དབུ་ཤོག>སྲིད་དོན།
  • སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་གླེང་སྟེགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-10-01

    ཚེས་29ཉིན་སྐབས་གཉིས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་གླེང་སྟེགས་བྱེད་སྒོ་ལྷ་སར་སྤེལ་བ་དང་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“རྒྱུད་གཅིག་ལམ་གཅིག”དང་བོད་ཀྱི་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་གཉིས་གཅིག་འདུ་བྱེད་དགོས་ཞེས་པ་དེ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། བོད་ཀྱི་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག“བོད་ནི་ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་མོ་འབྱེད་པའི་བགྲོད་ལམ་གཙོ་བོ་ཞིག་ཡིན”ཞེས་གཏན་འཁེལ་ཁ་གསལ་བྱས་པ་ལས་བོད་འདི་ཉིད“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་བྱ་རྒྱུ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཡུལ་སྐོར་དང་རིག་གནས་རིམ་སྤོར་བྱ་རྒྱུ་བཅས་ལ་གོ་སྐབས་ཆེན་པོ་ཞིག་བྱུང་ཡོད། བོད་ཀྱིས“རྒྱུད་གཅིག་ལམ་གཅིག”དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ལྗོངས་ནང་ཁུལ་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འཛམ་གླིང་གི་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་ཡིན་ཞེས་ནན་གྱིས་གསུངས་པ་རེད། ནེ་པ་ལ་རིག་གནས་ཡུལ་སྐོར་མཁའ་འགྲུལ་པུའི་པུའུ་ཀྲང་གཞོན་པ་ཐ་ཕ་ལི་ཡ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཧྲའོ་ཆི་ཝུའེ། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲེ་ཧུང་སོགས་ཕེབས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཏིང་ཡེ་ཤན་སོ་སོས་སྔ་དྲོ་དང་ཕྱི་དྲོའི་གླེང་སྟེགས་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷ་གླེང་སྟེགས་བྱེད་སྒོར་ཕེབས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས《བོད་ཀྱི་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་རྩ》ཞེས་པའི་བཞེད་དོན་གཙོ་བོའི་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཁབ་ཀྱི་ཇུས་ཆེན་སྤྱི་ཡོངས་ནང་གནས་བབ་གལ་ཆེན་བཟུང་བའི་བོད་ནི“རྒྱུད་གཅིག་ལམ་གཅིག”ཇུས་ཆེན་ལག་ལེན་བསྟར་རིང་གི་མདུན་ཐོན་ས་ཁོངས་ཤིག་ཡིན། བོད་ཀྱིས་ལོ་རྒྱུས་རིག་གནས་དར་སྤེལ་གཏོང་རྒྱུ་དང་མི་རིགས་འགྲོ་འོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་ལོ་རྒྱུས་ལས་འགན་ལྕི་པོ་ཞིག་ཁུར་ཡོད།“རྒྱུད་གཅིག་ལམ་གཅིག”གི་མཚམས་ཚིག་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དར་གོས་ལམ་བུའི་སྲོལ་རྒྱུན་རྒྱུན་འཛིན་ཐུབ་པ་དང་། དར་གོས་ལམ་བུའི་རིག་གནས་དར་སྤེལ་ཐུབ་པ། དར་གོས་ལམ་བུའི་ལེའུ་གསར་པ་རྩོམ་ཐུབ་པ། འགྲོ་འོང་སྤེལ་རེས་ཀྱི་དུས་རབས་གསར་པ་གཏོད་ཐུབ་པ་བཅས་ཀྱི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་གནང་བ་རེད། བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི“ཤར་བགྲོད་ལྔ”ཡི་བླང་བྱ་དང་ཟུང་འབྲེལ་གྱིས། སྲིད་གཞུང་གི་ནུས་པ་འདོན་སྤེལ་དང་ཁྲོམ་རའི་ནུས་པ་འདོན་སྤེལ་གཉིས་དང་། ཕྱི་ཤུགས་ལ་བརྟེན་པ་དང་ནང་ཤུགས་འཕེལ་བར་བྱེད་པ་གཉིས། ནང་ཁུལ་ལ་སྒོ་མོ་འབྱེད་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་བ་གཉིས། གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གཉིས། གསར་སྤེལ་འཛུགས་སྐྲུན་དང་སྣོད་བཅུད་སྲུང་སྐྱོང་གཉིས་བཅས་ཟུང་འབྲེལ་སྔར་བས་ཡག་པོ་བྱས་ཏེ། ཡུལ་སྐོར་རིག་གནས་འབུར་གཟུགས་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱོགས་གསུམ་ཐོན་ལས་མཉམ་འདྲེས་ཟབ་མོ་ཐུབ་པ་དང་། མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བ། བོད་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བཅས་ལ“ཡུལ་སྐོར”གྱི་གཤོག་ཟུང་བསྒར་རྒྱུ་ཡིན་ཞེས་ནན་གྱིས་གསུངས་པ་རེད།

    གཅིག་ནས“དམངས་ཕྱུག་བོད་དར”ལ་གཅིག་གྱུར་འཆར་འགོད་ཀྱིས་ཡུལ་སྐོར་རིག་གནས་ཐོན་ལས་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞིང་། རྒྱལ་དམངས་དཔལ་འབྱོར་གྱི་གཙོ་ཁྲིད་ཐོན་ལས་དང“དམངས་ཕྱུག་བོད་དར”འཐབ་ཇུས་ཀྱི་སྲོག་ཤིང་ཐོན་ལས་ཤིག་ཡིན་པའི་ཡུལ་སྐོར་རིག་གནས་ཐོན་ལས་ཀྱིས་ཁེ་ལས་ཆེ་གྲས་ལ་སྐུལ་འདེད་དང་། རྣམ་གྲངས་ཆེ་གྲས་ལ་སྐུལ་ཁྲིད། ཐོན་ལས་ཆེ་གྲས་གཅིག་ཏུ་བསྡུ་བ་བཅས་བྱས་ཏེ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཏང་ནས་བོད་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་སྦྲེལ་ཐག་ཅིག་གཏོད་རྒྱུ་དང་། ཡུལ་སྐོར་རིག་གནས་ཐོན་ལས་ཀྱི“ལས་ཞུགས་ཆུ་གསོག་རྫིང་བུ”ལྟ་བུ་དང“དམངས་ཕྱུག་མྱུར་གཏོང་འཕྲུལ་ཆས”ལྟ་བུའི་ནུས་པ་འདོན་སྤེལ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཕལ་ཆེ་བ་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཐད་ཀར་རམ་ཡང་ན་བར་བརྒྱུད་ངང་ཞུགས་སུ་འཇུག་རྒྱུ། ཡུལ་སྐོར་རིག་གནས་མཉམ་བསྲེས་གཏིང་ཟབ་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ནང་ངོས་དང་ཕྱི་ཕྱོགས་ལ་སྒོ་འབྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་ཡག་པོ་ཐུབ་པ་བྱ་རྒྱུ་དང་།

    གཉིས་ནས“ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས་བཅས”སྟོན་ཕྱོགས་སུ་བྱས་ཏེ་སྤུས་ཚད་ཕན་འབྲས་རྣམ་པའི་ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་ཡིན་ཞིང་། འཆར་འགོད་རྩེ་གྲ་དང་། དོ་དམ་རྩེ་གྲ ཞབས་ཞུ་རྩེ་གྲ་བཅས་ཀྱིས་སྤུས་རྟགས་རྩེ་གྲ་དང་། ཁྱད་ལྡན་ཐོན་རྫས། སྤུས་དག་ལམ་ཐིག་བཅས་གཏོད་རྒྱུ། གནས་མཆོག་ལྷ་སའི“སེམས་ཁམས་ཀྱི་ཡུལ་སྐོར”དང་། བརྗིད་ཆགས་ཡིད་དུ་འོང་བའི་གཞིས་རྩེའི“ངོ་མཚར་ཆེ་བའི་ཡུལ་སྐོར” བོད་མིའི་འབྱུང་ཁུངས་ཏེ་ལྷོ་ཁའི“མི་ཆོས་ཡུལ་སྐོར” མཛེས་ཤིང་ལྟ་ན་སྡུག་པའི་ཉིང་ཁྲིའི“སྣོད་བཅུད་ཡུལ་སྐོར” ཡངས་ཤིང་རྒྱ་ཆེ་བའི་ནག་ཆུའི“མྱུལ་དཔྱད་ཡུལ་སྐོར” ངོ་མཚར་ཆེ་བའི་མངའ་རིས་ཀྱི“བསམ་པའི་ཡུལ་སྐོར” བརྗིད་ཉམས་ལྡན་པའི་ཆབ་མདོའི“ཐོགས་མེད་ཡུལ་སྐོར”བཅས་གཙོ་གནད་གཏོད་པ་དང་། ནེ་པ་ལ་དང་རྒྱ་གར་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་ལ་ཕྱོགས་པའི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་བར་ཁྱམས་བསྐྲུན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡུལ་སྐོར་བར་ཁྱད་ཅན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་རྒྱུ།

    གསུམ་ནས་འགལ་རྐྱེན་མེད་པའི་ཡུལ་སྐོར་ཁུལ་གཏོད་རྒྱུ་དམིགས་ཚད་དུ་བཟུང་སྟེ་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། “ལམ་ལུགས་ལ་འགལ་རྐྱེན་མེད་པར”དམིགས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་བསྒྱུར་ནས་ཡུལ་སྐོར་རིག་གནས་ཐོན་ལས་ལ་བློས་འགེལ་ཆོག་པའི་ལམ་ལུགས་ཀྱི་འདེགས་སྐྱོར་དང་ཕྱོགས་ཡོངས་ནུས་ལྡན་གྱི་སྲིད་ཇུས་རོགས་སྐྱོར་མཁོ་འདོན་བྱ་རྒྱུ་དང་། “འགྲིམ་འགྲུལ་ལ་འགལ་རྐྱེན་མེད་པར”དམིགས་ཏེ་ཡུལ་སྐོར་ལམ་ཐིག་གི་གཞུང་ལམ་དང་། མཛེས་ལྗོངས་ཁུལ་གཙོ་བོའི་གཞུང་ལམ་སྣུམ་ནག་ཅན། ཀུན་སྤྱོད་གནམ་ཐང་བཅས་སྐྲུན་མགྱོགས་སུ་བཏང་ནས་ཕན་ཚུན་འབྲེལ་མཐུད་དང་ཤར་གཏོང་ཆུ་ཚད་མཐོ་རུ་བཏང་སྟེ“ཟོག་འགྲུལ་དང་མི་འགྲུལ་ཤར་གཏོང”ཧུར་ཐག་ཐུབ་པ་བྱ་རྒྱུ། “ཞབས་ཞུར་འགལ་རྐྱེན་མེད་པར”དམིགས་ཏེ་ཡུལ་སྐོར་རིག་གནས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་རིག་གནས་ཐོན་ལས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་རྒྱུ་དང་མཉམ་བསྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ། “འབྲེལ་གཏུག་ལ་འགལ་རྐྱེན་མེད་པར”དམིགས་ཏེ་ཆ་འཕྲིན་ཅན་གྱི་འདུ་འགོད་གལ་ཆེན་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་རྒྱུ།

    བཞི་ནས་ལྗང་མདོག་དང་། མི་ཆོས། སྒོ་འབྱེད་བཅས་ལྟེ་བར་བྱས་ཏེ་བོད་ཀྱི་ཡུལ་སྐོར་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་གཟུགས་བརྙན་གཏོད་རྒྱུ་ཡིན་ཞིང་། ལྷ་ས་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་ཧུར་ཐག་བསྐྲུན་ནས་རྒྱལ་སྤྱིར་རྩེ་གྲ་དང་རྒྱལ་ནང་དུ་སྔོན་ལ་སླེབས་པའི་རིག་གནས་མངོན་འགྱུར་པའི་ཐོན་ལས་རྟེན་གཞི་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད། ལི་ཧྲེ་ཧུང་གིས་གཏམ་བཤད་ནང་། བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་དམིགས་བསལ་གྱི་འགན་འཁྲི་འཁུར་བ་དེ་ནི་དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་། དབུལ་སྐྱོར་འགག་སྒྲོལ་གྱི་གཙོ་ཤུགས་དམག ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཐབས་ལམ་གཙོ་བོ་བཅས་ཡིན་ལ། བདེ་འཇགས་བརྟན་ལྷིང་དང་རིག་གནས་དང་སྣོད་བཅུད་སྲུང་སྐྱོང་དང་ཡང་འབྲེལ་བ་དམ་ཟབ་ཡོད། དེང་སྐབས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་། གོ་སྐབས་ཐོབ་དཀའ་བ། བག་ཉལ་སྟོབས་ཤུགས་ཧ་ཅང་ཆེ་བ། བར་སྣང་ཡངས་པ་བཅས་ཡོད། རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་ཚད་བརྒལ་བརྩོན་ལེན་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་ཡུལ་སྐོར་དབུལ་སྐྱོར་ལ་དམ་འཛིན་བྱས་ནས་ཚད་བརྒལ་བརྩོན་ལེན། སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་དམ་འཛིན་བྱས་ནས་ཚད་བརྒལ་བརྩོན་ལེན། ས་ཁོངས་མཉམ་ལས་ལ་དམ་འཛིན་བྱས་ནས་ཚད་བརྒལ་དོན་གཉེར་བཅས་བྱས་ཐོག