དབུ་ཤོག>སྲིད་དོན།
  • ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》པར་འགྲེམས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-10-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོའི་ནང་2010ལོའི་ཟླ་དང་པོར་ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་གི་ཚད་གཞི་འགའ་ཞིག》པར་འགྲེམས་བྱས་པ་དེས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་གི་སྒོ་ནས་སྲིད་སྐྱོང་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སོང་བ་དང་ཚད་གཞི་དེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་གསར་པའི་དགོས་མཁོ་དང་འཚམ་མི་ཐུབ་པར་བརྟེན་ཏང་ཀྲུང་དབྱང་གིས་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བསྟན་ཡོད།

    བརྡ་ཐོའི་ནང《ཚད་གཞི》དེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དང་། སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་དེ་ཀུན་སྤྱོད་ལ་བརྟེན་ནས་ཏང་སྐྱོང་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། སྤྱོད་གཙང་རང་འདོམས་ཀྱི་བརྗོད་དོན་གཙོ་བོར་གཞིགས་པ། ཏང་གི་ཕུགས་བསམ་འདུ་ཤེས་ཀྱི་དམིགས་ཡུལ་དང་ཕུལ་བྱུང་སྲོལ་རྒྱུན་གྱི་སྤྱོད་ཚུལ་བསྐྱར་བསྒྲགས་བཅས་བྱས་ཏེ་གཙོ་གནད་ཀུན་སྤྱོད་ཐོག་བཞག་པ་དེ་ནི་ཏང་གིས་སྲིད་བསྐྱངས་ཚུན་དྲང་ཕྱོགས་ནས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཡོན་ཡོངས་ལ་ཕྱོགས་པའི་ཏང་ཡོངས་ཀྱི་སྤྱོད་གཙང་རང་འདོམས་ལས་དོན་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་གལ་ཆེན་དང་པོ་དེ་ཡིན་པ་དང་། ཏང་གི་སྒྲིག་ཡིག་གཏན་འབེབས་ཞིབ་ཚགས་སུ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ལག་ལེན་གྲུབ་འབྲས་མངོན་པ་མ་ཟད། ཏང་ཡོན་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་མཐོང་ཐུབ་པ་དང་རེག་ཐུབ་པའི་ཚད་གཞི་མཐོ་པོ་ཞིག་བཙུགས་ནས་གུང་ཁྲན་ཏང་མིའི་བླ་ན་མེད་པའི་ཀུན་སྤྱོད་དོན་གཉེར་མངོན་པ་དེས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དང་། ཏང་ནང་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཡུན་གནས་ཐུབ་རྒྱུ་བཅས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་བྱས་ཡོད།

    བརྡ་ཐོའི་ནང་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གཙོ་འགན་འགན་འཁྲི་ཏན་ཏིག་འཁུར་བ་དང་དོན་འཁྱོལ་ཡག་པོ་བྱས་ཏེ《ཚད་གཞི》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། བླང་བྱ་ཁག་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སེམས་ནང་ཟུག་ཐུབ་པ་བྱེད་དགོས་པ་དང་། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་མཐོ་ལ་ནན་པའི་བླང་བྱར་གཞིགས་ནས་སྤྱོད་གཙང་རང་འདོམས་ཚད་ལྡན་དུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས་པ། རྒྱ་ཆེའི་ཏང་ཡོན་ཚོས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕུལ་བྱུང་སྲོལ་རྒྱུན་གྱི་སྤྱོད་ཚུལ་རྒྱུན་འཁྱོངས་དང་དར་སྤེལ་བཏང་ནས་སྤྱོད་གཙང་རང་འདོམས་ཚད་ལྡན་དུ་གཏོང་རྒྱུ་དེ་སེམས་ནང་ཟུག་པ་དང་བྱ་སྤྱོད་ཐོག་འཁྱོལ་ཐུབ་པ་དང་ཕུགས་བསམ་འདུ་ཤེས་ཀྱི་དམིགས་ཡུལ་མཐའ་འཁྱོངས་ཀྱིས་གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་གཤིས་མཐའ་འཁྱོངས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་2016ལོའི་ཟླ་1ཚེས་1ཉིན་ནས་བཟུང《ཚད་གཞི》ལག་བསྟར་བྱ་རྒྱུ་དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་སྲིད་སྐྱོང་གི་ཚད་གཞི་འགའ་ཞིག》དུས་གཅིག་ཏུ་མེད་པ་བཟོ་རྒྱུ་ཡིན་པ་བསྟན་ཡོད།

