱེད་སྤྱོད་གཞན་དག་ཡོད་ན། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་ལྗི་གཅོད་དམ་ཡང་ན་ཆད་པ་ལྗི་རུ་གཏོང་བ་ནས་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱེད་པའི་བར་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་དྲུག་པ། གཞུང་དོན་དྲང་བཞག་བསྒྲུབ་རྒྱུར་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་གསོལ་སྟོན་མགྲོན་འབོད་བྱེད་པའམ་ཡང་ན་ཡུལ་སྐོར་དང་། ལུས་སྦྱོང་། རོལ་རྩེད་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་དང་ལེན་བྱས་ཚེ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་བདུན་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ལུས་རྩལ་ལུས་སྦྱོང་གཱ་དང་། འདུ་འཛོམས་ཁང་དང་སྤྲོ་སྐྱིད་ཁང་གི་ཁོངས་མིའི་གཱ ཀོར་ཧྥུ་སྤོ་ལོའི་འཛད་སྤྱོད་གཱ་སོགས་སྣ་ཚོགས་རག་ཐབས་དང་། བདག་ཏུ་བཟུང་བ། དངོས་སུ་བེད་སྤྱོད་བཅས་བྱེད་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་སྒེར་གྱི་འདུ་འཛོམས་ཁང་དུ་འགྲོ་འོང་བྱེད་མཁན་ཡིན་ན། དེར་གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གྱ་བརྒྱད་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བར་གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཚོང་བརྒྱབ་པ་དང་ཁེ་ལས་གཉེར་བའི་རིགས་དང་། (གཉིས)ཁྲོམ་འགྲེམས་བྱས་མེད་པའི་ཀུང་སིའི(ཁེ་ལས)མ་རྐང་ངམ་ཡང་ན་འཛིན་ལོར་ཡོད་པའི་རིགས།
(གསུམ)རྐང་འཛིན་ཉོ་ཚོང་ངམ་ཡང་ན་དེ་མིན་གྱི་འཛིན་ལོར་མ་འཇོག་བྱས་པའི་རིགས།
(བཞི)རིན་ཡོད་མཚམས་སྦྱོར་བྱེད་སྒོ་སྤེལ་བའི་རིགས། (ལྔ)ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་ཀུང་སི་ཐོ་བཀོད་པའམ་ཡང་ན་མ་འཇོག་བྱས་ནས་མ་རྐང་ནང་ཞུགས་པའི་རིགས།
(དྲུག)དེ་མིན་གྱི་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་ཁེ་གཉེར་གྱི་བྱེད་སྒོ་སྤེལ་བའི་རིགས་བཅས།
འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་གི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་། དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་མི་བཅས་ཀྱི་ཚོང་གཉེར་བྱེད་སྒོའི་ཆེད་དུ་ཁེ་ཕན་རག་ཐབས་བྱས་པར་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
འབྲེལ་ཡོད་གཏན་འབེབས་དང་འགལ་ནས་དཔལ་འབྱོར་དངོས་ཚན་དང་སྤྱི་ཚོགས་ཚོགས་པ་སོགས་ཀྱི་ཚན་པའི་ནང་ལས་གནས་གཅིག་ལྕོགས་འཁུར་པའམ། ཡང་ན་ལས་གནས་གཅིག་ལྕོགས་འཁུར་རྒྱུའི་ཆོག་མཆན་ཐོབ་རུང་ཕོགས་ཐོབ་དང་། བྱ་དགའི་དངུལ། ཕོགས་སྣོན་སོགས་ཁེ་ཕན་འཕར་མ་ལེན་རིགས་ལ་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་གྱ་དགུ་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་བའམ་ཡང་ན་ལས་བྲལ་ལས་འཁྱུར་ཞུས་རྗེས་ཀྱང་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་དེ་སྔའི་གོ་གནས་འཁུར་སའི་དོ་དམ་བྱེད་ཁོངས་ཀྱི་ས་ཁུལ་དང་ལས་སྒོའི་ཁྱབ་ཁོངས་ནང་གི་ཁེ་ལས་དང་བར་འགྲིམ་ལས་ཁུངས་ཀྱི་གདན་ཞུས་དང་ལེན་ཞུ་བ་དང་། ཡང་ན་སྒེར་གྱིས་དེ་སྔའི་གོ་གནས་འཁུར་སའི་དོ་དམ་བྱེད་ཁོངས་ལས་སྒོ་དང་འབྲེལ་བའི་ཁེ་གཉེར་བྱེད་སྒོ་སྤེལ་ཚེ། གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུའི་ཆད་པ་གཅོད་རྒྱུ།
ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་བའམ་ཡང་ན་ལས་བྲལ་ལས་འཁྱུར་ཞུས་རྗེས་ཀྱང་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཁྲོམ་འགྲེམས་ཀུང་སི་དང་ཐེབས་རྩ་དོ་དམ་ཀུང་སིའི་རང་ཚུགས་ལས་འཛིན་པ་དང་། རང་ཚུགས་ལྟ་ཞིབ་པ་སོགས་ཀྱི་གོ་གནས་འཁུར་མཁན་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་དགུ་བཅུ་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དེའི་དོ་དམ་བྱེད་ཁོངས་སམ་ཡང་ན་ལས་སྒོའི་ཁྱབ་ཁོངས་ནང་གཞུང་དོན་དྲང་གཞག་བསྒྲུབ་རྒྱུར་ཤུགས་རྐྱེན་བཟོ་གཞི་ཡོད་པའི་ཚོང་གཉེར་བྱེད་སྒོ་སྤེལ་བ་དང་། ཡང་ན་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དེ་གའི་དོ་དམ་བྱེད་ཁོངས་སམ་ཡང་ན་ལས་སྒོའི་ཁྱབ་ཁོངས་སུ་ཡོད་པའི་ཕྱི་རྒྱལ་ཚོང་པའི་མ་རྩ་ཁེར་འཇོག་ཁེ་ལས་དང་། ཀྲུང་ཕྱིའི་མ་རྩ་མཉམ་འཇོག་གི་ཁེ་ལས་ནང་ཕྱི་ཕྱོགས་ནས་མངགས་གཏོང་དང་གདན་ཞུ་བྱས་པའི་མཐོ་རིམ་གོ་གནས་འཁུར་རིགས་ལ། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དེ་གས་སྤྱིར་ན་གཏན་འབེབས་གཞིར་བཟུང་ཡོ་བསྲང་བྱེད་དགོས་པ་དང་། ཡིན་ཡང་ཡོ་བསྲང་རྩ་བ་ནས་མ་བྱས་ན་དེའི་ད་ཡོད་གོ་གནས་དགོངས་ཞུ་བྱེད་དགོས་པའམ་ཡང་ན་རྩ་འཛུགས་ནས་གོ་གནས་བསྐོ་སྐྱོར་བྱེད་དགོས། ད་ལྟའི་གོ་གནས་དགོངས་ཞུ་མ་བྱས་པའམ་ཡང་ན་རྩ་འཛུགས་ནས་གོ་གནས་བསྐོ་སྐྱོར་བྱས་པ་དང་ལེན་མ་ཞུས་ཚེ། དེར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་གཅིག་པ། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་ཚོང་བརྒྱབ་པ་དང་ཁེ་ལས་གཉེར་བ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་གཉིས་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ལས་ཀ་དང་འཚོ་བའི་འགན་སྲུང་ལམ་ལུགས་ལས་འགལ་ཏེ། འགྲིམ་འགྲུལ་དང་། སྨན་བཅོས། སྐུ་སྲུང་སོགས་ཀྱི་ཐད་རང་ཉིད་དང་བཟའ་ཟླ་དང་། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེ་དང་། དེ་བཞིན་དམིགས་བསལ་གྱི་འབྲེལ་བ་ཡོད་མི་བཅས་ལ་དམིགས་བསལ་གྱི་ཐོབ་ཐང་རག་ཐབས་བྱེད་མཁན་ཡིན་ན། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་གསུམ་པ། སྡོད་ཁང་བགོ་ཤ་རྒྱག་པ་དང་ཉོ་སྒྲུབ་བྱེད་སྐབས་རྒྱལ་ཁབ་དང་མཉམ་སྡེབ་ཀྱི་ཁེ་ཕན་ལ་བཙན་གནོད་བྱེད་མཁན་ལ། གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་བཞི་པ། འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་ཉིད་ཀྱི་གཉེར་སྐྱོང་དོ་དམ་བྱེད་ཁོངས་མིན་པའི་གཞུང་སྒེར་རྒྱུ་དངོས་ཧམ་བཟུང་བྱས་པ་དང་། ཡང་ན་རིན་འབབ་མཚོན་བྱེད་ཙམ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་གཞུང་སྒེར་རྒྱུ་དངོས་ཧམ་བཟུང་བྱེད་པ། ཡང་ན་རིན་མེད་དང་རིན་པ་མཚོན་བྱེད་ཙམ་སྤྲད་ནས་མི་གཞན་ལ་ཞབས་ཞུ་དང་ལེན་བྱེད་དུ་བཅུག་མཁན། ངལ་ནུས་བཀོལ་སྤྱོད་བྱེད་མཁན་ལ་བཅས། གནས་ཚུལ་ཆུང་ཙམ་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་ཉིད་དང་། བཟའ་ཟླ། བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་གཉེན་ཉེས་ངེས་པར་སྤྲོད་དགོས་པའི་འགྲོ་གྲོན་རྣམས་གཤམ་འོག་གི་ཚན་པ་དང་ཚན་པ་གཞན་དག་གམ་ཡང་ན་མི་གཞན་ལ་སྤྲོད་དུ་བཅུག་པ་དང་རྩིས་ཞུ་བྱེད་དུ་བཅུག་པ་ཡིན་ན། གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་གོ་ལྔ་པ། འགན་དབང་སྤྱོད་པའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་གཞུང་གི་དངོས་པོ་སྒེར་སྤྱོད་བྱས་ནས་དུས་ཡུན་ཟླ་དྲུག་ཡན་བརྒལ་ན། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