གསར་གཏོད་དང་དངོས་སྒྲུབ་ལ་བརྟེན་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད། ཐ་ཕ་ལི་ཡས་ཀྲུང་གོའི་བོད་འདིར་རྒྱལ་སྤྱིའི་ཡུལ་སྐོར་བ་དང་སྐུ་མགྲོན་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་དང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ་ལྡན་པ་དང་། བོད་ཀྱི་འགྲེམས་ཚོགས་ཀྱིས་ནེ་པ་ལ་དང་བོད་ཀྱི་ཡུལ་སྐོར་རིག་གནས་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ནེ་པ་ལ་དང་ཀྲུང་གོ(བོད་ཚུད་པ)དབར་གྱི་གཞུང་ལམ་དང་མཁའ་འགྲུལ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་རྒྱུ་དང་ལྷག་པར་དུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན། དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཕྱོགས་གཉིས་པོས་གཡོལ་ཐབས་མེད་པའི་ངང་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བའི་འགན་འཁྲི་ཁུར་ནས་ཕྱོགས་གཉིས་པོའི་རིག་གནས་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད། རིགས་གཅིག་མཁས་ཅན་དང་མཁས་དབང་དང་བོད་ཀྱི་ཡུལ་སྐོར་ཐོན་ལས་ཀྱི་འཐུས་མིས་བོད་ཀྱི་ཡུལ་སྐོར་རིག་གནས་འཕེལ་རྒྱས་ལ་དམིགས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་པ་དང་། བོད་ཀྱི་འགྲེམས་ཚོགས་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་དུས་བབ་གསར་པ་དང་བསྟུན་པ་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱ་ཆེད། ཞིབ་ཚགས་ངང་བཟོས་པའི་བཀྲག་མདངས་འཚེར་བའི་མིང་བྱང་ཅིག་རེད། བོད་འདི་ཉིད་ནི“རྒྱུད་གཅིག་ལམ་གཅིག”གི་ཨེ་ཤེ་ཡ་ལྷོ་རྒྱུད་དུ་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། བོད་འདི་ཉིད་ལ་འཛམ་གླིང་གི་ཡུལ་སྐོར་རིག་གནས་ཐོན་ཁུངས་རྩེ་གྲ་ལྡན་པ་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་འོག་བོད་ཀྱི་ཡུལ་སྐོར་ལས་རིགས་ལ་སླར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། མདུན་ལམ་རེ་སྒུག་བྱེད་རིན་ཡོད། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་ཁོང་དུ་བརྟན་པོར་ཆུད་པ་དང་། ཚན་རིག་དང་མཐུན་པའི་སྤྱི་འདོམས། ནུས་ཤུགས་གནད་སྨིན་འདོན་པ། བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དུས་བབ་དང་བསྟུན་པ་བཅས་བྱས་ཚེ། “འཛམ་གླིང་གི་ཡུལ་སྐོར་དམིགས་པ”སྔ་ཙམ་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་ཆེད། དེ་བས་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་ངེས་རེད་ཅེས་ཚང་མས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།