དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-16

    ཉེ་ཆར། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ལྗོངས་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ(བོད་ཡིག་ཐོག་ནས་སློབ་ཁྲིད)སློབ་མཇུག་འགྲིལ་བའི་མཛད་སྒོ་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔེ་སྟོན་སློབ་སྦྱོང་འཛིན་གྲྭའི་སློབ་མ་100དང་། ས་ཁུལ་དང་གྲོང་ཁྱེར་ཁག་གིས་ཀྱང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་རྒྱང་ཁྲིད་སློབ་ཁྲིད་མ་ལག་བརྒྱུད་སློབ་མ་217གྱིས་གསོ་སྦྱོང་དང་ལེན་བྱེད་ཚུལ་ཐད་གཏོང་བརྙན་ཕབ་ལ་བལྟས་པ་རེད།

    ད་རེས་ཀྱི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ནི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་དང་རང་འགན་གཙང་སྒྲུབ་ཀྱི་ནུས་པ་མཐོ་རུ་གཏོང་ཆེད་གཉེར་བ་ཞིག་རེད། གསོ་སྦྱོང་ནང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ། མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས། ཏང་གི་ཞིང་དར་དམངས་ཕྱུག་གི་སྲིད་ཇུས་སོགས་ཆེད་དོན་སློབ་གཞི་20དང་ལྟ་སྐོར་དང་རྟོག་ཞིབ་ཐེངས་7བཀོད་སྒྲིག་བྱས་པ་དང་། སློབ་ཚན་ཚང་མ་བོད་སྐད་ཐོག་ནས་སློབ་ཁྲིད་བྱས་པས་དམིགས་ས་ཆེ་ཞིང་ཕན་ནུས་ཐོན་ཏེ་སྔོན་དཔག་གི་དམིགས་ཡུལ་གྲུབ་ཡོད།

    སློབ་མཇུག་འགྲིལ་བའི་མཛད་སྒོའི་ཐོག་ས་ཁུལ་དང་གྲོང་ཁྱེར་ཁག་གི་འཐུས་མིའི་སློབ་མ་7གྱིས་སློབ་སྦྱོང་བྱས་ཚུལ་སོ་སོར་སྙན་སེང་ཞུས་ཤིང་། ཚང་མས་གཅིག་གྱུར་ཐོག་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུའི”དད་སེམས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ཀྱི་ཀྲུང་དབྱང་གི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་དང་། གལ་ཆེའི་འཐབ་ཇུས་ཀྱི་བསམ་བློ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་དང་། དེ་བཞིན་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཆུ་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་པ། ཏང་གི་གྲོང་གསེབ་ལས་དོན་གྱི་བྱེད་ཕྱོགས་སྲིད་ཇུས་ཁག་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་པ་ཁོང་དུ་ཆུད་པ་དང་སྤྱོད་རྒྱུ་ཏན་ཏིག་ངང་མཐོ་རུ་སོང་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ནུས་པ་ཆེ་རུ་ཕྱིན་པའི་ངོས་འཛིན་བྱས་ཤིང་། ཚང་མས་གཅིག་མཐུན་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ། ཏང་གི་ཞིང་འབྲོག་མང་ཚོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ལེགས་པར་བྱས་ཏེ་དོན་དངོས་ཀྱི་ལས་ཀའི་ཁྲོད་ལས་སླ་པོར་བྱུང་བ་མིན་པའི་ཞིང་འབྲོག་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་སྲུང་སྐྱོང་གིས་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་བའི་རྣམ་པ་བཟང་པོར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ་ཡིན་ཚུལ་བསྟན།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།