    《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞིའི》ནང་དོན་ཆ་ཚང་གཤམ་གསལ།

    ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ངེས་པར་དུ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུཌ་ཀྱི་དད་སེམས་བརྟན་དུ་གཏོང་བ་དང་། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས། ངེས་པར་དུ་ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་སྤྱོད་ཚུལ་མུ་མཐུད་དར་སྤེལ་གཏོང་བ། ངེས་པར་དུ་རང་རྟོགས་ངང་བླ་ན་མེད་པའི་ཀུན་སྤྱོད་སྐྱེད་སྲིང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་དར་སྤེལ་ཧུར་ཐག་གཏོང་བ། སྤྱོད་གཙང་རང་འདོམས། ལྟ་སྐུལ་དང་ལེན་བཅས་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཡུན་གནས་ཐུབ་པ་བྱེད་དགོས།

    ཏང་ཡོན་གྱི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི།

    དོན་ཚན་དང་པོ། གཞུང་སྒེར་ཁ་གསལ་དང་། སྔོན་གཞུང་རྗེས་སྒེར། རང་གཅུན་སྤྱི་གཅེས་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་།

    དོན་ཚན་གཉིས་པ། སྤྱོད་གཙང་གོང་བཀུར་དང་རུལ་སུངས་ལ་ངོ་རྒོལ་དང་། མི་གཞུང་དྲང་ཞིག་བྱེད་པ། བྱ་བ་གཙང་མ་སྒྲུབ་པ་བཅས་མཐའ་འཁྱོངས་བྱེད་དགོས་པ།

    དོན་ཚན་གསུམ་པ། གྲོན་ཆུང་དར་སྤེལ་དང་རྒྱས་སྤྲོས་འགོག་པ་དང་། དཀའ་སྤྱད་བབ་ཆགས། ཧུར་བསྲི་གྲོན་ཆུང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ།

    དོན་ཚན་བཞི་པ། དཀའ་སྡུག་སྔོན་ལ་མྱོང་བ་དང་། སྐྱིད་པོ་རྗེས་སུ་བྱེད་པ། ལེགས་སྐྱེས་འབུལ་ཕོད་པ་བཅས་མཐའ་འཁྱོངས་བྱེད་དགོས་པ་བཅས་ཡིན།

    ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི།

    དོན་ཚན་ལྔ་པ། སྤྱོད་གཙང་སྲིད་སྐྱོང་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་སྤྱི་ཞབས་པའི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས་པ་དང་།

    དོན་ཚན་དྲུག་པ། སྤྱོད་གཙང་དབང་སྤྱོད་བྱས་ཏེ་རང་རྟོགས་ངང་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་དགོས་པ།

    དོན་ཚན་བདུན་པ། སྤྱོད་གཙང་རང་གཅུན་བྱས་ཏེ་རང་རྟོགས་ངང་བསམ་བློ་ཀུན་སྤྱོད་མཐོ་རུ་གཏོང་དགོས་པ།

    དོན་ཚན་བརྒྱད་པ། སྤྱོད་གཙང་ཁྱིམ་སྐྱོང་བྱས་ཏེ་རང་རྟོགས་ངང་ཁྱིམ་ཚང་གི་གོམས་གཤིས་བཟང་པོ་འཛུགས་རྒྱུར་སྣེ་ཁྲིད་བྱེད་དགོས་པ་བཅས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།