དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-09-17

    ཚེས་14 ཉིན་གྱི་ཕྱི་དྲོ། སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་མ་ཟད། ལས་ཡུལ་དངོས་སུ་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆོད་སེམས་དེ་བས་ཆེ་བ་དང་། ཚད་གཞི་དེ་བས་མཐོ་བ། བླང་བྱ་དེ་བས་ཏན་ཏིག བྱེད་ཐབས་དེ་བས་ཞིབ་ཚགས། སྤུས་ཚད་དེ་བས་ལེགས་པ་བཅས་ཀྱི་ཐོག་ནས་སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་དེ་ཆུ་ཚད་གསར་པ་ཞིག་གཉེར་བ་དང་། གྲུབ་འབྲས་གསར་པ་ཞིག་ཐོབ་པ། མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ། སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་ཀྱི་འགན་ལེན་བྱས་ནས་བོད་ཀྱི་འགྲེམས་ཚོགས་ཀྱི་ས་ཁོངས་ཀྱི་ཁྲིད་སྟོན་ནུས་པ་དང་། རྒྱལ་ཡོངས་ཀྱི་འགྱེད་འཕྲོའི་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ནུས་བཅས་མུ་མཐུད་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཏིང་ཡེ་ཤན་དང་། ལྕགས་རྭ་བློ་བཟང་བསྟན་འཛིན། མོང་ཏེ་ལི། བདེ་སྐྱིད། ཏུང་མིན་ཅུན། སྤེན་པ་བཀྲ་ཤིས། ཅང་ཅེ་བཅས་ཞིབ་བཤེར་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། འགྲེམས་སྟོན་བྱ་ཡུལ་དུ་ཡུལ་སྐོར་དང་། རིག་གནས། བོད་ལུགས་གསོ་རིག་དང་བོད་སྨན། ཁྱད་ལྡན་ཐོན་རྫས། ཚོང་དོན་སོགས་འགྲེམས་ཁུལ་གསར་པ་བཙུགས་པ་དང་།ས་ཁུལ་དང་གྲོང་ཁྱེར་བདུན་གྱི་འགྲེམས་ཁུལ་དུ་བོད་རུམ་དང་། མངོན་མིན་རིག་གནས་ཤུལ་བཞག རིག་དངོས། ཐང་ག པར་རིས་སོགས་འགྲེམས་སྟོན་རྩེར་སོན་གསར་དུ་བསྣན་པ། ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་དྭངས་གཙང་། རང་བྱུང་འཐུང་ཆུ་སོགས་སྤུས་དག་རྣམ་གྲངས་འབོར་ཆེན་ཞིག་ནང་འདྲེན་བྱས་པ། ནེ་པ་ལའི་ཁེ་ལས་བརྒྱ་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ། ཐོན་རྫས་རིགས་དང་། བྱེད་སྒོའི་གཞི་ཁྱོན། ཞུགས་ཚད་བཅས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

    བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད་བོད་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་དངོས་མང་སྟོན་ཚོགས་འབའ་ཞིག་དང་། བོད་ལྗོངས་གསར་པའི་གཟུགས་བརྙན་གསར་པ་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག ཕྱི་ནང་འགྲོ་འོང་དང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བའི་སྒྱུར་ཆས་གལ་ཆེན་ཞིག་བཅས་ཡིན་པས། བོད་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་ངོས་ནས་བརྗོད་ན། བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུར་གལ་ཆེའི་དོན་སྙིང་ལྡན་ཡོད། མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་བཞིན་ཡོད་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50 འཁོར་བའི་རྟེན་འབྲེལ་ཆེ་མོའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་མ་ཐག་ཡིན་པས། སྐབས་གཉིས་པའི་བོད་ལྗོངས་འགྲེམས་ཚོགས་ཡག་པོ་གཉེར་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་མཛུབ་སྟོན་གནང་བ་རེད།

    གཅིག་ནས“བདག་པོའི་རྣམ་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། ཁྱོན་ཡོངས་ལ་དམིགས་ནས་བྱེད་པོའི་འགན་འཁྲི་འཁུར་སེམས་སྔར་བས་ཆེ་རུ་གཏོང་བ་དང་ཕྱར་བ་གྲུ་འདེགས་དང་རྡོག་རྩ་གཅིག་སྒྲིལ་གྱིས་ལས་གཏོད་ཀྱི་སྤྲོ་སྣང་ལ་བརྟེན་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། སེམས་རྩ་འཁོལ་པོར་བརྟེན་ནས་སྣེ་ལེན་དང་ཞབས་ཞུའི་འགན་སྲུང་ཡག་པོ་བྱེད་པ། ཤེས་དཔལ་ལྡན་ལ་གཙང་སྦྲ་དོད་པའི་ཁོར་ཡུག་ལ་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུ་བ་བཅས་ཀྱི་ཁར། དེའི་ནང་ཞུགས་རྒྱ་ཆེ་རུ་གཏོང་བ་དང་སྦྱིན་བདག་ཡག་པོ་ཞིག་བྱས་ནས་གངས་ལྗོངས་བུ་ཕྲུག་གི་ཡར་བརྩོན་ཆེར་བསྐྱེད་ཀྱི་རྣམ་པ་བཟང་པོ་མངོན་པར་བྱེད་དགོས་པ་དང་།

