དབུ་ཤོག>སྲིད་དོན།
  • ​ ནུས་ཤུགས་ཡོད་རྒུས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་ལ་ཁྲེན་ཆོན་གོ་དང་བློ་བཟང་རྒྱལ་མཚན་གྱི་མཚན་བཀོད་རྩོམ་ཡིག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-21

    ཟླ་10ཚེས་20ཉིན་བོད་ལྗོངས་ཉིན་རེའི་ཚགས་པར(རྒྱ་ཡིག)ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱི《སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། རྩོམ་ཡིག་དེ་ཁྱོན་ཁག་གསུམ་ལ་ཕྱེ་ཡོད་པ་སྟེ། གཅིག་ནི་སྤྱི་ཡོངས་ལ་དམིགས་ནས་དབུལ་སྐྱོར་གསར་སྤེལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། གཉིས་ནི་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་ཤུགས་རྒྱག་དགོས་པ། གསུམ་ནི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ་བཅས་ཡིན།

    རྩོམ་ཡིག་ནང་བསྟན་དོན། དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཐོག་ནས་འཛམ་གླིང་ཡོངས་ལ་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཇུས་རྒྱས་བཤད་གནང་བ་མ་ཟད།དབུལ་པོ་སེལ་བ་དང་ཐུན་མོང་འཕེལ་རྒྱས་ཀྱི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་བསྐྲུན་རྒྱུའི་ཀྲུང་གོའི་བསྒྲགས་གཏམ་འགྲེམས་སྤེལ་བྱས་པ་དེ་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་བཀོད་ཇུས་དང་། རྒྱུན་རྣམ་གསར་པའི་ཁྲོད་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྤྱི་ཁྱབ་ཧྲུའུ་ཅིའི་ཚན་རིག་དང་མཐུན་པའི་བཀོད་སྒྲིག དམངས་གཅེས་དམངས་ཆེད་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་བླ་ན་མེད་པའི་བརྩེ་སེམས། མཐའ་མཚམས་མི་རིགས་ས་ཁུལ་གྱི་མི་དམངས་ལ་བཅངས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བླ་ན་མེད་པའི་བརྩེ་སེམས་བཅས་གང་ལེགས་མཚོན་ཡོད་ལ། དུས་བབ་གསར་པའི་འོག་དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་འབྲེལ་རྩ་བའི་བསྟུན་ས་ཡང་མཁོ་འདོན་བྱས་ཡོད། ང་ཚོས་ངེས་པར་དུ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་ནས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས།

    རྩོམ་ཡིག་ནང་བསྟན་དོན། བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་སྤྱི་ཚོགས་ཀྱི་སྤྱི་ཡོངས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་དེ་ཉིད་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད།

    དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྔོན་འགྲོ་ཡིན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གཅིག་ཡིན་པ་དང་མི་རིགས་56ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་འདྲ་མཉམ་གྱི་ཁོངས་མི་ཡིན་པ་དང་ཁྱེད་ཀྱི་ཁྲོད་བདག་ཡོད་པ་དང་། བདག་གི་ཁྲོད་ཁྱེད་ཡོད་པ། སུ་ཡང་ཕན་ཚུན་ཁ་བྲལ་ཐབས་མེད་པ་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གྲུབ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ནི་མི་རིགས་ཁག་ཚང་མའི་ཕུགས་འདུན་ཡིན་ལ་ང་ཚོ་མི་རིགས་ཁག་གི་རང་ཉིད་ཀྱི་ཕུགས་འདུན་ཡང་ཡིན། མི་རིགས་45ཡོད་པའི་བོད་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་གཞན་དང་འདྲ་བར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བླ་ན་མེད་པའི་ལས་འགན་ཕྲག་ཐོག་ཏུ་འཁུར་ཡོད་ལ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དང་ཐོག་ཐག་གཅོད་བྱེད་དགོས་པའི་དབུལ་སྐྱོར་དབུལ་སྒྲོལ་གྱི་གནད་དོན་གལ་ཆེན་དེ་འཕྲད་ཡོད་པར་བརྟེན་ངེས་པར་དུ་དབུལ་སྐྱོར་གསར་སྤེལ་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་དང་ཉིན་རེའི་གལ་ཆེའི་གྲོས་རིམ་ནང་བཞག་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུའི་ལས་འགན་གལ་ཆེན་དང་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱེད་དགོས་པ་དང་།

    དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགག་རྩའི་བྱེད་ཐབས་ཤིག་ཡིན།

    བོད་ནི་རང་རྒྱལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་ས་ཁུལ་དབུལ་པོ་ཞིག་དང་། དབུལ་པོའི་གཞི་རྒྱ་ཆེ་ཤོས་དང་དབུལ་པོ་མང་ཤོས་ཀྱི་ས་ཁུལ་ཞིག རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གཙོ་གནད་ས་ཁོངས་དང་འཐབ་ས་གཙོ་བོ་ཞིག་བཅས་ཡིན། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་76.3%དང་70.2%ཙམ་ཡིན་པ་དང་ཡོང་འབབ་སྒོར་2300མན་གྱི་མི་འབོར་དབུལ་པོ་ད་དུང་ཁྲི་77.7ཡོད་པ་དང་དབུལ་པོ་ཐོན་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆའི་གྲངས་26ལས་མཐོ་བ་ཡོད་པ་བཅས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་འགྲན་སློང་དང་ཞན་ཆ་ཆེ་ཤོས་དེ་ཡིན། མང་ཚོགས་དབུལ་པོ་འབྱོར་འབྲིང་མ་ཐུབ་ཚེ། ལྗོངས་ཡོངས་ཀྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་ཡོང་མི་ཐུབ། བོད་ཀྱིས་འབད་བརྩོན་བྱས་ཏེ་རྒྱལ་ཡོངས་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་ཟིན་པ་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་གཙོ་གནད་དེ་དབུལ་སྐྱོར་དང་། དཀའ་གནད་དེ་དབུལ་སྐྱོར། འགག་རྩ་དེ་ཡང་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་བཅས་ཡིན་པས་གཅིག་སྡུད་ཡུག་སྦྲེལ་གྱི་དབུལ་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འགལ་ཟླ་དང་། ལྟོ་གོས་སྲ་བརྟན་དང་ཐོན་སྐྱེད་བྱེད་སྟངས་སྒྱུར་བའི་དབར་གྱི་འགལ་ཟླ། དབུལ་སྒྲོལ་བརྟན་པོ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུའི་དབར་གྱི་འགལ་ཟླ་བཅས་ཐག་གཅོད་བྱ་རྒྱུར་ཤུགས་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་། དེ་བས་གཞུང་དྲང་། དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ།

    དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ནི་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་གལ་ཆེན་ཡིན།

    བོད་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་དེ་ནི་དཔལ་འབྱོར་གྱི་གནད་དོན་གལ་ཆེན་ཞིག་ཡིན་ལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན་པ་དང་། དམངས་འཚོའི་གནད་དོན་གལ་ཆེན་ཞིག་ཡིན་ལ་ཞི་མཐུན་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་མགྱོགས་མྱུར་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་ཐད་ཀར་འབྲེལ་བ་ཡོད། ང་ཚོས་སེམས་ཐག་གཙང་བཅད་དང་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་བཏིང་སྟེ་ལོ་རྒྱུས་ཀྱི་འགོ་འཛུགས་གསར་པའི་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས།

    རྩོམ་ཡིག་ནང་བླང་བྱ་བསྟན་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་མཛུབ་སྟོན་བླང་བྱ་གཞིར་བཟུང་བོད་ཀྱི་ལྗོངས་བབ་ལ་གཞིགས་ནས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་དེ་བས་ཁ་གསལ་གྱི་དམིགས་ཚད་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ཕན་འབྲས་ཐོན་པའི་བྱ་སྤྱོད་བཅས་ཀྱི་ཐོག་ནས་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་དགོས།

