དབུ་ཤོག>སྲིད་དོན།
  • ​ བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-08-31

    ཚེས་29ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་13པ་འཚོགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པར་སླེབས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་དང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་པས་བོད་ཀྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་བརྒྱུད་རིམ་ནང་ལོ་རྒྱུས་རང་བཞིན་གྱི་ནུས་པ་ཐོན་ངེས་ཡིན་པ་དང་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་པས་ང་ཚོས་ངེས་པར་དུ་ངོས་འཛིན་དང་། སློབ་སྦྱོང་། ཁོང་དུ་ཆུད་པ་བཅས་བྱས་ནས་དམ་འཛིན་ཡག་པོ་དང་། ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས་པ་སྟེ།

    གཅིག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ལྗོངས་ཏང་ཨུད་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུའི་བླང་བྱ་དང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཏན་ཏིག་བྱེད་དགོས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་མྱུར་སྤེལ། དམ་འཛིན་དོན་འཁྱོལ་བཅས་བྱེད་དགོས།

    གཉིས་ནས་སློབ་སྦྱོང་ནན་ཏན་བྱེད་དགོས་ཤིང་། རིམ་ཁག་སྲིད་གཞུང་དང་རིམ་ཁག་སྡེ་ཚན་གྱིས་སློབ་སྦྱོང་འཆར་གཞི་བཟོས་ཏེ་གཅིག་སྡུད་སློབ་སྦྱོང་དང་། རང་སྦྱོང་། ཆེད་དོན་ཟུར་ཁྲིད་སོགས་ཀྱི་རྣམ་པར་བརྟེན་ནས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་མཐར་ཕྱིན་པ་བྱེད་པ་དང་། རིམ་ཁག་ལས་བྱེད་ལས་བཟོ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འགོ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་སྔོན་ནས་སློབ་སྦྱོང་བྱེད་པ། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་རྣམ་པ་སྣ་ཚོགས་དང་གསོན་ཉམས་ལྡན་ལ་འཁྲུག་ཆ་དོད་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་ཏེ་ཚོགས་འདུའི་དགོངས་དོན་ཚང་མས་ཤེས་པ་དང་མི་སེམས་སུ་ཟུག་པ་བཅས་བྱེད་དགོས།

    གསུམ་ནས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། ཁོང་དུ་ཡག་པོ་ཆུད་པ། ལག་བསྟར་ཡག་པོ་བཅས་བྱ་རྒྱུ་དེ་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་དོན་འཁྱོལ་དང་འབྲེལ་བ་ཡོད་པ་དང་། བོད་དུ་ཏང་གི་སྲིད་འཛིན་རྨང་གཞི་དང་འབྲེལ་བ་ཡོད་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པས་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་ཁོང་དུ་གཏིང་ཟབ་ཆུད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་ཁོང་དུ་གཏིང་ཟབ་ཆུད་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་རྩ་དོན་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་དམིགས་བསལ་སྲིད་ཇུས་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱེད་དགོས།

    བཞི་ནས་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཤིང་། ལྗོངས་ཏང་ཨུད་རྒྱུན་ཨུའི(རྒྱ་ཆེའི)ཚོགས་འདུའི་ཐོག་བཏོན་པའི“རྣམ་པ་གསར་པ་བརྒྱད་གཏོད་དགོས་པའི”བླང་བྱ་གཞིར་བཟུང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་གཞི་འཛིན་ས་དང་ཤུགས་རྒྱག་སའི་ཐད་འབད་བརྩོན་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་འགོ་འཛུགས་ས་དང་དོན་ལ་བབ་སའི་ཐད་འབད་བརྩོན་བྱེད་པ། ཁྱད་ལྡན་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་གཙོ་གནད་གསུམ་དམ་འཛིན་ཡག་པོ་བྱེད་པའི་ཐད་འབད་བརྩོན་བྱས་ཏེ། དེ་བས་སྙིང་སྟོབས་ཆེར་བསྐྱེད་དང་དེ་བས་འབད་འབུངས་ཡར་བརྩོན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་གྱི་མཛུབ་ཁྲིད་འོག་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།