གཞུང་གི་དངོས་པོ་བདག་བཟུང་གིས་ཁེ་གཉེར་བྱེད་སྒོ་སྤེལ་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
གཞུང་གི་དངོས་པོ་མི་གཞན་ལ་གཡར་ནས་ཁེ་གཉེར་བྱེད་སྒོ་སྤེལ་བར་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་གོ་དྲུག་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་གཞུང་གྲོན་བཏང་བའི་གསོལ་སྟོན་དང་། འཛད་སྤྱོད་ཆེ་རིགས་ཀྱི་རོལ་རྩེད། ལུས་སྦྱོང་བཅས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་དེའི་ནང་ཞུགས་པ་དང་། ཡང་ན་གཞུང་དངུལ་བཏང་ནས་འབུལ་རྟེན་ཉོ་བ་དང་ལག་རྟགས་སྤྲོད་མཁན་ཏེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་བདུན་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་རང་འདོད་ཀྱིས་ཕོགས་ཐོབ་བཟོ་བའམ་ཡང་ན་ཕོགས་སྣོན་དང་། ཁ་གསབ་རོགས་དངུལ། བྱ་དགའི་དངུལ་སོགས་གང་བྱུང་དུ་སྤྲད་པ་སྟེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་གོ་བརྒྱད་པ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)གཞུང་དངུལ་བཏང་ནས་ཡུལ་སྐོར་དུ་འགྲོ་བ་དང་། ཕྱི་ཕྱོགས་སུ་གཞུང་དོན་སྒྲུབ་པར་འགྲོ་བའི་སྐབས་དང་བསྟུན་ནས་ཡུལ་སྐོར་བྱེད་པའམ་ཡང་ན་ཐབས་སྒྱུར་གྱིས་ཡུལ་སྐོར་བྱེད་རིགས། (གཉིས)རྟོག་ཞིབ་དང་། སློབ་སྦྱོང་། སྦྱོང་བརྡར། རིག་ལམ་དཔྱད་བསྡུར། ཚོང་འགུག འགྲེམས་སྟོན་སོགས་ཀྱི་མིང་ཐོག་ནས་ཐབས་སྒྱུར་གྱིས་གཞུང་དངུལ་བཏང་ནས་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་ཡུལ་སྐོར་བྱེད་པར་འགྲོ་རིགས།
དོན་ཚན་གོ་དགུ་པ། གཞུང་དོན་སྣེ་ལེན་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ། སྣེ་ལེན་གྱི་ཚད་གཞི་དང་ཁྱབ་ཁོངས་ལས་གྲོལ་བའམ་ཡང་ན་གོ་སྐབས་དང་བསྟུན་ནས་རྒྱས་སྤྲོས་བྱས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་ཐམ་པ། འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་གཞུང་ལས་མོ་ཊ་གང་བྱུང་བགོ་སྒྲིག་དང་། ཉོ་བ། བརྗེ་ལེན། རྒྱན་སྤྲོས། བེད་སྤྱོད་བཅས་བྱས་པའམ་ཡང་ན་གཞུང་ལས་མོ་ཊའི་དོ་དམ་གྱི་གཏན་འབེབས་གཞན་དག་དང་འགལ་བའི་བྱེད་སྤྱོད་ཡོད་ན། དེའི་ཐད་ཀའི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་གཅིག ཚོགས་འདུ་དང་བྱེད་སྒོའི་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) ཚོགས་འདུ་སྐོང་ཚོགས་བྱེད་མི་ཆོག་པའི་གྲགས་ཅན་མཛེས་ལྗོངས་ཁུལ་དུ་ཚོགས་འདུ་འཚོགས་པའི་རིགས།
(གཉིས)དུས་ཆེན་གྱི་འདུ་ཚོགས་དང་རྟེན་འབྲེལ་བྱེད་སྒོ་ཁག་གཉེར་འཐུས་ཀྱི་གཏན་འབེབས་བྱས་པའམ་ཡང་ན་ཆོག་མཆན་སྤྲད་པའི་རིགས།
རང་འཚམ་གྱིས་དཔྱད་བསྡུར་ཚད་འབེབས་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ་བའམ་ཡང་ན་དཔྱད་བསྡུར་ཚད་འབེབས་ཀྱི་གཟེངས་བསྟོད་བྱེད་སྒོར་འགྲོ་གྲོན་བསྡུ་བའི་རིགས་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་བརྒྱ་དང་གཉིས། གཞུང་ལས་ཁང་པའི་དོ་དམ་གྱི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག) གཞུང་ལས་ཐོག་ཁང་དང་། སྦྱོང་བརྡར་ལྟེ་གནས། ཚོགས་ཁང་། སྣེ་ལེན་ཁང་སོགས་རྒྱས་སྤྲོས་ཁང་ཆེན་སྐྲུན་པ་དང་། རྒྱན་སྤྲོས་བྱེད་པ། ཚད་གཞི་ལས་བརྒལ་བའི་གཞུང་ལས་ཁང་པ་བགོ་སྒྲིག་དང་བེད་སྤྱོད་བྱེད་ཆོག་པའི་གཏན་འབེབས་སམ་ཡང་ན་ཆོག་མཆན་སྤྲད་པའི་རིགས།
(གཉིས)གཞུང་དངུལ་བཏང་སྟེ་མགྲོན་ཁང་ངམ་ཡང་ན་དེ་མིན་གྱི་ས་ཆ་གཞན་དག་བོགས་གཡར་དང་བདག་བཟུང་བྱས་ནས་སྒེར་གྱིས་བེད་སྤྱོད་བྱས་པའི་རིགས།
