གྲོང་ཁྱེར་དུ་བཅའ་སྡོད་ཚན་པ་ཁག་དང་། རྒྱ་ཆེའི་གྲོང་མི་མང་ཚོགས། ཡུལ་སྐོར་གྲོགས་པོ་བཅས་ལ།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་བྱེད་སྒོ་དེ་རིང་མིན་ཕོ་བྲང་པོ་ཏ་ལ་ཐང་ཆེན་དུ་སྤེལ་རྒྱུ་ཡིན་པས། སྐབས་འདིར་རྒྱན་སྤྲས་རླངས་འཁོར་དང་མང་ཚོགས་ཁྲོམ་སྐོར་སོགས་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། རྟེན་འབྲེལ་ཚོགས་ཆེན་བདེ་འཇགས་དང་བདེ་བླག་ངང་སྤེལ་རྒྱུ་འགན་སྲུང་བྱ་ཆེད། རང་གྲོང་ཁྱེར་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱི་ཕོ་བྲང་པོ་ཏ་ལའི་ས་ཁོངས་དང་དེ་བཞིན་འབྲེལ་ཡོད་གཞུང་ལམ་འགྲིམ་འགྲུལ་ལ་དུས་དབྱེ་དུམ་དབྱེའི་བཀག་སྡོམ་བྱ་རྒྱུ་ཡིན། ད་ཆ་ཞིབ་ཕྲའི་འགྲིམ་འགྲུལ་བཀག་སྡོམ་དུས་ཚོད་དང་ལམ་དུམ་བུ་ཁ་གསལ་ཞུ་རྒྱུ་སྟེ།
གཅིག ཟླ་9ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16ནས་ཉིན་གཉིས་པའི་མཚན་མོའི་ཆུ་ཚོད་དང་པོ་བར་འཁར་རྔ་གདོང་ལམ(འཁར་རྔ་ཤར་ལམ་ནས་ཅང་སུའུ་ལམ་གྱི་Tདབྱིབས་ལམ་མདོའི་བྱང་ཕྱོགས་ཚུན་ཆད)ལམ་ཧྲིལ་པོ་དང་། གཡུ་ཐོག་ལམ་ཧྲིལ་པོ། པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་བཞི་མདོ་ཁའི་ནུབ་རྒྱུད་ནས་པེ་ཅིང་ལམ་དང་གླིང་སྐོར་ནུབ་ལམ་གྱི་ལམ་མདོའི་བར་གྱི་ལམ་ཧྲིལ་པོ། ཉང་བྲན་ལྷོ་ལམ་ནས་གླིང་སྐོར་ལམ་གྱི་བཞི་མདོ་ཁའི་བར(ཧྥུའུ་ཁང་སྨན་ཁང་གི་བཞི་མདོ་ཁ)ནས་པེ་ཅིང་ལམ་དང་། ཉང་བྲན་ལྷོ་ལམ་གྱི་Tདབྱིབས་ལམ་མདོའི་ལམ་ཧྲིལ་པོ་དང་། བདེ་སྐྱིད་དཀྱིལ་ལམ། བདེ་སྐྱིད་ལྷོ་ལམ་ཧྲིལ་པོ། ནོར་བུ་གླིང་གའི་ལམ་ཧྲིལ་པོ། པེ་ཅིང་ལམ་བཅས་བར། གླིང་སྐོར་ནུབ་ལམ་གྱི་ལམ་མདོ་ནས་ཐན་ཡུས་གསོལ་མགྲོན་ཁང་ལམ་མདོའི་ལམ་ཧྲིལ་པོ་བར་བཅས་ཡིན། རྟེན་འབྲེལ་ཚོགས་ཆེན་གྱི་ཆེད་སྤྱོད་ལག་ཁྱེར་ཡོད་པའི་འཁོར་རིགས་དང་མི་སྣ་ཕུད། འཁོར་རིགས་དང་མི་གཞན་དག་བསྐྱོད་མི་ཆོག་པ་དང་། འཕྲུལ་སྒུལ་འཁོར་ལོ་བཀག་སྡོམ་ཚོད་འཛིན་བྱེད་ཁོངས་ཀྱི་ལམ་བུར་འཇོག་མི་ཆོག་པ་དང་།