    གཉིས་ནས“སྤུས་རྟགས་གཏོད་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ལ་གཞི་བཙུགས་ནས། རྒྱུན་འཛིན་ཁྲོད་སྲུང་སྐྱོང་བྱེད་པ་དང་གསར་གཏོད་ཁྲོད་འཕེལ་རྒྱས་བཏང་ནས་ཁྱད་ཆོས་ལྡན་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལམ་བུ་གལ་ཆེན་འཛུགས་སྐྲུན་བྱ་རྒྱུར་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་རྒྱལ་སྤྱིའི་རང་བཞིན་གྱི་གཞི་རྒྱུ་མང་ཙམ་དྲངས་ནས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། “མི་ཡུལ་གྱི་གནས་མཆོག ·མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྤུས་རྟགས་གཏོད་རྒྱུ་དང་སྤུས་རྟགས་དྲིལ་བསྒྲགས་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཁར། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ལྗོངས་འགྲེམས་ཚོགས་དེ་སྐབས་གཅིག་ལས་གཅིག་ངོ་མཚར་ཆེ་བ་དང་སྐབས་གཅིག་ལས་གཅིག་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་ཞིག་གཉེར་ནས་སྤུས་རྟགས་དེ་སྐྱེད་སྲིང་ཡག་པོ་བྱེད་པ་དང་སྤུས་རྟགས་དེ་དངོས་སུ་གཏོད་དགོས་པ།

    གསུམ་ནས“ཕྱོགས་གཉིས་ཀར་དམ་འཛིན་བྱེད་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། སྤུས་རྟགས་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་སྤུས་རྟགས་གཏོད་རྒྱུ་དང་འགྲེམས་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པ་བྱེད་དགོས་པ་དང་། ཡུལ་སྐོར་དང་རིག་གནས་ལ་བརྟེན་ནས་འགྲེམས་ཚོགས་གཉེར་རྒྱུ་དང་ཚོང་དོན་ཚོང་འགུགས་ལ་བརྟེན་ནས་འགྲེམས་ཚོགས་སྟོབས་ཆེར་གཏོང་རྒྱུ་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་སྐུལ་འདེད་གཉིས་དང་མཐོར་གཏོང་གཉིས་ཀྱི་དམིགས་ཚད་དུ་སླེབས་པ་བྱེད་དགོས་པ། འགྲེམས་ཚོགས་ཀྱི་སྟེགས་བུ་དང་དྲ་རྒྱའི་སྟེགས་བུ་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་དྲ་ཐོག་དང་དྲ་འོག་ཏུ་བསྡུ་སྒྲིལ་དང་མཉམ་འགུལ་བྱེད་དགོས་པ། གསར་གཏོད་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་རྒྱུ་དང་ཐོན་ལས་ཀྱི་གྲུབ་ཆ་རིགས་སྒྱུར་རིམ་སྤོར་བྱ་རྒྱུ་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་ཁྲོམ་ར་གཙོ་བོར་བྱ་རྒྱུར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས་པ། འགྲེམས་ཚོགས་རིང་གི་ཕན་འབྲས་དང་འགྲེམས་ཚོགས་རྗེས་ཀྱི་དཔལ་འབྱོར་ཕྱོགས་གཉིས་ཀར་དམ་འཛིན་བྱས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲུབ་འབྲས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་དངོས་དངོས་རྗེན་རྗེན་དུ་འགྱུར་བ་བྱེད་དགོས་པ།

    བཞི་ནས“དམ་བསྒྲགས་རྣམ་པའི”འདུ་ཤེས་ཟབ་ཏུ་གཏོང་དགོས་ཤིང་། “བདེ་འཇགས་ཨང་དང་པོ་དང་ཞི་མཐུན་གོ་རིམ་ལྡན་པ” དང་བདེ་འཇགས་སྲུང་སྐྱོང་ལས་དོན་གྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ཞིབ་ཚགས་སུ་གཏོང་བ། ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། ལས་ཀའི་འགན་འཁྲི་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་ལྗོངས་འགྲེམས་ཚོགས་ཀྱི་བྱེད་སྒོ་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས་པ་བཅས་སོ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།