དོན་ཚན་བརྒྱ་དང་གསུམ། དབང་ཆ་དང་འདོད་སྲེད་བརྗེ་ཚོང་ངམ་ཡང་ན་རྒྱུ་དངོས་སྤྲད་དེ་དངུལ་དང་འདོད་སྲེད་བརྗེ་ཚོང་བྱེད་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཞི། སྤྱོད་གཙང་སྒྲིག་ཁྲིམས་ཀྱི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་ན། ངེས་པར་དུ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱེད་པའི་བར་གྱི་ཆད་པ་གཅོད་རྒྱུ།
ས་བཅད་དགུ་པ། མང་ཚོགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་བརྒྱ་དང་ལྔ། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཚད་གཞི་དང་ཁྱབ་ཁོངས་ལས་བརྒལ་ཏེ་མང་ཚོགས་ཀྱི་ས་ནས་མ་དངུལ་དང་ངལ་ནུས་བསྡུ་རུབ་བྱས་པ་དང་། འགྲོ་གྲོན་ཆ་གསེད་བྱས་པ། མང་ཚོགས་ཀྱི་ཁུར་པོ་ལྕི་རུ་བཏང་བའི་རིགས་དང་། (གཉིས)འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་མང་ཚོགས་ཀྱི་དངུལ་དངོས་ཉར་བ་དང་བསྡུ་ལེན་བྱས་པའམ་ཡང་ན་མང་ཚོགས་ལ་དངུལ་ཆད་བཀལ་བའི་རིགས།
(གསུམ)མང་ཚོགས་ཀྱི་རྒྱུ་དངོས་འཐེན་འཕྲི་བྱས་པའམ་ཡང་ན་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་མང་ཚོགས་ཀྱི་ཐོབ་དངུལ་ཆད་འགྱངས་བྱས་པའི་རིགས།
(བཞི)དོ་དམ་དང་ཞབས་ཞུ་སྒྲུབ་པའི་བྱེད་སྒོའི་ནང་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་འགྲོ་གྲོན་བསྡུ་ལེན་བྱས་པའི་རིགས། (ལྔ)མང་ཚོགས་ཀྱི་དོན་དག་དང་འབྲེལ་བའི་ལས་དོན་སྒྲུབ་སྐབས། མང་ཚོགས་ལ་ཁག་པོ་བཟོས་པ་དང་། བཟའ་འཁྱེར་བཀག་ལེན་བྱས་པའི་རིགས།
(དྲུག)མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱེད་སྤྱོད་གཞན་དག་གི་རིགས་བཅས།
དོན་ཚན་བརྒྱ་དང་དྲུག མང་ཚོགས་ཀྱི་ཐོན་སྐྱེད་ལས་གཉེར་གྱི་རང་བདག་དབང་ཆར་འགོག་རྐྱེན་བཟོས་ཏེ་མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུན་ཆེ་ཙམ་བཟོས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བདུན། སྤྱི་ཚོགས་འགན་སྲུང་དང་། སྲིད་ཇུས་ཀྱི་རོགས་སྐྱོར། གེགས་སེལ་རྒུད་སྐྱོབ་བཅས་ཀྱི་དངུལ་དངོས་བགོ་འགྲེམས་སོགས་བྱེད་སྐབས། དགའ་ལ་ཉེ་ཕྱོགས་དང་མངོན་གསལ་དོད་པོས་བཏང་སྙོམས་མི་བྱེད་མཁན་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བརྒྱད། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་རྣམས་སྲིད་ཇུས་སམ་ཡང་ན་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས་ངེས་དུས་ཐོག་ཏུ་ཐག་གཅོད་མ་བྱས་པ་ལས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས་དང་། (གཉིས)སྲིད་ཇུས་དང་མཐུན་པའི་མང་ཚོགས་ཀྱི་རེ་ཞུར་ཁྲལ་སེལ་སླ་བཅོས་དང་། རང་འགན་ཕར་དཀྲི་ཚུར་དཀྲི་བྱས་ཏེ་ཏང་དང་མང་ཚོགས་དབར་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་གནོད་སྐྱོན་བཏང་བའི་རིགས།
(གསུམ)མང་ཚོགས་ལ་རྣམ་འགྱུར་ངན་པ་སྟོན་པ་དང་སྟབས་བདེ་རྩུབ་སྤྱོད་བྱེད་པ་ལས་ཤུགས་རྐྱེན་ངན་པ་བཟོས་པའི་རིགས།
(བཞི) མི་བདེན་རྫུན་སྒྲིག་དང་། གོང་ལ་མགོ་སྐོར་འོག་ལ་སྦས་གསང་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རིགས་བཅས།