    གནས་ཚུལ་མཐིལ་རྟོགས་ཀྱིས་དབུལ་སྐྱོར་བྱ་ཡུལ་ཤེས་རྟོགས་ཐུབ་པ་དགོས། གང་དག་ནི་ངལ་རྩོལ་གྱི་ནུས་ཤུགས་ཡོད་པ་དང་ཐོན་སྐྱེད་དབུལ་སྐྱོར་དང་ལས་ཞུགས་རོགས་རམ་བྱས་པ་བརྒྱུད་དབུལ་སྒྲོལ་ཐུབ་མཁན་ཡིན་པ་དང་། གང་དག་ནི་དབུལ་སྒྲོལ་ཐུབ་ཐབས་བྲལ་བའི་གནས་སུ་ཡོད་པའི་རྐྱེན་གྱིས་གནས་སྤོས་བྱེད་པ་བརྒྱུད་དབུལ་སྒྲོལ་ཐུབ་མཁན་ཡིན་པ། གང་དག་ནི་ངལ་རྩོལ་ནུས་ཤུགས་ཤོར་ནས་སྤྱི་ཚོགས་འགན་སྲུང་གི་ཐོག་ནས་དབུལ་སྒྲོལ་ཐུབ་མཁན་ཡིན་པ། གང་དག་ནི་ནད་ཕོག་ནས་དབུལ་པོར་གྱུར་ཏེ་སྨན་བཅོས་རོགས་སྐྱོབ་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་མཁན་ཡིན་པ་བཅས་གསལ་པོ་ཤེས་པ་བྱས་ཏེ་ད་ཡོད་ཀྱི་ཚད་གཞི་མན་གྱི་མི་འབོར་དབུལ་པོ་རྙེད་ཐུབ་པ་བྱས་ཏེ་ཆ་སྙོམས་གྲངས་ཀས་གནད་འཁེལ་གྲངས་ཀྱིས་ཚབ་བྱ་རྒྱུ་འགོག་དགོས།

    དམིགས་ཚད་གཏན་འཁེལ་བྱས་ནས་ལས་འགན་གསལ་དུ་གཏོང་དགོས། དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཏེ་བོད་ཀྱི་མི་འབོར་དབུལ་པོར་ལྟོ་དང་། གོས། སྡོད་ས། སློབ་སྦྱོང་། སྨན་བཅོས། འཚོ་རྟེན་བཅས་ཡོད་པ་བྱེད་པའི་ཐོག་བདེ་སྡོད་ལས་བརྩོན་གྱི་ཁོར་ཡུག་དང་། ཆ་སྙོམས་ཀྱི་རྩ་བའི་སྤྱི་པའི་ཞབས་ཞུ། ཅུང་འཐུས་ཚང་གི་སྤྱི་ཚོགས་འགན་ལེན་མ་ལག མཐོ་ཙམ་གྱི་བདེ་སྐྱིད་སྟོན་གྲངས་བཅས་ཡོད་པ་བྱས་ནས་2020ལོར་སླེབས་སྐབས་བོད་ཀྱི་མི་འབོར་དབུལ་པོ་དང་རྒྱལ་ཡོངས་ཀྱི་མི་འབོར་དབུལ་པོ་ཁྲི་7000ལྷག་ཙམ་མཉམ་དུ་དབུལ་སྒྲོལ་ཐུབ་པ་བྱེད་དགོས།

