དབུ་ཤོག>སྲིད་དོན།
  • 2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་གཏོང་ཡོང་འགྱུར་ལྡོག་གཏོང་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-25

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པར་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱིས་བསྐྱལ་བའི་ཞིབ་བཤེར་སྙན་ཞུར་གྲོས་འཆམ་དང་འབྲེལ། དེར་གཞིགས་ནས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཝང་མིང་ཅིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར་གནང་བའི《2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་གཏོང་ཡོང་འགྱུར་ལྡོག་གཏོང་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས》ལ་མོས་མཐུན་བྱས་པ་རེད།

    ཚོགས་འདུའི་ཐོག་སྤྱིར་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་ལོ་འགོའི་སྒོར་ཁྲི་10531661ནས་སྒོར་ཁྲི་13743388ལ་སྤར་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་ཐེབས་རྩའི་ནོར་སྲིད་སྔོན་རྩིས་གཏོང་སྒོའི་བསྡོམས་འབོར་ལོ་འགོའི་སྒོར་ཁྲི་432890ནས་སྒོར་ཁྲི་478992ལ་སྤར་རྒྱུའི་གཏན་འཁེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།