དོན་ཚན་བརྒྱ་དང་དགུ མང་ཚོགས་ཀྱི་འདོད་བློར་མི་བསྟུན་པར་རྨོངས་ཚོད་ཀྱིས་ལས་རྙོག་བཟོ་བ་དང་རྣམ་གྲངས་གཉེར་བར་བརྟེན། རྒྱལ་ཁབ་དང་མཉམ་སྡེབ་བམ་ཡང་ན་མང་ཚོགས་ཀྱི་རྒྱུ་ནོར་དང་ཁེ་ཕན་ལ་གྱོང་གུན་ཆེ་ཙམ་བཟོས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅུ། རྒྱལ་ཁབ་ཀྱི་རྒྱུ་ནོར་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་ཉེན་ཁ་ཚབས་ཆེན་འཕྲད་སྐབས་སྐྱོབ་ཐུབ་ཀྱང་མ་བསྐྱབས་པ་སྟེ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པ་དང་། ཐ་ཚིག་ནན་པོ་སྒྲོག་པའམ་ཡང་ན་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་ནང་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅུ་གཅིག་པ། གཏན་འབེབས་ལ་མ་བསྟུན་པར་ཏང་དོན་དང་། སྲིད་དོན། བཟོ་གྲྭའི་ལས་དོན། གྲོང་དོན(གྲོང་ལྷན)སོགས་ཡོངས་བསྒྲགས་བྱས་ཤིང་། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ལ་བཙན་གནོད་བྱས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅུ་གཉིས་པ། མང་ཚོགས་སྒྲིག་ཁྲིམས་ཀྱི་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་གཞན་དག་ཡོད་ན། ངེས་པར་དུ་དེའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱེད་པའི་བར་གྱི་ཆད་པ་གཅོད་རྒྱུ།
ས་བཅད་བཅུ་པ། ལས་ཀའི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་བརྒྱ་དང་བཅུ་གསུམ་པ། ཏང་རྩ་འཛུགས་ཀྱི་འགན་འཁུར་བས་ལས་དོན་ཁྲོད་འགན་འཁྲི་མི་འཁུར་བའམ་ཡང་ན་དོ་དམ་བྱ་རྒྱུ་སྣང་མེད་དུ་བཞག་རྐྱེན། གཤམ་གསལ་གྱི་གནས་ཚུལ་གང་རུང་ཞིག་ཐོན་ནས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ཀྱི་ཁེ་ཕན་དང་། དེ་བཞིན་སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེ་ཙམ་བཟོས་པ་ཡིན་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གྱོང་གུན་ཚབས་ཆེ་བཟོ་མཁན་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་བརྒྱུད་བསྒྲགས་ལག་བསྟར་མི་བྱེད་པ་དང་། བརྟག་དཔྱད་དང་ལྟ་སྐུལ་མི་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ལས་འགལ་ཏེ་ནོར་འཁྲུལ་གྱི་ཇུས་ཐག་བཅད་པའི་རིགས་དང་།
(གཉིས)རང་ས་གནས་དང་། རང་སྡེ་ཚན། རང་ཚན་ཁོངས། རང་ཚན་པ་བཅས་སུ་ཡོངས་བསྒྲགས་ཐོག་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་སམ་ཡང་ན་ཏང་དང་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་ལ་མངོན་གསལ་དོད་པོས་ངོ་རྒོལ་བྱེད་པའི་བྱེད་སྤྱོད་རིགས།
དོན་ཚན་བརྒྱ་དང་བཅུ་བཞི་པ། ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་རྐང་གི་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་རྐང་གི་འགན་འཁྲི་སྒྲུབ་ཤུགས་མི་འདེང་བར་བརྟེན། གནོད་འཚེ་ཚབས་ཆེ་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅོ་ལྔ་པ། ཏང་རྩ་འཛུགས་ལ་གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ་སྟེ།
(གཅིག)ཏང་ཡོན་ལ་ཁྲིམས་བཞིན་ཉེས་དོན་ཉེས་ཆད་གཅོད་རྒྱུའི་གཏན་འབེབས་བྱས་རྗེས། གཏན་འབེབས་གཞིར་བཟུང་དེར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་མ་བཅད་པ་དང་། ཡང་ན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་བའི་བྱེད་སྤྱོད་རིགས་ལ་ངེས་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་ཀྱང་ཆད་པ་མ་བཅད་པའི་རིགས་དང་།
(གཉིས)ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུ་གཏན་ལ་ཕབ་པའམ་ཡང་ན་བསྐྱར་བཤེར་ཞུ་འབུལ་བྱ་རྒྱུ་གཏན་ལ་ཕབ་རྗེས། ཆད་པ་ཕོག་མིའི་ཏང་གི་སྐྱིད་སྡུག་དང་། གོ་གནས། གོ་རིམ། ཐོབ་ཐང་སོགས་ཀྱི་ཐད་གཏན་འབེབས་གཞིར་བཟུང་དོན་འཁྱོལ་མ་བྱས་པའི་རིགས།
(གསུམ)ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་རྗེས། དེར་ལས་བྱེད་པའི་དོ་དམ་དབང་ཚད་དང་རྩ་འཛུགས་ཀྱི་འབྲེལ་བ་གཞིར་བཟུང་འཆར་ཅན་གྱི་སློབ་གསོ་དང་། དོ་དམ། དེ་བཞིན་ལྟ་སྐུལ་བཅས་ཀྱི་ལས་དོན་མ་སྤེལ་བའི་རིགས་བཅས།
དོན་ཚན་བརྒྱ་དང་བཅུ་དྲུག་པ། ལས་ཀར་འགན་མ་འཁུར་བའི་རྐྱེན་གྱིས་དོ་དམ་བྱ་ཡུལ་གྱི་མི་སྣ་ངོ་ལོག་བྲོས་བྱོལ་དུ་འགྲོ་བའི་རིགས་བྱུང་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
ལས་ཀར་འགན་མ་འཁུར་བའི་རྐྱེན་གྱིས་དོ་དམ་བྱ་ཡུལ་གྱི་མི་སྣ་ཕྱིར་འགྲོ་བའི་རིགས་བྱུང་ཚེ། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅུ་བདུན་པ། གོང་རིམ་ཚན་པས་ལས་དོན་ལ་ཞིབ་བཤེར་དང་རྟོག་ཞིབ་བྱེད་པའམ་ཡང་ན་གོང་རིམ་ཚན་པར་ལས་དོན་སྙན་སེང་དང་སྙན་ཞུ་བྱེད་སྐབས་ངེས་པར་དུ་ཞུ་དགོས་པའི་དོན་གནད་རིགས་སྙན་སེང་མི་ཞུ་བའམ་ཡང་ན་སྙན་སེང་དྲང་པོ་མ་ཞུས་པའི་རྐྱེན་གྱིས་གནོད་འཚེ་ཚབས་ཆེན་བཟོས་པའམ་ཡང་ན་ཚབས་ཆེའི་ཤུགས་རྐྱེན་ངན་པ་བཟོས་ན། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་བཅོ་བརྒྱད་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་སྒོར་འགོག་རྐྱེན་དང་ཐེ་ཇུས་བྱས་ཤིང་། གཤམ་གསལ་བྱེད་སྤྱོད་གང་རུང་ཞིག་ཡོད་ཁར། ཤུགས་རྐྱེན་ངན་པ་བཟོས་ཚེ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
(གཅིག)འཛུགས་སྐྲུན་ལས་གྲྭའི་རྣམ་གྲངས་འགན་གཙང་སྤྲོད་ལེན་བྱེད་པ་དང་། ས་ཞིང་སྤྱོད་དབང་ནང་བཤུག་གཏོང་བ། སྲིད་གཞུང་ནས་ཉོ་སྒྲུབ་བྱེད་པ། ས་ཁང་ཐོན་ལས་གསར་སྤེལ་དང་གཉེར་སྐྱོང་བྱེད་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པ། བར་འགྲིམ་ལས་ཁུངས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་སོགས་བྱེད་སྒོར་འགོག་རྐྱེན་དང་ཐེ་ཇུས་བྱེད་རིགས་དང་།
(གཉིས)གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་ལུགས་སྒྱུར་དང་། ཟླ་སྒྲིལ་གཏོང་བ། མ་རྩ་རྡིབ་པ། བདག་དབང་བརྗེ་འཚོང་། རྒྱུ་ནོར་གཙང་བཤེར། རྒྱུ་ནོར་ཚོད་སྐོར། རྒྱུ་ནོར་ནང་བཤུག གཙོ་ཆེའི་རྣམ་གྲངས་ལ་མ་རྩ་གཏོང་བ་བཅས་དང་། དེ་མིན་གྱི་གཉེར་སྐྱོང་བྱེད་སྒོ་གཙོ་གྲས་སོགས་ཀྱི་དོན་གནད་རིགས་ལ་འགོག་རྐྱེན་དང་ཐེ་ཇུས་བྱེད་རིགས།
(གསུམ)རིགས་འདྲ་མིན་གྱི་སྲིད་འཛིན་ཆོག་འཐུས་དང་མ་དངུལ་བུན་གཡར་སོགས་ལ་ཆོག་མཆན་སྤྲོད་པ་དང་གཉེར་སྒྲུབ་བྱེད་པར་འགོག་རྐྱེན་དང་ཐེ་ཇུས་བྱེད་རིགས།
(བཞི)དཔལ་འབྱོར་གྱི་རྩོད་གཞིར་ཐེ་གཏོགས་དང་ཐེ་ཇུས་བྱེད་རིགས།
(ལྔ)མཉམ་སྡེབ་ཀྱི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་བེད་སྤྱོད་དང་། བགོ་འགྲེམས། འགན་གཙང་། བོགས་གཏོང་སོགས་ཀྱི་དོན་གནད་ལ་འགོག་རྐྱེན་དང་ཐེ་ཇུས་བྱེད་རིགས་བཅས།
དོན་ཚན་བརྒྱ་དང་བཅུ་དགུ་པ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་ཁྲིམས་འཛིན་བྱེད་སྒོ་དང་། སྒྲིག་ཁྲིམས་ལག་བསྟར་རམ་ཁྲིམས་སྒྱུར་བྱེད་སྒོར་འགོག་རྐྱེན་དང་ཐེ་ཇུས་བྱས་ཏེ། འབྲེལ་ཡོད་ས་གནས་སམ་ཡང་ན་སྡེ་ཚན་ལ་བརྡ་གཏོང་བ་དང་ངོ་ཆེན་ཞུ་བ། ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་ཁྲིམས་འཛིན་བྱེད་སྒོ་དང་། སྒྲིག་ཁྲིམས་ལག་བསྟར་རམ་ཁྲིམས་སྒྱུར་བྱེད་སྒོར་ཤུགས་རྐྱེན་བཟོ་མཁན་ལ་གནས་ཚུལ་ཚབས་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