    གནད་སྨིན་དབུལ་སྐྱོར་དུད་ཚང་དང་མི་ཀུན་ལ་ཁྱབ་པ་བྱེད་དགོས། རོགས་སྐྱོར་དང་རང་གིས་རང་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་བྱ་རྒྱུ་དང་། སྲིད་གཞུང་གི་གཙོ་ཁྲིད་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཟུང་འབྲེལ་བྱ་རྒྱུ། སྲིད་གཞུང་གི་ཐོན་ཁུངས་དང་ཕྱོགས་ཁག་གི་ཐོན་ཁོངས་ཟུང་འབྲེལ་བྱ་རྒྱུ། ངལ་རྩོལ་ཕྱུག་འགྱུར་དང་སྣེ་ཁྲིད་ཕྱུག་འགྱུར་དེ་བྱ་སྤྱོད་དངོས་ཀྱི་དབུལ་སྐྱོར་དང་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་གཞན་ལ་སྣེ་ཁྲིད་བྱ་རྒྱུ་ཟུང་འབྲེལ། གནས་སྤོ་དབུལ་སྐྱོར་དང་མཐའ་སྲུང་ས་སྲུང་ཟུང་འབྲེལ་བཅས་བྱས་ཏེ་མི་དང་གནས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་དང་། དབུལ་པོའི་རྒྱུ་རྐྱེན་ལ་གཞིགས་ནས་སྲིད་ཇུས་ལག་བསྟར། དབུལ་པོའི་རིགས་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བཅས་བྱེད་དགོས་པ་དང་འབྲེལ་དབུལ་སྐྱོར་བྱེད་ཐབས་མི་འདྲ་བ་སྤྱོད་པ་དང་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་དང་བྱེད་ཐབས་ཁག་གྲོང་ཚོ་དང་། དུད་ཚང་། མི་བཅས་ལ་དོན་འཁྱོལ་བྱེད་པ་དང་འབྲེལ“གནད་སྨིན་དྲུག”དོན་འཁྱོལ་དང“དམིགས་སར་འབྱོར་བ་དྲུག”སྒྲུབ་ཐུབ་པ་བྱེད་དགོས།

    མཇུག་ཏུ་རྩོམ་ཡིག་ནང་བསྟན་དོན། བོད་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ནས་སེམས་ནང་འཇོག་པ་དང་། ཕྲག་ཐོག་ཏུ་འཁུར་བ། ལག་གིས་དམ་འཛིན་བཅས་བྱེད་པ་དང་འབྲེལ་འགན་འཁྲིར་ཤུགས་སྣོན་རྒྱག་པ་དང་། བྱེད་ཐབས་འཐུས་ཚང་དུ་གཏོང་བ། ལས་དོན་སྤེལ་ཤུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དབུལ་སྒྲོལ་གྱི་ལས་འགན་དུས་ཐོག་དང་ཁྱོན་ཡོངས་ནས་ལེགས་སྒྲུབ་དང་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་འགན་ལེན་བྱེད་དགོས།

    འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགོ་ཁྲིད་ཀྱི་འགན་འཁུར་ནས་རང་སྐྱོང་ལྗོངས་ཀྱིས་འགན་གཙོ་བོ་འཁུར་བ་དང་། ས་ཁུལ(གྲོང་ཁྱེར)གྱིས་ཐད་ཀར་དམ་འཛིན། རྫོང(ཆུས)གིས་ནུས་ཤུགས་ཡོད་རྒུས་དམ་འཛིན། ཤང(གྲོང་རྡལ)གིས་དམ་འཛིན་ཞིབ་ཕྲ། གྲོང་ཚོས(གྲོང་ལྷན)དོན་འཁྱོལ་ཞིབ་ཕྲ་བཅས་བྱེད་པའི་དབུལ་སྐྱོར་གསར་སྤེལ་གྱི་དོ་དམ་སྒྲིག་སྲོལ་དང་དབུལ་སྐྱོར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོ་ནི་འགན་འཁུར་བ་དང་པོ་དེ་ཡིན་པས་སྤྱི་འགན་འཁུར་བ་དང་རང་ངོ་མས་དམ་འཛིན་བྱེད་པ་དང་། ལས་བགོས་འགན་འཁུར་བློ་མཐུན་གྱིས་ཆེད་བསྐོས་ལས་འགན་འཁུར་བ་དང་ཆེད་མངགས་དམ་འཛིན་དང་ཆེད་མངགས་དོ་དམ་བྱེད་པ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། དུད་ཚང་དབུལ་པོ་བཅས་དང་འབྲེལ་བ་བྱེད་པ། དབུལ་སྒྲོལ་མ་ཐུབ་ན་འབྲེལ་མཚམས་མི་གཅོད་པ་བཅས་ཀྱི་གོང་འོག་མཉམ་འབྲེལ་དང་། ཕྱོགས་ཡོངས་ལ་ཁྱབ་པའི་འགན་འཁྲིའི་མ་ལག་ཅིག་ཆགས་པ་བྱེད་དགོས། རིམ་ཁག་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་དེའི་གཞུང་དོན་ཁང་གིས་ཐད་ཀའི་འགན་འཁྲི་འཁུར་བ་དང་ཕྱོགས་བསྡུས་མཐུན་སྦྱོར་དང་སྒྲིག་འཛུགས་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྐྱོར་གསར་སྤེལ་གྱི་བཀོད་སྒྲིག་བླང་བྱ་དང་ལས་ཀའི་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས། རིམ་ཁག་སྡེ་ཚན་དང་ཚན་པ་ཁག་གིས་གཞོགས་འདེགས་ཀྱི་འགན་འཁྲི་ཁུར་ནས་འགན་ནུས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཧུར་ཐག་ཞུགས་པ་དང་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དབུལ་སྐྱོར་གསར་སྤེལ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།

    རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། དབུལ་སྐྱོར་གསར་སྤེལ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས“ཏང་ཡོན་དང་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པ་དང་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་པ་དང་། ཤང་གི་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་མི་རེས་དུད་ཚང་དབུལ་པོའི་མང་ཚོགས་2ནས་3བར་ལ་འབྲེལ་བ་བྱས་ཏེ་འཚམས་འདྲི་མང་ཙམ་དང་རྒྱུན་དུ་ལྟ་བར་ཕྱིན་ནས་དངོས་ཡོད་གནས་ཚུལ་ཤེས་རྟོགས་དང་དཀའ་གནད་ཐག་གཅོད་བྱས་ཏེ་དབུལ་སྐྱོར་འགག་སྒྲོལ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ས་ཁུལ་དབུལ་པོ་དང་དབུལ་སྐྱོར་གསར་སྤེལ་གྱི་འཐབ་ཕྱོགས་དང་པོར་ཡུན་རིང་ལས་ཀ་བྱེད་མཁན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། དཀའ་སྡུག་ལ་མི་སྐྲག་པ། ལེགས་སྐྱེས་འབུལ་འདོད་པ། ལས་རྗེས་མངོན་གསལ་དོད་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་གསོ་སྐྱོང་དང་བསྐོ་སྤྱོད་བྱས་ཏེ་དབུལ་སྐྱོར་གསར་སྤེལ་ལས་དོན་ཁྲོད་ཀྱི་ཁོང་ཚོའི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་པ་བྱེད་དགོས།

    ཞིབ་དཔྱད་དང་བྱ་དགའ་ཆད་གཅོད་ནན་པོ་བྱེད་དགོས། དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ཞིབ་བཤེར་ལྟ་སྐུལ་དང་བྱ་དགའ་ཆད་གཅོད་ལ་དཔྱད་ཞིབ་བྱས་ཏེ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་ལྕག་འདེབས་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

    ཁོར་ཡུག་དང་རྣམ་པ་བཟང་པོ་གཏོད་དགོས། རིམ་ཁག་དྲིལ་བསྒྲགས་སྡེ་ཚན་དང་གསར་འགྱུར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་ཤུགས་ཆེན་དང་། དབུལ་སྐྱོར་གསར་སྤེལ་གྱི་སྲིད་ཇུས་དང་བྱེད་ཐབས་དྲིལ་བསྒྲགས། དབུལ་སྐྱོར་གསར་སྤེལ་གྱི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས། དབུལ་སྐྱོར་གསར་སྤེལ་ལས་དོན་ཁྲོད་ཐོན་པའི་སྔོན་ཐོན་ཚན་པ་དང་མི་སྒེར་དྲིལ་བསྒྲགས། ཀྲུང་ཧྭ་མི་རིགས་ཀྱི་དབུལ་སྐྱོར་དཀའ་སེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོའི་ཁྲོད་དབུལ་སྐྱོར་ལས་དོན་ལ་མི་ཚང་མས་བསམ་ཤེས་དང་། མི་ཚང་མས་རྒྱབ་སྐྱོར། མི་ཚང་མ་ཞུགས་པ་བཅས་ཀྱི་ངོས་འཛིན་གཅིག་མཐུན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།