གཉིས། ཟླ་9ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་13ནས་ཉིན་དེའི་མཚན་མོའི་ཆུ་ཚོད་12བར་འཁར་རྔ་གདོང་ལམ(འཁར་རྔ་གདོང་ལམ་ནས་ཅང་སུའུ་ལམ་གྱི་Tདབྱིབས་ལམ་མདོའི་བྱང་ཕྱོགས་ཚུན་ཆད)ཧྲིལ་པོ་དང་། གཡུ་ཐོག་ལམ་ཧྲིལ་པོ། པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་བཞི་མདོ་ཁའི་ནུབ་ཕྱོགས་བཅས་ནས་པེ་ཅིང་ལམ་དང་གླིང་སྐོར་ནུབ་ལམ་གྱི་ལམ་མདོ་བར་གྱི་ལམ་ཧྲིལ་པོ་དང་། ཉང་བྲན་ལྷོ་ལམ་དང་གླིང་སྐོར་ལམ་གྱི་བཞི་མདོ་ཁ(ཧྥུའུ་ཁང་སྨན་ཁང་གི་བཞི་མདོ་ཁ)ནས་པེ་ཅིང་ལམ་དང་ཉང་བྲན་ལྷོ་ལམ་གྱི་Tདབྱིབས་ལམ་མདོ་ཧྲིལ་པོ་དང་། བདེ་སྐྱིད་དཀྱིལ་ལམ། བདེ་སྐྱིད་ལྷོ་ལམ་ཧྲིལ་པོ། ནོར་བུ་གླིང་གའི་ལམ་ཧྲིལ་པོ། པེ་ཅིང་ལམ་དང་གླིང་སྐོར་ནུབ་ལམ་གྱི་ལམ་མདོ་ཁ་ནས་ཐན་ཡུས་གསོལ་མགྲོན་ཁང་གི་ལམ་མདོའི་ལམ་ཧྲིལ་པོ་བཅས་བར་ཡིན། རྟེན་འབྲེལ་ཚོགས་ཆེན་གྱི་ཆེད་སྤྱོད་ལག་ཁྱེར་ཡོད་པའི་འཁོར་རིགས་དང་མི་སྣ་ཕུད། རླངས་འཁོར་དང་མི་གཞན་དག་བསྐྱོད་མི་ཆོག་པ་དང་། འཕྲུལ་སྒུལ་འཁོར་ལོ་བཀག་སྡོམ་ཚོད་འཛིན་བྱེད་ཁོངས་ཀྱི་ལམ་བུར་འཇོག་མི་ཆོག
གསུམ། ཟླ་9ཚེས་8ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་ཉིན་གུང་ཆུ་ཚོད་12བར་འཁར་རྔ་གདོང་ལམ(འཁར་རྔ་གདོང་ལམ་དང་ཅང་སུའུ་ལམ་གྱིTདབྱིབས་ལམ་མདོའི་བྱང་ཕྱོགས)གྱི་ལམ་ཧྲིལ་པོ་དང་། གཡུ་ཐོག་ལམ་ཧྲིལ་པོ། པེ་ཅིང་ལམ་དང་རྡོ་སེང་གེ་ལམ་གྱི་བཞི་མདོ་ཁའི་ནུབ་ཕྱོགས་ནས་པེ་ཅིང་ལམ་དང་མི་རིགས་ལམ(ལྷ་ས་གསོལ་མགྲོན་ཁང་གི་བཞི་མདོ་ཁ)ཤར་ཕྱོགས་བར་གྱི་ལམ་ཧྲིལ་པོ། ཉང་བྲན་ལྷོ་ལམ་དང་གླིང་སྐོར་ལམ་གྱི་བཞི་མདོ་ཁ(ཧྥུའུ་ཁང་སྨན་ཁང་གི་བཞི་མདོ་ཁ)ནས་པེ་ཅིང་ལམ་དང་ཉང་བྲན་ལྷོ་ལམTདབྱིབས་ལམ་མདོའི་བར་གྱི་ལམ་ཧྲིལ་པོ། གླིང་སྐོར་ནུབ་ལམ་ཧྲིལ་པོ(ལྗོངས་སྲིད་གྲོས་ལམ་མདོ་ནས་ཟངས་གཡག་སྤྱི་གླིང་བར) བདེ་