ཏང་ཡོན་འགོ་ཁྲིད་ལས་བྱེད་པས་གཏན་འབེབས་དང་འགལ་ཏེ་སྤྱི་པའི་ནོར་སྲིད་མ་དངུལ་བགོ་འགྲེམས་བྱེད་པ་དང་། རྣམ་གྲངས་ཁོངས་སུ་འཇུག་རྒྱུའི་ཞིབ་དཔྱད་བྱེད་པ། སྲིད་གཞུང་ནས་བྱ་དགའ་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱེད་སྒོར་འགོག་རྐྱེན་དང་ཐེ་ཇུས་བྱས་ཏེ་གྱོང་གུན་ཚབས་ཆེའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་པར་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
དོན་ཚན་བརྒྱ་དང་ཉི་ཤུ་པ། ཏང་རྩ་འཛུགས་ཀྱིས་ལས་བྱེད་པ་བདམས་གསེས་བསྐོ་སྤྱོད་དང་སྒྲིག་ཁྲིམས་གྱི་ཞིབ་བཤེར་བྱ་རྒྱུའི་སྐོར་སོགས་ཀྱི་དོན་གནད་ཡོངས་བསྒྲགས་མ་བྱས་པའམ་ཡང་ན་ངེས་པར་གསང་སྲུང་བྱེད་དགོས་པའི་ནང་དོན་གཞན་དག་ཕྱིར་བསྒྲགས་པ་དང་ཕྱིར་སྤེལ་བའམ་ཡང་ན་རྐུ་འཁྱེར་བཅས་བྱེད་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ། ཏང་རྩ་འཛུགས་ཀྱིས་ལས་བྱེད་པ་བདམས་གསེས་བསྐོ་སྤྱོད་དང་སྒྲིག་ཁྲིམས་ཀྱི་ཞིབ་བཤེར་བྱ་རྒྱུའི་སྐོར་སོགས་དང་འབྲེལ་བའི་དཔྱད་ཡིག་ལྐོག་ཏུ་ཉར་འཇོག་བྱས་རིགས་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་གཅིག་པ། རྒྱུགས་ལེན་དང་བསྡུ་འཇུག་གི་ལས་དོན་ཁྲོད་རྒྱུགས་ལེན་གྱི་འདྲི་གཞི་ཕྱིར་བསྒྲགས་པ་དང་། རྒྱུགས་གཏོང་སར་ཡིག་རྒྱུགས་རྐུ་བཤུ་བྱས་པ། རྒྱུགས་ཤོག་སུབ་བཅོས་བྱས་པ། སྒྲིག་འགལ་གྱིས་མི་བསྡུ་འཇུག་བྱས་པ་སོགས་འབྲེལ་ཡོད་གཏན་འབེབས་དང་འགལ་བའི་བྱེད་སྤྱོད་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་གཉིས་པ། ཚུལ་མིན་གྱི་བྱེད་ཐབས་ཐོག་ནས་རང་ཉིད་དམ་ཡང་ན་མི་གཞན་དག་ལ་གཞུང་གྲོན་བཏང་སྟེ་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་སྐྱོད་རྩིས་བྱེད་རིགས་ལ། གནས་ཚུལ་ཆུང་ཙམ་ཡིན་པར་ཐ་ཚིག་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་གསུམ་པ། ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་གནས་སྐབས་སྐྱོད་མཁན་ཚོགས་པའམ(ཚོགས་ཆུང་)ཡང་ན་དེའི་ཁྲོད་ཀྱི་ཏང་ཡོན་གྱིས་རང་དགར་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་སྡོད་པའི་ཡུན་ཚད་རིང་དུ་གཏོང་བའམ་ཡང་ན་རང་དགར་ལམ་ཐིག་བསྒྱུར་བར། དེའི་ཐད་ཀའི་འགན་འཁྲི་ཡོད་མཁན་དང་འགོ་ཁྲིད་ཀྱི་འགན་འཁྲི་ཡོད་མཁན་ལ་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་བཞི་པ། ཕྱིར་སྡོད་ལས་ཁུངས་སམ་ཡང་ན་ཕྱིའི་རྒྱལ་ཁབ(མངའ་ཁོངས)ཏུ་གནས་སྐབས་སྐྱོད་མཁན་གྱི་ཚོགས་པའི(ཚོགས་ཆུང་)ཁྲོད་ཀྱི་ཏང་ཡོན་གྱིས་བཅའ་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་བཅའ་ཁྲིམས་དང་ཁྲིམས་བཀོད་བཀའ་རྒྱ་ལས་འགལ་བའམ་ཡང་ན་བཅའ་སྡོད་བྱེད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཆོས་ལུགས་གོམས་གཤིས་ལ་བརྩི་འཇོག་མི་བྱེད་མཁན་ལ། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་ལྔ་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་། རྩ་འཛུགས། དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་དང་དེ་བཞིན་ལས་ཁུངས་ཀྱི་ལས་དོན་སོགས་ལས་དོན་གཞན་དག་ཁྲོད་འགན་འཁྲི་མ་བསྒྲུབས་པའམ་ཡང་ན་འགན་འཁྲི་ཡང་དག་མ་བསྒྲུབས་པའི་རྐྱེན་གྱིས་གྱོང་གུན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོ་རིགས་ལ། ངེས་པར་དུ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་བར་གྱི་ཆད་པ་གཅོད་རྒྱུ།
ས་བཅད་བཅུ་གཅིག་པ། འཚོ་བའི་སྒྲིག་ཁྲིམས་དང་འགལ་བའི་བྱེད་སྤྱོད་ལ་ཆད་པ་གཅོད་ཐབས།