སྐྱིད་དཀྱིལ་ལམ། བདེ་སྐྱིད་ལྷོ་ལམ་ཧྲིལ་པོ། ནོར་བུ་གླིང་ཁའི་ལམ་ཧྲིལ་པོ། རྒྱ་མཚོ་ལམ་དང་མི་རིགས་དཀྱིལ་ལམTདབྱིབས་ལམ་མདོ(ནེ་པ་ལའི་ཁེ་སྐྱོང་ཁང)ནས་མི་རིགས་ལམ་དང་པེ་ཅིང་ལམ(ལྷ་ས་གསོལ་མགྲོན་ཁང་གི་བཞི་མདོ་ཁ)གྱི་བཞི་མདོ་ཁ་བར་གྱི་ལམ་ཧྲིལ་པོ་བཅས་བར་ཡིན། རྟེན་འབྲེལ་ཆེ་མོའི་ཆེད་སྤྱོད་ལག་ཁྱེར་ཡོད་པའི་རླངས་འཁོར་དང་མི་སྣ་ཕུད། འཁོར་རིགས་དང་མི་གཞན་དག་བསྐྱོད་མི་ཆོག་པ་དང་འཕྲུལ་སྒུལ་འཁོར་རིགས་བཀག་སྡོམ་བྱེད་ཁོངས་ཀྱི་ལམ་བུར་འཇོག་མི་ཆོག
བཞི། གྲོང་ཁྱེར་ཏང་སྲིད་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། ཚོགས་པ་སོགས་ཚན་པ་ཁག་གིས་སོ་སོའི་ཚན་པའི་འཁོར་རིགས་ལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རྟེན་འབྲེལ་ཆེ་མོའི་ཉིན་དེར་རྟེན་འབྲེལ་ཆེ་མོའི་བྱེད་སྒོར་ཞུགས་མཁན་མིན་པའི་ཚན་པའི་རླངས་འཁོར་འགྲོ་སྐྱོད་བྱེད་ཚད་ཉུང་དུ་གཏོང་བ་དང་ཆབས་ཅིག་ལས་བཟོར་སྤྱི་སྤྱོད་རླངས་འཁོར་གྱི་འགྲིམ་འགྲུལ་ཡོ་བྱད་སྤྱད་དེ་འགྲོ་སྐྱོད་བྱ་རྒྱུའི་བླང་བྱ་འདོན་དགོས།
ལྔ། འགྲོ་སྐྱོད་བྱེད་མི་ཆོག་པའི་དུས་བཀག་ནང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཕོ་བྲང་པོ་ཏ་ལ་དང་། ལྕགས་པོ་རི། ཀུན་བདེ་གླིང་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལས་གཡོལ་ནས་འགྲོ་དགོས།
དྲུག འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་འཕྲུལ་སྒུལ་འཁོར་རིགས(འཕྲུལ་སྒུལ་འཁོར་རིགས་མིན་པ)བཀག་སྡོམ་ས་ཁོངས་སུ་སྐྱོད་མི་ཆོག་པའམ་ཡང་ན་གཡོལ་ནས་འགྲོ་དགོས།
རྒྱ་ཆེའི་མང་ཚོགས་ཀྱིས་རང་རྟོགས་ངང་འགྲིམ་འགྲུལ་བཀག་སྡོམ་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་འགྲོ་སྐྱོད་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་ཤིང་། ཁྱེད་རྣམ་པར་སྟབས་མི་བདེ་བ་བྱུང་རིགས་དགོངས་བཞེས་ཡོད་པ་ཞུ།
2015ལོའི་ཟླ་9ཚེས་1ཉིན།