དོན་ཚན་བརྒྱ་དང་ཉེར་དྲུག་པ། བག་མེད་ལོངས་སྤྱོད་ཀྱི་འཚོ་བ་བསྐྱལ་བ་དང་། སྐྱིད་འདོད་ལ་རྔམ་པ། མ་རབས་ཞེན་ཆགས་བྱས་པ་ལས་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་བར་ཏང་ནང་གི་གོ་གནས་མེད་པ་བཟོ་བའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་བདུན་པ། མི་གཞན་དང་ཚུལ་མིན་གྱི་ཕོ་མོའི་འབྲེལ་བ་བྱུང་ནས་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
འགན་དབང་དང་། སློབ་སྐྱོང་གི་འབྲེལ་བ། ཁོངས་གཏོགས་ཀྱི་འབྲེལ་བའམ་ཡང་ན་དེ་དང་འདྲ་བའི་འབྲེལ་བ་གཞན་དག་བེད་སྤྱད་དེ་མི་གཞན་དང་ཕོ་མོའི་འབྲེལ་བ་བྱུང་རིགས་ལ་གོང་འཁོད་ནང་གསེས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་བརྒྱད་པ། སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲོལ་བཟང་དང་རྒྱབ་འགལ་གྱིས་མི་མང་འདུ་འཛོམས་བྱ་ཡུལ་དུ་ཚུལ་མིན་གྱི་སྤྱོད་ཚུལ་ཡོད་ཁར་ཤུགས་རྐྱེན་ངན་པ་བཟོས་པ་ཡིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ཙམ་ཡིན་པར་ཏང་ནང་གི་གོ་གནས་མེད་པ་བཟོ་བའམ་ཡང་ན་ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ།
དོན་ཚན་བརྒྱ་དང་ཉེར་དགུ་པ། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དམ་ཁྱིམ་ཚང་གི་སྤྱོད་བཟང་དང་འགལ་ཚབས་ཆེ་བའི་བྱེད་སྤྱོད་གཞན་དག་རིགས་ལ། ངེས་པར་དུ་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་གི་སྐྱིད་སྡུག་ལས་ཕྱིར་འབུད་བྱེད་པའི་བར་གྱི་ཆད་པ་གཅོད་རྒྱུ།
ལེའུ་གསུམ་པ། ཞར་བྱུང་།
དོན་ཚན་བརྒྱ་དང་སུམ་ཅུ་པ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཁག་གིས་སྲོལ་ཡིག་འདི་གཞིར་བཟུང་རང་སོ་སོའི་ལས་ཀའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ལག་བསྟར་གཏན་འབེབས་རྐྱང་པ་བཟོས་ཆོག
དོན་ཚན་བརྒྱ་དང་སོ་གཅིག་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་བཟུང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་ཁ་སྐོང་གཏན་འབེབས་སམ་ཡང་ན་གཏན་འབེབས་རྐྱང་པ་བཟོས་ཆོག
དོན་ཚན་བརྒྱ་དང་སོ་གཉིས་པ། སྲོལ་ཡིག་འདིར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།
དོན་ཚན་བརྒྱ་དང་སོ་གསུམ་པ། སྲོལ་ཡིག་འདི་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།
སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་ལ་གྱོད་ཐག་བཅད་ཟིན་པའི་གྱོད་གཞིར་གལ་ཏེ་བསྐྱར་བཤེར་བསྐྱར་གྲོས་བྱེད་དགོས་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་སྤྱད་ན་འཐུས། གྱོད་ཐག་གཅོད་རྒྱུ་ཡིན་པའི་གྱོད་གཞིའི་རིགས་ལ། གལ་ཏེ་བྱེད་སྤྱོད་ཐོན་སྐབས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་ཀྱིས་སྒྲིག་འགལ་ཡིན་པའི་ངོས་འཛིན་མ་བྱས་ཀྱང་སྲོལ་ཡིག་འདིའི་ནང་སྒྲིག་འགལ་ཡིན་པ་ངོས་འཛིན་བྱས་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་གཞིར་བཟུང་ཐག་གཅོད་བྱ་རྒྱུ། གལ་ཏེ་བྱེད་སྤྱོད་ཐོན་སྐབས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་ཀྱིས་སྒྲིག་འགལ་ཡིན་པ་ངོས་འཛིན་བྱས་ན། སྐབས་དེ་དུས་ཀྱི་གཏན་འབེབས་སམ་ཡང་ན་སྲིད་ཇུས་གཞིར་བཟུང་ཐག་གཅོད་བྱ་རྒྱུ། ཡིན་ཡང་སྲོལ་ཡིག་འདིས་སྒྲིག་འགལ་ཡིན་པ་ངོས་འཛིན་མ་བྱས་པའམ་ཡང་ན་ཐག་གཅོད་ཡང་ཙམ་བྱས་རིགས་ལ། སྲོལ་ཡིག་འདིའི་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱ་རྒྱུ།
(ལྗོངས་ཏང་ཨུད་རྩོམ་སྒྱུར་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